Tibetan Royal Year of 2151 | Year of the Wood Dragon

ARCHIVE

Monthly Archives: February, 2022

བོད་ཀྱི་རོལ་མོ་བ་སྐུ་ན་བགྲེས་ཤོས་གཞུང་ཞབས་ཟུར་པ་བསམ་ཕོ་འཇིགས་མེད་དབང་ཆེན་རིན་པོ་ཆེ་སྐུ་ཚེའི་འཕེན་པ་རྫོགས་པ།  

དེ་སྔ་བོད་རང་བཙན་ཡིན་པའི་སྐབས་སུ་ལྷ་སར་ནང་མ་སྟོད་གཞས་ལ་བྱང་ཆུབ་ཅིང་ཆོས་དང་རྒྱལ་རབས་སོགས་ལ་མཁས་པའི་བོད་ཀྱི་རོལ་མོ་བ་སྐུ་ན་བགྲེས་ཤོས་དང་གཞུང་ཞབས་ཟུར་པ་བསམ་ཕོ་འཇིགས་མེད་དབང་ཆེན་རིན་པོ་ཆེ་ཟླ་ ༢ ཚེས་ ༦ ཉིན་ཨ་རིའི་ནུབ་ཕྱོགས་ཡུ་ཌ་མངའ་སྡེའི་གྲོང་ཁྱེར་ Salt Lake City ས་གནས་སུ་སྐུ་ཚེའི་འཕེན་པ་རྫོགས་པའི་གནས་ཚུལ་ཐོན་འདུགབསམ་ཕོ་འཇིགས་མེད་དབང་ཆེན་རིན་པོ་ཆེ་མཆོག་ནི། བོད་ཀྱི་རྒྱལ་ས་ལྷ་སར་འཁྲུངས་ཤིང་། དགུང་གྲངས་བདུན་ལ་ཕེབས་སྐབས་རྙིང་མའི་རྫོགས་ཆེན་གྱི་བླ་མ་རྟོགས་ལྡན་ཤཱཀྱ་ཤྲིའི་ཡང་སྲིད་དུ་ངོས་འཛིན་གྱིས་ལྷ་སའི་ཏར་ཁང་སློབ་གྲྭ་ནས་བོད་ཡིག་འབྲི་ཀློག་སྦྱངས་ཏེ་བསླབ་པ་སློབ་གཉེར་མཐར་སོན་ཡོད། དེ་ནས་ཕྱི་ལོ་ ༡༩༥༩ ལོར་རྣ་ཐོས་ལ་བརྒྱུད་ནང་མི་དང་ལྷན་རྒྱ་གར་ལ་བཙན་བྱོལ་ཕེབས་རྗེས་ཕྱི་ལོ་ ༡༩༦༠ ལོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་འབྲེལ་ལྟར། ཤེས་རིག་ལས་ཁུངས་ཀྱི་རྩོམ་སྒྲིག་སྡེ་ཚན་དུ་དྲུང་ཆེའི་ཐུགས་འགན་དང་མགོན་པོ་༸གང་ཉིད་མཆོག་གི་མཛད་རྣམ་རྩོམ་སྒྲིག དེ་བཞིན་བདེ་སྲུང་བཀའ་ཟུར་ཕུན་ཚོགས་བཀྲིས་སྟག་ལྷས་བརྩམས་པའི་རྒྱ་ནག་ཐང་རྒྱལ་རབས་ནང་གསལ་བའི་བོད་ཀྱི་རྒྱལ་རབས་དང་རྩིས་དཔོན་ཞྭ་སྒབ་པ་དབང་ཕྱུག་བདེ་ལྡན་ལགས་ཀྱིས་བརྩམས་པའི་བོད་ཀྱི་སྲིད་དོན་རྒྱལ་རབས་བཅས་ཀྱི་རྩོམ་སྒྲིག་གི་ཕྱག་ལས་སོགས་གནང་མྱང་ཡོད་པ་རེད།རིན་པོ་ཆེ་མཆོག་གིས་སིམ་ལ་གཏན་སློབ་ཀྱི་དགེ་ཆེ་དང་རྡོར་གླིང་རང་དབང་གསར་ཤོག་གི་རྩོམ་སྒྲིག་པ། ལྡི་ལི་བོད་ཁང་གི་འགན་འཛིན་ཕྱག་རོགས་སོགས་བོད་ཀྱི་བརྡ་སྤྲོད་དང་འབྲེལ་བའི་ཕྱག་ལས་མང་དག་ཅིག་གནང་ནས་ཕྱིས་སུ་ཨ་རིར་ཕེབས་རྗེས་ནིའུ་ཡོག་རྙིང་མའི་ཀློང་ཆེན་རྙིང་གྲས་ཀྱི་ཆོས་ཚོགས་ནང་ལོ་མང་རིང་ཕྱག་ལས་གནང་བ་དང་། དེ་བཞིན་ནང་ཆོས་དང་བོད་ཀྱི་བརྡ་སྤྲོད་རིག་པ། སྐད་ཡིག ཟློས་གར་རོལ་ཆ་སོགས་ཀྱི་ཐོག་སློབ་ཁྲིད་གནང་མྱོང་ཡོད་པ་མ་ཟད། ལྷག་དོན་དམ་པ་ཁོང་ནི་སྲོལ་རྒྱུན་གླུ་གཞས་དང་སྒོས་ནང་མ་སྟོད་གཞས་ལ་མཁས་ཤིང་། དེ་སྔ་ལྷ་སར་བཞུགས་པའི་རིང་སྐབས་དེའི་བོད་ཀྱི་རོལ་དབྱངས་མཁས་པ་ཨ་ཇོ་རྣམ་རྒྱལ་ལགས་ཀྱི་དྲུང་ནས་རོལ་ཆའི་རིགས་ལ་སྦྱངས་ཏེ་ཁོང་གི་ཕྱག་མཚན་གྱི་འདུ་ཤེས་འཛིན་མཁན་གྱི་སློབ་མ་ཤིག་ཆགས་ཡོད།དེ་སྔ་ཕྱི་ལོ་ ༢༠༡༩ ཟླ་ ༡༠ ནང་བོད་ཀྱི་ཟློས་གར་ཚོགས་པ་དབུ་བརྙེས་ནས་མི་ལོ་ ༦༠ འཁོར་བའི་དུས་ཆེན་སྲུང་བརྩི་དང་འབྲེལ་རྒྱལ་སྤྱིའི་བོད་ཀྱི་ཟློས་གར་སྒྱུ་རྩལ་ཞིབ་འཇུག་བགྲོ་གླེང་ཚོགས་ཆེན་ཐེངས་དང་པོ་དབུ་འབྱེད་ཀྱི་མཛད་སྒོའི་ཐོག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྐབས་དེར་དགུང་ལོ་ ༩༣ ལ་ཕེབས་པའི་བསམ་ཕོ་འཇིགས་མེད་དབང་ཆེན་ལགས་སུ་བོད་གཞིས་བྱེས་གཉིས་ཀྱི་ནང་ནས་བོད་ཀྱི་རོལ་ཆ་མཁན་སྐུ་ན་བགྲེས་ཤོས་ཀྱི་མི་གཡང་དང་དཔེ་བཟང་ཕུལ་བྱུང་མི་སྣའི་གཟེངས་རྟགས་ཤིག་གསོལ་སྩལ་མཛད་ཡོད་པ་དང་། སྐབས་དེར་དམ་པ་དེ་ཉིད་མཛད་སྒོར་དངོས་སུ་བཅར་ཐུབ་མེད་སྟབས་བརྙན་པར་བརྒྱུད་བོད་ཀྱི་ཟློས་གར་ཚོགས་པ་དབུ་བརྙེས་པའི་དུས་དྲན་ལ་དགའ་བསུའི་འཚམས་འདྲི་ཞུས་པ་དང་