Tibetan Royal Year of 2151 | Year of the Wood Dragon

ARCHIVE

Monthly Archives: November, 2021

ལྕམ་ PengShuai ཡི་ལྟར་༸པཎ་ཆེན་རིན་པོ་ཆེ་མཆོག་བདེ་ཐང་ཡིན་པའི་དཔང་རྟགས་མཁོ་སྤྲོད་བྱེད་དགོས།

ཉེ་ཆར་རྒྱལ་སྤྱིའི་ཨོ་ལམ་པིཀ་རྩེད་འགྲན་ལྷན་ཚོགས་ཀྱི་འགན་འཛིན་དང་རྒྱ་ནག་གི་ཊེ་ནི་སི་རྩེད་འགྲན་པ་གྲགས་ཅན་ལྕམ་ Peng Shuai ལགས་རྣམ་གཉིས་དབར་བརྙན་འཕྲིན་བརྒྱུད་གླེང་མོལ་བྱུང་སྟེ་ཁོ་མོ་བདེ་ཐང་ཡིན་པའི་གནས་ཚུལ་ཞིག་ཕྱིར་བསྒྲགས་བྱུང་བའི་ཁྲོད་འདིར་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་རྣམས་ཀྱིས་དེ་སྔ་གར་སོང་ཆ་མེད་དུ་གྱུར་བའི་ལྕམ་ Pen Shuai ལགས་ཀྱི་གནས་སྟངས་དང་ཆུང་སྲིད་༸པཎ་ཆེན་རིན་པོ་ཆེ་མཆོག་གི་གནད་དོན་གཉིས་མཚུངས་བསྡུར་གྱིས་རིན་པོ་ཆེ་མཆོག་ཀྱང་བདེ་ཐང་ཡིན་པའི་དཔང་རྟགས་མཁོ་སྤྲོད་བྱེད་དགོས་པའི་ནན་བརྗོད་གནང་བཞིན་འདུག ལྕམ་ Peng Shuai ལགས་ཀྱིས་རྒྱ་ནག་གི་དམར་ཤོག་ཚོགས་པའི་འགོ་ཁྲིད་ཤིག་གིས་ཁོ་མོར་བཙན་ཤེད་ཀྱིས་འཁྲིག་སྤྱོད་བྱས་པའི་བྱ་སྤྱོད་ཐེར་འདོན་གྱིས་གནས་ཚུལ་ཕྱིར་བསྒྲགས་བྱས་པའི་རྗེས་སུ་ཁོང་བདུན་ཕྲག་གསུམ་ཙམ་གྱི་རིང་ལ་གར་སོང་ཆ་མེད་དུ་གྱུར་ནས་བེུད་ཀྱི་ཊེ་ནི་སི་ཚོགས་པ་གཙོས་རྒྱལ་སྤྱིའི་ཨོ་ལམ་པིཀ་རྩེད་འགྲན་ཚོགས་པ་བཅས་ནས་ཁོ་མོའི་བདེ་འཇགས་དང་གར་ཡོད་ཀྱི་གནས་སྟངས་ཇི་ཆགས་སོགས་ཀྱི་ཐད་ཆེས་བློ་འཚབ་གནང་བཞིན་པའི་འཚམས་འདིར་གཟའ་འཁོར་སྔོན་མའི་རེས་གཟའ་ཉི་མའི་ཉིན་རྒྱལ་སྤྱིའི་ཨོ་ལམ་པིཀ་རྩེད་འགྲན་ལྷན་ཚོགས་ཀྱིས་གསལ་བསྒྲགས་ཤིག་སྤེལ་ཏེ་ལྷན་ཚོགས་ཀྱི་འགན་འཛིན་སྐུ་ཞབས་ Thomas Bach ལགས་དང་ལྕམ་ Peng shuai དབར་རེས་གཟའ་ཉི་མའི་ཉིན་བརྙན་འཕྲིན་བརྒྱུད་ཚོུད་ཕྱེད་ཀ་ལྷག་གི་རིང་གླེང་མོལ་བྱུང་ཡོད་པ་དང་སྐབས་དེར་ Peng Shuai ལགས་ཀྱིས་ཁོང་བདེ་ཐང་ངང་གནས་ཡོད་པར་འགྲེལ་བརྗོད་དང་འབྲེལ། ཁོ་མོའི་དོན་དུ་རྒྱལ་སྤྱིའི་ཨོ་ལམ་པིཀ་རྩེད་འགྲན་ཚོགས་ཆུང་གིས་བློ་འཚབ་གནང་བར་ཐུགས་རྗེ་ཆེ་ཞེས་གསུངས་པ་མ་ཟད། ཁོང་ད་ཆ་རྒྱལ་ས་པེ་ཅིང་གི་རང་ཁྱིམ་དུ་བདེ་ཐང་ངང་གནས་ཡོད་པས་མང་ཚོགས་ཀྱི་ངོས་ནས་ཁོང་སྒེར་གྱི་རང་དབང་ལ་བརྩི་བཀུར་བྱེད་དགོས་པའི་འབོད་སྐུལ་བྱས་ཡོད་སྐོར་འགྲེལ་བརྗོད་གནང་འདུག ད་རེས་ལྕམ་ Peng Shuai ལགས་ཀྱིས་གློ་བུར་དུ་རྒྱལ་སྤྱིའི་ཨོ་ལམ་པིཀ་རྩེད་འགྲན་ལྷན་ཚོགས་ཀྱི་འགན་འཛིན་ལ་ཁོང་བདེ་ཐང་ངང་རང་ཁྱིམ་དུ་གནས་ཡོད་སྐོར་གསུངས་པའི་བརྙན་འཕྲིན་ཞིག་ཕྱིར་བསྒྲགས་བྱུང་ཡོད་པའི་གནས་ཚུལ་ཐོན་འཕྲལ་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པ་གཙོས་ཚོགས་སྒེར་ཁག་གིས་གནད་དོན་དེར་མུ་མཐུད་དོགས་གཞི་ཆེན་པོ་གནང་བཞིན་པ་མ་ཟད། བོད་མི་དང་བོད་དོན་རྒྱབ་སྐྱོར་བ་རྣམས་ཀྱིས་སྤྱི་ཚོགས་དྲ་ལམ་ཁག་ཏུ་ལྕམ་ Peng Shuai ཡི་གནད་དོན་དང་འབྲེལ་རྒྱ་གཞུང་གིས་བཙན་ཁྲིད་བྱས་ནས་གར་སོང་ཆ་མེད་དུ་སོང་སྟེ་མི་ལོ་ ༢༦ ཧྲིལ་པོ་འཁོར་བ་༸ཀུན་གཟིགས་༸པཎ་ཆེན་སྐུ་ཕྲེང་བཅིུག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་གནད་དོན་འབུར་བཏོན་གནང་སྟེ་རྒྱ་གཞུང་ལ་རིན་པོ་ཆེ་མཆོག་བདེ་ཐང་ངང་བཞུགས་ཡོད་པའི་དཔང་རྟགས་མཁོ་སྤྲོད་བྱེད་དགོས་པའི་འབོད་སྐུལ་ཞུ་བཞིན་འདུག བཞུགས་སྒར་དུ་རྟེན་གཞི་བྱས་པའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་གཙོས་པའི་བོད་མི་ཁག་ཅིག་གིས་རང་ཉིད་ཀྱི་ Twitter དྲ་ལམ་ཐོག་ད་རེས་རྒྱ་ནག་དམར་ཤོག་ཚོགས་པའི་ངོས་ནས་གར་སོང་ཆེད་དུ་ཕྱིན་པའི་རྒྱ་ནག་གི་ཊེ་ནི་སི་རྩེད་འགྲན་པ་གྲགས་ཅན་ལྕམ་ Peng Shuai ལགས་ཀྱི་གནད་དོན་བཏང་འཛིན་བྱེད་ཕྱོགས་དེས་རྒྱ་གཞུང་གི་བཙན་གནོན་འོག་ལོ་ངོ་སུམ་ཅུའི་རིང་གར་སོང་ཆ་མེད་དུ་གྱུར་བའི་༸པཎ་ཆེན་རིན་པོ་ཆེ་མཆོག་གི་གནད་དོན་དང་གཅིག་མཚུངས་ཡིན་པར་མངོན་གསལ་གྱིས་འགྲེལ་བརྗོད་དང་སྦྲགས། རིན་པོ་ཆེ་མཆོག་དང་ལྕམ་ Peng Shuai གཉིས་ད་ཆ་གང་དུ་ཡོད་མེད་ཀྱི་འདྲི་རྩད་གནང་འདུག ལྷག་དོན་ཨ་རིར་རྟེན་གཞི་བྱས་པའི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པས་སྐུ་ཞབས་ Bach ལགས་དང་ལྕམ་ Peng Shuai དབར་བྱུང་བའི་བཀའ་མོལ་དེའི་ནང་ཁོ་མོ་བདེ་ཐང་ཡིན་པ་ཙམ་མ་གཏོགས་བརྙན་འཕྲིན་གྱི་ལས་རིམ་དེ་གོ་སྒྲིག་གང་འདྲ་་གནང་མིན་སྐོར་ལ་གང་ཡང་འཁོད་མེད་ཅེས་གསུངས་ཏེ་རྒྱ་གཞུང་ནས་ཁོ་མོའི་གནད་དོན་ཐད་རང་དབང་དང་ཕྱི་གསལ་ནང་གསལ་གྱི་རྟོག་ཞིབ་གནང་འཇུག་དགོས་ཞེས་གསུངས་འདུག

སྐབས་ ༡༧ པའི་སྤྱི་འཐུས་གསར་ཕེབས་རྣམས་ལ་ཟབ་སྦྱོང་དབུ་འཛུགས།

དེ་རིང་བཞུགས་སྒར་ཉེ་འཁྲིས་ Angels Inn གསོལ་མགྲོན་ཁང་དུ་སྐབས་ ༡༧ པའི་སྤྱི་འཐུས་གསར་ཕེབས་རྣམས་ལ་ཉིན་གྲངས་ལྔ་རིང་གི་ཟབ་སྦྱོང་དབུ་འཛུགས་གནང་སོང་། བོད་མིའི་སྒྲིག་འཛུགས་ཀྱི་ཚོགས་དྲུང་ལས་ཁུངས་ཀྱི་གོ་སྒྲིགས་འོག་དེ་རིང་ནས་སྐབས་ ༡༧ པའི་སྤྱི་འཐུས་གསར་ཕེབས་རྣམས་ལ་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་འདུའི་འགྲོ་ལུགས་དང་ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་གཞི་ངོ་སྤྲོད། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་བྱུས་དབུ་མའི་ལམ། བོད་རྒྱ་འབྲེལ་མོལ། བཙན་བྱོལ་བོད་མིའི་གཞུང་དངུལ་འདུ་འགོད་དང་ལོ་འཁོར་སྔོན་རྩིས་དང་འབྲེལ་བའི་སྒྲིག་གཞི་ཁག་ངོ་སྤྲོད་བཅས་ཀྱི་ཉིན་གྲངས་ལྔ་རིང་གི་ཟབ་སྦྱོང་དབུ་འཛུགས་གནང་ཡོད། གསར་འགོད་པས་ཚོགས་དྲུང་ཚེ་དབང་དངོས་གྲུབ་ལགས་སུ་ཐེངས་འདིའི་ཟབ་སྦྱོང་སྐོར་ལ་བཀའ་འདྲི་ཞུས་པར་ཁོང་གིས་ད་ལན་ཏོག་དབྱིབས་གཉན་རིམས་སོགས་ཀྱི་གནས་སྟངས་རྐྱེན་གྱིས་དངོས་སུ་ཟབ་སྦྱོང་ཐོག་ཕེབས་ཐུབ་མཁན་སྤྱི་འཐུས་ ༡༢ ཡོད་པ་དང་སྤྱི་འཐུས་གཞན་རྣམས་དྲ་རྒྱའི་ལམ་ནས་ཟབ་སྦྱོང་ནང་མཉམ་ཞུགས་གནང་གི་ཡོད་པ་དང་། ཉིན་གྲངས་ལྔ་རིང་གི་ཟབ་སྦྱོང་ཐོག་སྤྱི་འཐུས་ཚོགས་གཙོ་ཚོགས་གཞོན་རྣམ་གཉིས་དང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་བཅས་ནས་ཟབ་ཁྲིད་གནང་གི་ཡོད་པ་ཟད་བོད་མིའི་སྒྲིག་འཛུགས་ཀྱི་ལྷན་ཁང་ཁག་དང་དེ་དག་གི་ལས་དོན་བྱེད་ཕྱོགས་སྐོར་ངོ་སྤྲོད་ཀྱི་ལས་རིམ་གསར་འཇུག་གནང་ཡོད་པར་གསུངས་ཡོད།

རེས་གཟའ་མིག་དམར། ༢༠༢༡།༡༡།༢༣

ཉན་པ།: Listen ཕབ་ལེན། Download ཨོ་རྩལ་འགྲན་ཚོགས་ཀྱི་གོང་དུ་རིན་ཆེན་ཚུལ་ཁྲིམས་ཀྱི་གཙོས་པའི་ཆབ་སྲིད་བཙོན་པ་ལྔ་གྲོད་གྲོལ་གཏོང་དགོས་པའི་ཞུ་སྐུལ། ལྕམ་ Penag Shuai ཡི་གནད་དོན་ལྟར་༸པཎ་ཆེན་རིན་པོ་ཆེ་མཆོག་བདེ་ཐང་ཡིན་པའི་དཔང་རྟགས་མཁོ་སྤྲོད་དགོས། སྐབས་ ༡༧ པའི་སྤྱི་འཐུས་གསར་ཕེབས་རྣམས་ལ་ཟབ་སྦྱོང་དབུ་འཛུགས། ཨ་རིའི་མཚོ་དམག་གི་སྤྱི་ཁྱབ་ཀྱིས་རྒྱ་ནག་གི་ཉེན་ཁར་གདོང་ལེན་ཆེད་དཔུང་པ་མཉམ་སྒྲིག་དགོས་པའི་ཞུ་འབོད། གླུ་གཞས་ལས་རིམ། དབྱིན་ཡུལ་ནང་གི་ལོ་ཆུང་བོུ་གཅེན་གཅུང་གཉིས་ངོ་སྤྲོད་དང་ཁོང་གཉིས་ཀྱིས་བླངས་པའི་གླུ་གཞས་ཕྱོགས་བསྒྲིགས། Tuesday 23/11/2021 Free the Five: Rights group urges release of five prisoners ahead Winter Olympics Tibetans demands whereabout of Panchen Lama as concerns persist over Peng Tibetan Parliament holds workshop for new MPs Top US admiral warns about China threat at Halifax forum MUSIC FEATURE: ‘Phayul Bhoe’ Yin by sister duo Choenyi and Choekyi