འབྲེལ། ཁོང་གི་ཕྱག་ལས་ལ་ཆེ་བསྟོད་གནང་སྟེ་གཟེངས་རྟགས་དེ་ལྟ་ཞིག་གསོལ་སྩལ་གནང་བར་ཐུགས་རྗེ་ཆེ་ཞུས་པ་མ་ཟད། ད་ཆ་བོད་པའི་སྤྱི་ཚོགས་ནང་བོད་སྐད་དེ་ཉམས་ཆག་འགྲོ་བཞིན་པར་ཐུགས་འཚབ་ཀྱིས་བོད་ཡིག་དང་བོད་སྐད་བདག་གཅེས་ལེགས་པོ་གནང་དགོལ་གལ་ཡིན་པའི་གཞེན་སྐུལ་གནང་འདུག

རེས་གཟའ་ཟླ་བ། ༢༠༢༢།༠༢།༢༡

ཉན་པ།: Listen ཕབ་ལེན། Download ཆབ་མདོ་ཁུལ་ནས་ཡིན་པའི་ཞིབ་འཇུག་སློབ་མ་ཞིག་འཛིན་བཟུང་། ཨོ་རྩལ་མཇུག་སྒྲིལ་དང་བསྟུན་ཨོ་གླིང་དུ་ཟས་བཅད་ངོ་རྒོལ་དང་བོད་དོན་གོམ་བགྲོད། རྒྱ་ནག་གིས་བོད་དུ་རྒྱལ་གཅེས་ཆོས་གཅེས་ཀྱི་སློབ་གསོར་སྔར་ལྷག་སྤེལ་བཞིན་པ། ཐེ་ཝན་གྱི་གནད་དོན་དང་འབྲེལ་ཕ་རན་སིའི་ཕྱི་སྲིད་བློན་ཆེན་གྱིས་རྒྱ་ནག་ལ་སྐྱོན་བརྗོད། རྒྱ་གར་གཞུང་གིས་དམག་སྤྱི་གཞོན་པ་བསྟན་འཛིན་ནོར་བུ་དམ་པར་ཆེ་བསྟོད་གནང་བ། ཨིན་ཡུལ་གྱི་རྩེད་འགྲན་པ་ཞིག་གིས་རྒྱལ་སྤྱིའི་ཨོ་རྩལ་ལྷན་ཚོགས་ལ་སྐྱོན་བརྗོད། བོད་ཀྱི་ལོ་རྒྱུས་ཁྲོད་ཀྱི་གྲགས་ཅན་མི་སྣ་ངོ་སྤྲོད། ༸རྒྱལ་དབང་༸སྐུ་ཕྲེང་བཅུ་གསུམ་པའི་སྐོར། Monday 21/02/2022 Chamdo Tibetan female student arrested for teaching Tibetan to local kids Tibetans close out Beijing Olympics with hunger strike and peace march China steps up patriotic political education in Tibet France slams China's attempts to 'break the status quo' on Taiwan India honors SFF’s late Tibetan Deputy Leader Tenzin Norbu with Gallantry award UK gay skier signs off with criticism of IOC over human rights HISTORY FEATURE: Introduction to Tibetan historical figures: 13th Dalai Lama