ཨནྡྲ་མངའ་ཁུལ་དུ་ཆར་ཞོད་དཀའ་ངལ་འཕྲད་བཞིན་པ་རྣམས་ལ་ཐུགས་གསོ་མཛད་པ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས། རྒྱ་གར་ལྷོ་ཕྱོགས་ Andhra Pradesh མངའ་ཁུལ་དུ་ཆར་ཤོད་འོག་ཁུལ་དེའི་མི་རྒྱུ་གཉིས་ཀར་དཀའ་ངལ་ཆེན་པོ་འཕྲད་བཞིན་པར་ཐུགས་འཚབ་དང་སྦྲགས། མགོན་པོ་མཆོག་ནས་གོད་ཆག་ཕོག་མཁན་རྣམས་ལ་གདུང་སེམས་མཉམ་བསྐྱེད་མཚོན་ཆེད་ཏཱ་ལའི་བླ་མའི་དགེ་རྩ་ནས་ཕྱག་དངུལ་གསོལ་བསྩལ་མཛད་རྒྱུ་དང་དཀའ་སྡུག་མྱོང་བཞིན་པ་རྣམས་ཀྱི་ཆེད་དུ་ཐུགས་སྨོན་མཛད་བཞིན་ཡོད་པར་བཀའ་སྩལ་འདུག རྩ་བའི་འདས་པའི་བདུན་ཕྲག་ཁ་ཤས་ནང་དུ་རྒྱ་གར་ལྷོ་ཕྱོགས་མངའ་སྡེ་ཁག་ཅིག་ཏུ་དྲག་ཆར་རླུང་འཚུབ་ཀྱི་དཀའ་ངལ་ཆེན་པོ་འཕྲད་བཞིན་པའི་ཁྲོད། འདས་པའི་ཉིན་ཤས་ནང་ Andhra Pradesh མངའ་ཁུལ་གྱི་ Chitoor དང་ Kadapa གཙོས་པའི་ Anantpur རྫོང་ཁག་ཏུ་ཁ་སང་བར་མི་སྟོང་ཕྲག་ ༢༠ ཙམ་ས་གནས་གཞན་དུ་གནས་སྤོར་བྱེད་དགོས་བྱུང་བ་དང་། མི་ ༢༥ ཙམ་འདས་གྲོངས་སུ་གྱུར་བ། དེ་བཞིན་མི་ ༣༠ ལྷག་གར་སོང་ཆ་མེད་དུ་གྱུར་བའི་ཡིད་སྐྱོའི་གནས་ཚུལ་བྱུང་ཡོད་པ་རེད། ༸དཔལ་ལྡན་དགའ་ལྡན་ཕོ་བྲང་ཡིག་ཚང་གི་དྲ་གནས་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཁ་སང་ Andhra Pradesh མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་ Y S Jagan Mohan Reddy མཆོག་གི་མཚན་ཐོག་ལ་ཐུགས་གསོའི་བཀའ་ཡིག་ཞིག་སྩལ་ཡོད་པའི་ནང་དུ་ད་ལྟ་མངའ་སྡེའི་ནང་དུ་དྲག་ཆར་གྱི་གོད་ཆག་འབྱུང་བཞིན་པར་ཐུགས་འཚབ་དང་འབྲེལ། བློན་ཆེན་མཆོག་གིས་དབུས་པའི་ཆར་ཤོད་འོག་འདས་གྲོངས་སུ་ཕྱིན་པའི་ཤུལ་ལུས་ནང་མི་རྣམས་དང་དཀའ་ངལ་འོག་ཚུད་པ་ཚང་མར་ཐུགས་གསོ་མཛད་པ་མ་ཟད་ཐུགས་སྨོན་མཛད་བཞིན་ཡོད་པར་བཀའ་སྩལ་འདུག མགོན་པོ་མཆོག་གིས་མངའ་སྡེ་གཞུང་དང་རྒྱལ་ཡོངས་གོད་ཆག་མྱུར་སྐྱོབ་ཚོགས་པ་སོགས་ནས་མྱུར་སྐྱོབ་དང་ངལ་སེལ་གྱི་ཕྱག་ལས་ཁྱད་དུ་འཕགས་པ་གནང་བཞིན་པར་བསྔགས་བརྗོད་དང་འབྲེལ། Andhra Pradesh མངའ་སྡེའི་མང་ཚོགས་ལ་གདུང་སེམས་མཉམ་བསྐྱེད་མཚོན་ཕྱིར་ཏཱ་ལའི་བླ་མའི་དགེ་རྩ་ནས་ཕྱག་དངུལ་གསོལ་བསྩལ་མཛད་རྒྱུ་དང་དཀའ་སྡུག་མྱོང་བཞིན་པ་རྣམས་ཀྱི་ཆེད་དུ་ཐུགས་སྨོན་མཛད་བཞིན་ཡོད་པར་བཀའ་སྩལ་འདུག ༸གོང་ས་མཆོག་གིས་ཐུགས་གསོའི་བཀའ་ཡིག་དེའི་ནང་ད་དུང་མགོན་པ་མཆོག་དེ་སྔ་ Andhra མངའ་སྡེ་ནང་དུ་ཆིབས་བསྒྱུར་ཐེངས་ཁ་ཤས་མཛད་མྱོང་ཡོད་པའི་ཁྲོད། ཕྱི་ལོ་ ༢༠༠༦ ལོར་ Amravati དུ་དུས་འཁོར་དབང་ཆེན་བསྩལ་ཡོད་པ་མ་ཟད། Guntur རྫོང་ཁུལ་གྱི་ Nagarjunakonda ས་གནས་སུ་གནས་གཟིགས་ཀྱང་མཛད་ཡོད་སྐོར་བཀའ་སྩལ་དང་འབྲེལ། སྐབས་དེར་མངའ་སྡེའི་་གཞུང་གི་ངོས་ནས་དད་ལྡན་ཆོས་ཞུ་བ་སྟོང་ཕྲག་མང་པོར་མཐུན་འགྱུར་གང་ལེགས་སྦྱར་ཡོད་པ་ད་ལྟ་ཡང་བཀའ་དྲིན་ཆེན་པོ་དགོངས་བཞིན་ཡོད་ཅེས་བཀའ་སྩལ་འདུག  

རེས་གཟའ་ཟླ་བ། ༢༠༢༡།༡༡།༢༢

ཉན་པ།: Listen ཕབ་ལེན། Download ༸གོང་ས་མཆོག་གིས་ Andhra མངའ་སྡེའི་ནང་དྲག་ཆར་གྱིས་གོད་ཆག་ཕོག་པར་་ཐུགས་སྨོན། རྒྱ་གཞུང་གིས་ཨེ་ཤེ་ཡའི་ནང་ཆུའི་དམག་འཁྲུག་གྲ་སྒྲིག་བྱ་སྲིད་པ་མངོན་གསལ། འབུམ་རམས་པ་རྣམ་རྒྱལ་ཆོས་སྒྲུབ་ལགས་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་དུ་བསྐོ་གཞག བོད་ཀྱི་ལོ་རྒྱུས་བགྲོ་གླེང་ཚོགས་འདུ་ཐེངས་དང་པོ་སྐོང་ཚོགས། དབྱིན་ཡུལ་གྱིས་རྒྱ་ནག་གི་ཨོ་རྩེད་་འགྲན་ཚོགས་ལ་གཞུང་འབྲེལ་སྐུ་ཚབ་གཏང་མིན་དགོངས་བཞེས་གནང་བཞིན་པ། བོད་ཀྱི་ཚོང་ལས་བདེ་ཚོགས་ཀྱི་ལོ་འཁོར་ཚོགས་ཆེན་དང་རྒྱུན་ལས་གསར་འདེམས། Monday 22/11/2021 HHDL writes to Andhra CM, expresses grief over deaths due to floods China could be preparing for 'water war' in Asia Dr. Namgyal Choedup appointed Dalai Lama’s new Representative to North America TPI hosts panel discussion on prominent historical figures of Tibet Boris Johnson ponders boycott of China’s Winter Olympics Tibetan Chamber of Commerce holds 15th General Body Meet

བོད་ཀྱི་ཚོང་ལས་བདེ་ཚོགས་ཀྱི་ལོ་འཁོར་ཚོགས་ཆེན་དང་རྒྱུན་ལས་གསར་འདེམས།

ཪེས་གཟའ་སྤེན་པའི་ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ India Habitat ལྟེ་གནས་ཁང་དུ་བོད་ཀྱི་ཚོང་ལས་བདེ་ཚོགས་ཀྱི་སྐབས་ ༡༥ པའི་ལྷན་ཚོགས་བསྐྱངས་ཡོད་པ་དང་ཚོགས་མི་གྲངས་ ༥༠ ལྷག་འདུ་འཛོམས་ཀྱིས་སྐབས་ ༦ པའི་རྒྱུན་ལས་གསར་འདེམས་གནང་འདུག གསར་དུ་འདེམས་ཐོན་བྱུང་བའི་རྒྱུན་ལས་མི་གྲངས་དགུ་བྱུང་ཡོད་པའི་ཁོངས་ནས་ཚོགས་གཙོར་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་གཞིས་ཆགས་ཀྱི་བཀྲིས་དབང་འདུས་ལགས་དང་རྒྱུན་ལས་མི་གྲངས་ ༨ གསར་འདེམས་བྱུང་བའི་ཁོངས་སུ་མི་གྲངས་ ༥ ལྡི་ལི་ཁུལ་དུ་གནས་སྡོད་བྱེད་མཁན་དང་། ༡ བལ་ཡུལ། ༡ རྒྱ་གར་བྱང་ཤར་རྡོ་རྗེ་གླིང་། ༡ བཞུགས་སྒར་རྡ་རམ་ས་ལ་ནས་ཡིན་པ་དང་། ད་ལྟའི་ཆར་ཚོགས་གཙོ་མ་གཏོགས་གཞན་རྒྱུན་ལས་ཚོའི་ལས་འགན་ཐུགས་གཏན་འཁེལ་མི་འདུག གཞི་རྩའི་བོད་ཀྱི་ཚོང་ལས་བདེ་ཚོགས་དེ་ནི་ཕྱི་ལོ་ ༡༩༩༥ ལོར་བཙན་བྱོལ་ནང་གི་བོད་པའི་རུམ་གདན་བཟོ་གྲྭ་དང་མགྲོན་ཁང་། ཕྱིའི་ཚོང་པ། འགྲིམ་འགྲུལ་ཚོང་ལས་བཅས་ཀྱི་ཚོང་པ་ཆེ་ཁག་རྣམས་ལྷན་འཛོམས་ཀྱི་ཐོག་ནས་མ་འོངས་པར་རྒྱལ་སྤྱིའི་ནང་བོད་པའི་ཚོང་པ་ཕན་ཚུན་བར་མཐུན་འབྲེལ་གོང་འཕེལ་དང་། ལྷག་པར་དུ་ཚོང་ལས་ཀྱི་གོ་སྐབས་གསར་སྐྲུན་ཡོང་ཐབས་བཅས་ལ་དམིགས་ཏེ་ཚོགས་པ་དེ་གསར་འཛུགས་གནང་བ་ཞིག་ཡིན་པ་རེད། ཚོང་ལས་བདེ་ཚོགས་ལ་ཐོག་མར་ཚོགས་མི་གྲངས་ ༣༠༠ ལྷག་ཡོད་ཀྱང་ད་ཆ་ཚོགས་མི་གྲངས་ ༡༠༠ ལྷག་ཙམ་མ་གཏོགས་མེད་པ་རེད་འདུག མཛད་སྒོ་ཐོག་སྐབས་ ༥ པའི་ཚོགས་གཙོའི་ངོས་ནས་ཏོག་དབྱིབས་ནད་ཡམས་རྐྱེན་གྱིས་བོད་མིའི་ཚོང་པ་མང་པོར་གྱོང་གུད་ཕོག་སྟེ་ཚོང་ལས་སྒོ་བརྒྱབ་དགོས་པའི་དཀའ་ངལ་འཕྲད་ཡོད་པ་དང་། བོད་མིའི་ཚོང་ལས་བདེ་ཚོགས་ཀྱི་ཚོགས་མིའི་གྲངས་འབོར་ཡང་ཇེ་ཉུང་དུ་འགྲོ་བཞིན་ཡོད་སྟབས། རྒྱུན་ལས་གསར་པའི་ངོས་ནས་མ་འོངས་པར་གནད་དོན་དེ་ཚོའི་ཐོག་དམིགས་བསལ་ཐུགས་འགན་བཞེས་དགོས་སྐོར་སོགས་ཀྱི་དགོངས་ཚུལ་གསུངས་འདུག

རེས་གཟའ་ཉི་མ། ༢༠༢༡།༡༡།༢༡

ཉན་པ།: Listen ཕབ་ལེན། Download བོད་དང་ཧཱི་མ་ལ་ཡ། སྨན་པ་ཚེ་རིང་བཀྲིས་ལགས་དང་ལྷན་བོད་དང་སྤི་ཏིའི་དབར་གྱི་འབྲེལ་བའི་སྐོར་གླེང་མོལ། Sunday 21/11/2021 Tibet and the Himalayas: Dr. Tsering Tashi on Spiti and Tibet relations

འབུམ་རམས་པ་རྣམ་རྒྱལ་ཆོས་སྒྲུབ་ལགས་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་དུ་བསྐོ་གཞག་གནང་བ།

བོད་མིའི་སྒྲིག་འཛུགས་ཀྱི་བཀའ་ཤག་གིས་ཨ་རིར་གནས་བཞུགས་འབུམ་རམས་པ་རྣམ་རྒྱལ་ཆོས་སྒྲུབ་ལགས་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་གསར་པར་བསྐོ་གཞག་གནང་འདུགཁོང་གིས་དེ་སྔ་རྒྱ་གར་ལྷོ་ཕྱོགས་མའི་སོར་གཙུག་ལག་སློབ་གཉེར་ཁང་དང་དེ་རྗེས་ཨ་རིའི་ Brandies གཙུག་ལག་སློབ་ཁང་ནས་རྒྱལ་སྤྱིའི་ཡུན་གནས་འཕེལ་རྒྱས་ཐོག་ལ་གཙུག་ལག་རབ་འབྱམས་པའི་སློབ་གཉེར་གནང་བ་མ་ཟད་དེ་རྗེས་ཨ་རིའི་ Washington གཙུག་ལག་སློབ་གཉེར་ཁང་ནས་མི་རྒྱུད་བྱུང་རབས་དཔྱད་རིག་ཐོག་ལ་འབུམ་རམས་པའི་སློབ་གཉེར་གནང་ཡོད། གཞི་རྩའི་ཁོང་ནི་དེ་སྔ་བོད་མིའི་སྒྲིག་འཛུགས་ཀྱི་འཆར་འགོད་ལས་ཁང་དང་ཁོར་ཡུག་ཚན་པར་ལོ་ཤས་རིང་སྲི་ཞུའི་ཕྱག་ལས་གནང་མྱོང་ཡོད་་པ་རེད།  

རེས་གཟའ་སྤེན་པ། ༢༠༢༡།༡༡།༢༠

ཉན་པ།: Listen ཕབ་ལེན། Download ས་གནས་མཉམ་འབྲེལ་ཁག་ཅིག་གི་གནས་བབ། Saturday 20/11/2021 Status of Tibetan Co-operatives in India

Latest news