ཆབ་མདོ་ཁུལ་ནས་ཡིན་པའི་ཞིབ་འཇུག་སློབ་མ་ཞིག་འཛིན་བཟུང་།

ཟླ་བ་འདིའི་ཕྱི་ཚེས་ ༡༣ ཉིན་གྱི་ཕྱི་དྲོའི་ཆུ་ཚོད་ ༥ ཙམ་ལ་རྒྱ་ནག་གཞུང་གིས་ཆབ་མདོ་རི་བོ་ཆེ་ཡམ་མདའ་སྡེ་བ་ནས་ཡིན་པའི་བོད་རིགས་སློབ་གྲྭ་ཆེན་མོའི་ཞིབ་འཇུག་སློབ་མ་ཆོས་སྒྲོན་ལགས་དགུན་ཁའི་གུང་སེང་དང་བསྟུན་ཕ་ཡུལ་གྱི་བྱིས་པ་ཚོར་བོད་ཡིག་སློབ་ཁྲིད་གནང་བར་བརྟེན་ཉེན་རྟོག་པས་ཁོང་འཛིན་བཟུང་བྱས་འདུགཆབ་མདོ་རི་བོ་ཆེ་ཡམ་མདའ་སྡེ་བ་ནས་ཡིན་པའི་བུ་མོ་ཆོས་སྒྲོན་ལགས་རྒྱ་གཞུང་གི་ཉེན་རྟོག་པས་འཛིན་བཟུང་བྱས་ནས་ཉིན་ཤས་འགྲོ་ཡི་ཡོད་ཀྱང་ད་ལྟ་ཁོང་བཙོན་ཁང་གང་དུ་ཡོད་མེད་དང་གནས་སྟངས་གང་འདྲ་གྱུར་ཡོད་མེད་སོགས་གང་ཡང་ཤེས་རྟོགས་ཐུབ་ཀྱི་མེད་སྟབས། ཆོས་སྒྲོན་ལགས་ཀྱི་ནང་མི་གཙོས་འབྲེལ་ཡོད་སྤུན་མཆེད་ཚོས་ཉིན་མཚན་མེད་པར་ཁོང་གི་གནས་སྟངས་ཐོག་ཐུགས་ཁྲལ་ཆེན་པོ་གནང་བཞིན་འདུག གནས་ཚུལ་མཁོ་སྤྲོད་པས་གསར་འགོད་པར་འགྲེལ་བརྗོད་གནང་བར་གཞིགས་ན་ཆོས་སྒྲོན་ལགས་ནི་ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོར་ཞིབ་འཇུག་གི་སློབ་སྦྱོང་གནང་གི་ཡོད་པ་དང་ཁོང་རྣམ་ཀུན་ནས་རང་གི་སྐད་ཡིག་དང་རིག་གཞུང་ལ་དོ་དབྱིངས་ཆེན་པོ་གནང་མཁན་ཞིག་ཡིན་སྟབས། ཁོང་གིས་དགུན་ཁའི་གུང་སེང་དང་བསྟུན་ནས་རང་གི་ཉེ་འཁོར་ལ་གནས་པའི་བྱིས་པ་ཚོར་བོད་པའི་སྐད་ཡིག་སློབ་ཁྲིད་གནང་བ་དེ་ཉེན་རྟོག་པས་ཤེས་རྟོགས་བྱུང་ནས་འཛིན་བཟུང་བྱས་པ་དང་། ལོ་ཤས་གོང་ནས་དམིག་བསལ་ཆབ་མདོ་ཁུལ་ལ་རྒྱ་གཞུང་གིས་མེས་རྒྱལ་ལ་དགའ་ཞེན་ཞེས་པའི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་ལས་འགུལ་ཤུགས་ཆེར་སྤེལ་སྐབས་ཁོང་གིས་བོད་རིགས་རྒྱ་རིགས་སུ་བསྒྱུར་བའི་སློབ་གསོར་མོས་མཐུན་མེད་པའི་རྣམ་པ་མངོན་གསལ་གནང་སྟེ་ཕ་ཡུལ་གྱི་བྱིས་པ་ཚོར་བོད་ཡིག་སློབ་ཁྲིད་གནང་བཞིན་ཡོད་པ་རེད། ཆོས་སྒྲོན་ལགས་ཀྱི་ཕ་དམ་པ་སྔོན་ཆད་ནས་འདས་གྲོངས་སུ་གྱུར་ཟིན་པ་དང་། ནང་ལ་ཨ་མ་ལགས་རྒན་འཁོགས་དང་། ལོ་ན་ ༡༤ སོན་པའི་གཅུང་མོ་ཞིག་དང་ལོ་ན་ ༨ སོན་པའི་གཅུང་པོ་ཞིག་བཅས་ཁྱོན་ནང་མི་བཞི་ཡོད་པ་རེད། གཞི་རྩའི་ལོ་ཤས་གོང་ནས་རྒྱ་ནག་གཞུང་གིས་ཆབ་མདོ་གཙོས་པའི་བོད་ཀྱི་ས་ཁུལ་ཕལ་ཆེ་བར་བོད་ཀྱི་སྐད་ཡིག་དང་རིག་གཞུང་རྩ་མེད་གཏང་ཆེད་སྲིད་བྱུས་འདྲ་མིན་སྤེལ་ཏེ་དགོན་པར་མཆོད་མཇལ་འགྲོ་མི་ཆོག་པ་དང་དབྱར་དགུན་གྱི་གུང་སེང་སྐབས་བོད་མིའི་ངོས་ནས་ཟུར་ཁྲིད་གནང་མི་ཆོག་པའི་དམ་དྲག་བྱེད་བཞིན་ཡོད་པ་རེད།

འགྲོ་བ་མིའི་ཚེ་སྲོག་ནི་གཟེངས་རྟགས་ལས་རིན་ཐང་ཆེ།  

ཁ་སང་རྒྱ་ནག་གི་དགུན་དུས་ཨོ་རྩལ་འགྲན་ཚོགས་མཇུག་སྒྲིལ་གྱི་ཉིན་མོ་དང་བསྟུན་ཡོ་རོབ་བོད་རིགས་གཞོན་ནུ་མཐུན་ཚོགས་ཀྱིས་སུད་སི་གྲོང་ཁྱེར་ཆེ་ཁག་སྦེན་དང་ཛུ་རིག་གི་མེ་འཁོར་བབས་ཚུགས་ཁག་ཏུ་བརྡ་ཁྱབ་ཐོག་ནས་འགྲོ་བ་མིའི་ཚེ་སྲོག་ནི་གཟེངས་རྟགས་ལས་རིན་ཐང་ཆེ་བ་རེད་ཅེས་པའི་འབོད་ཚིག་འོག་པེ་ཅིང་གི་དགུན་དུས་ཨོ་རྩལ་འགྲན་ཚོགས་ལ་ངོ་རྒོལ་དང་གནས་ཡུལ་མང་ཚོགས་ལ་རྒྱ་ནག་གཞུང་གིས་བོད་གཙོས་པའི་ཁྱབ་ཁོངས་ཀྱི་ས་གནས་ཁག་ཏུ་གཞི་རྩའི་གྲོ་བ་མིའི་ཐོབ་ཐང་རྡོག་རོལ་བཏང་དང་གཏོང་བཞིན་པའི་དངོས་ཡོད་ཀྱི་བྱ་སྤྱོད་ཁག་གི་གོ་རྟོགས་ལས་འགུལ་ཞིག་སྤེལ་ཡོད།ཡོ་བོད་རིགས་བོད་རིགས་མཐུན་ཚོགས་ནས་རྒྱ་ནག་གི་དགུན་དུས་ཨོ་རྩལ་འགྲན་ཚོགས་དེ་མཇུག་སྒྲིལ་ཟིན་ཡང་ད་ལན་གྱི་རྩེད་འགྲན་དེའི་ཐོག་ནས་རྒྱ་ནག་གི་མངའ་འོག་ལ་བཙན་དབང་དང་དྲག་གནོན་གྱི་མནར་གཅོད་མྱོང་བཞིན་པའི་མི་རིགས་ནང་ཁུལ་དབར་གདུངས་སེམས་མཉམ་བསྐྱེད་དང་ནུས་པ་མཉམ་སྤུངས་ཐོག་རྒྱ་ནག་དམར་ཤོག་ཚོགས་པའི་བྱ་སྤྱོད་ལ་གདོང་ལེན་གནང་ནུས་པ་ཞིག་བྱུང་ཡོད་སྐོར་གསུངས་འདུགགཞི་རྩའི་ཡོ་རོབ་བོད་རིགས་གཞོན་ནུ་ནི། རྒྱ་ནག་གི་ཐེངས་འདིའི་དགུན་དུས་ཨོ་རྩལ་འགྲན་ཚོགས་ལ་ངོ་རྒོལ་གྱི་ལས་འགུལ་ཤུགས་ཆེ་ཤོས་སྤེལ་མཁན་བོད་རིགས་གཞོན་སྐྱེས་ཀྱི་ཚོགས་པ་ཞིག་ཆགས་ཡོད་ཅིང། ཁོང་རྣམས་ནས་ཕྱི་ལོ་ ༢༠༢༢ ལོའི་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་སྔ་ཕྱི་བར་གསུམ་དུ་ངོ་རྒོལ་གྱི་ལས་འགུལ་མང་དག་ཅིག་སྤེལ་ཏེ་རྒྱལ་སྤྱིའི་བརྒྱུད་ལམ་ཁག་དུ་མས་གནས་ཚུལ་སྤེལ་ཡོད།

རྒྱ་གར་གཞུང་གིས་དམག་སྤྱི་གཞོན་པ་བསྟན་འཛིན་ནོར་བུ་དམ་པ་ལགས་ལ་ཆེ་བསྟོད་གནང་བ།

Special Frontier Force ཞེས་བོད་མིའི་དྭང་ཞབས་དམག་སྒར་ནང་ལོ་ངོ་ ༢༠ ཙམ་བཞུགས་ཏེ་ཕྱི་ལོ་ ༡༩༨༨ ལོར་རྒྱ་གར་བྱང་ཕྱོགས་ Siachen Glacier སུ་རྒྱ་གར་གྱི་མཐའ་མཚམས་དང་བདེ་འཇགས་སྲུང་སྐྱོབ་ཀྱི་ལས་གཞིའི་ཁྲོད་སྐུ་འདས་གྲོངས་སུ་གྱུར་བ་བོད་མིའི་དྭང་ཞབས་དམག་སྤྱི་གཞོན་པ་བསྟན་འཛིན་ནོར་བུ་དམ་པ་ལགས་རྒྱ་གར་གཞུང་གིས་ཆེ་བསྟོད་ཀྱི་གཟེངས་རྟགས་ཤིག་ཕུལ་འདུགཉེ་ཆར་ཕྱི་ཚེས་ ༡༨ ཉིན་དམག་སྤྱི་གཞོན་པ་བསྟན་འཛིན་ནོར་བུ་དམ་པ་ལགས་ཀྱི་སྐུ་ཟླ་ཚེ་རིང་བུ་འཁྲིད་ལགས་གཙོས་ནང་མི་རྣམས་ཀྱི་བཞུགས་གནས་རྒྱ་གར་བྱང་ཤར་ཤིས་ལོངས་ཀྱི་སྡོད་གནས་སུ་རྒྱ་གར་གྱི་དམག་དཔོན་ཆེ་གྲས་དང་འབྲེལ་ཡོད་དམག་མི་ཁག་ཅིག་ཆེད་བཅར་ཐོག་དམག་སྤྱི་གཞོན་པ་བསྟན་འཛིན་ནོར་བུ་དམ་པ་ལགས་ཀྱིས་རྒྱ་གར་གྱི་བདེ་འཇགས་སྲུང་སྐྱོབ་ལས་དོན་སོགས་ཀྱི་ཐོག་ཕྱག་ལས་རྒྱ་ཆེར་གནང་བ་ཁག་ལ་རྗེས་དྲན་ཆེ་བསྟོན་གནང་བ་དང་འབྲེལ། རྒྱ་གར་གྱི་སྲིད་བློ་སྐུ་ཞབས་ Narendra Modi མཆོག་གི་མཚན་རྟགས་འཁོད་པའི་ Indian Gallantry Award ཞེས་པའི་གཟེངས་རྟགས་ཤིག་ཕུལ་འདུགདམག་སྤྱི་གཞོན་པ་བསྟན་འཛིན་ནོར་བུ་དམ་པ་ལགས་དྭང་ཞབས་ཁྲོད་མི་ལོ་ ༢༠ ཙམ་གྱི་རིང་ཕྱག་གནང་སྟེ་འདས་གྲོངས་སུ་གྱུར་སྐབས་དགུང་ལོ་ ༤༨ ཙམ་ཡིན་པ་རེད།རླུང་འཕྲིན་ཁང་གིས་དམ་པ་ཁོང་གི་སྐུ་ཟླ་ཚེ་རིང་བུ་འཁྲིད་ལགས་སུ་ཞལ་པར་བརྒྱུད་དམ་པ་ཁོང་དང་འབྲེལ་བའི་བཅར་འདྲི་ཁག་ཅིག་ཞུས་པར་བསྟན་འཛིན་ནོར་བུ་དམ་པ་ལགས་ནི་བོད་ནས་ཕེབས་པ་ཞིག་དང་། ཕྱིས་སུ་ཀུན་བདེ་གླིང་རིན་པོ་ཆེ་མཆོག་དང་ལྷན་དུ་བོད་དོན་དང་འབྲེལ་བའི་ཕྱག་ལས་གནང་མྱོང་ཡོད་པ་སོགས་དྲན་གསོ་ཞུས་པ་དང་ཆབས་ཅིག དམ་པ་ཁོང་འདས་གྲོངས་སུ་ཕྱིན་པའི་གནས་ཚུལ་ཐོག་མར་ཐོས་སྐབས་བློ་ཕམ་ཆེན་པོ་བྱུང་ཡང་ད་རེས་རྒྱ་གར་གཞུང་གི་ངོས་ནས་ཁོང་གི་བྱས་རྗེས་ཁག་ལ་ཆེ་བསྟོད་གནང་བ་འདིས་རྒྱལ་ཁབ་ཅིག་ལ་ཕན་ཐོགས་བྱུང་ཡོད་པའི་ཐུགས་ཚོར་བྱུང་སྐོར་གསུངས་ཡོད།དམག་སྤྱི་གཞོན་པ་བསྟན་འཛིན་ནོར་བུ་ལགས་དམ་པ་དང་སྐུ་ཟླ་ཚེ་རིང་བུ་འཁྲིད་ལགས་གཉིས་ལ་བུ་ཕྲུག་གཉིས་ཡོད་པ་དང་། བུ་བསྟན་འཛིན་ཟླ་བ་ལགས་ཀྱིས་ངོ་དེབ་ཐོག་རྒྱ་གར་གཞུང་ནས་ཁོང་གི་ཕ་དམ་པའི་བྱས་རྗེས་ལ་ངོས་འཛིན་གྱིས་ཆེ་བསྟོན་གནང་བར་ཐུགས་རྗེ་ཆེ་ཞེས་བཀོད་འདུགརྩ་བའི་ Special Frontier Force ཞེས་བོད་མིའི་དྭང་ཞབས་དམག་སྒར་དེ་ཐོག་མར་ཕྱི་ལོ་ ༡༩༦༢ ལོར་གསར་འཛུགས་གནང་སྟེ་དེ་སྔ་ཕྱི་ལོ་ ༡༩༧༡ ལོར་རྒྱ་གར་དང་ Pakistan དེ་བཞིན་ Bangladesh བཅས་དབར་བྱུང་བའི་དམག་དང་ཕྱི་ལོ་ ༡༩༩༩ ལོར་རྒྱ་གར་དང་པ་ཀིས་ཐན་དབར་བྱུང་བའི་དམག་སོགས་སུ་མཉམ་ཞུགས་གནང་མྱོང་ཡོད་ཀྱང་། རྒྱ་གར་གཞུང་གི་ངོས་ནས་གནད་དོན་དེ་དག་གསང་བའི་ཐོག་བཞག་ནས་མངོན་གསལ་གནང་གྱི་མེད་པ་དེ་ལྟར་ཡང་། ཕྱོ་ལོ་ ༢༠༢༠ ལོར་ Galwan དུ་བྱུང་བའི་རྒྱ་དཀར་ནག་གཉིས་ཀྱི་དོན་རྐྱེན་རྗེས་སུ་རྒྱ་གར་དབུས་གཞུང་གིས་བོད་མིའི་དྭང་ཞབས་དམག་སྒར་གྱི་དམག་མི་ཚོར་མངོན་གསལ་དོད་པོའི་ཐོག་ཆེ་བསྟོད་གནང་སྟེ་སྔར་ལོ་རྒྱ་གར་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་ ༧༢ འཁོར་བའི་དུས་དྲན་སྲུང་བརྩི་དང་འབྲེལ། རྒྱ་གར་གྱི་དམག་སྤྱི་དང་རུ་དཔོན་སོགས་གཟེངས་སུ་ཐོན་པའི་མི་སྣ་ ༣༩༩ ཙམ་ལ་ཆེས་མཐོའི་གཟེངས་རྟགས་ཕུལ་བའི་ཁོངས་སུ་རྒྱ་གར་བྱང་ཕྱོགས་ལ་དྭགས་ཁུལ་དུ་རྒྱ་གར་དང་བོད་གཉིས་ཀྱི་ས་མཚམས་ཁུལ་དུ་རྒྱ་ནག་གི་དམག་དཔུང་ལ་གདོང་ལེན་གནང་མཁན་རྒྱ་གར་གྱི་ Snow Leopard སྡེ་ཚན་ཁོངས་སུ་ཡོད་པ་བོད་མིའི་དྭང་ཞབས་དམག་སྒར་གྱི་རུ་དཔོན་ཚེ་རིང་ནོར་བུ་ལགས་ལ་ OPERATION RAKSHAK ཞེས་པའི་ཆེས་མཐོའི་གཟེངས་རྟགས་ཤིག་ཕུལ་ཡོད་པ་རེད།

རྒྱ་ནག་གིས་བོད་ནང་དུ་རྒྱལ་གཅེས་ཆོས་གཅེས་ཀྱི་སློབ་གསོར་སྔར་ལྷག་ཤུགས་སྣོན་བྱེད་བཞིན་པ།

རྒྱ་ནག་གིས་དུས་རྒྱུན་ནས་བོད་ཀྱི་ཆོས་རིགས་ཡོངས་སུ་རྒྱ་སྒྱུར་གྱི་སྲིད་བྱུས་གཏན་འབེབས་ཀྱིས་བོད་ཁུལ་ཡོངས་སུ་རྒྱལ་གཅེས་ཆོས་གཅེས་ཀྱི་སློབ་གསོ་ཤུགས་ཆེར་སྤེལ་བཞིན་པའི་ཁྲོད། ཁ་ཉིན་ཟླ་འདིའི་ཚེས་བཅུ་བདུན་གྱི་ཉིན། སྔར་ལོའི་ཟླ་བ་བཅུ་བའི་ནང་བོད་རང་སྐྱོང་ལྗོངས་ཀྱི་དམར་ཤོག་ཚོགས་པའི་དྲུང་ཆེར་བསྐོ་བཞག་བྱས་པའི་ཝང་ཅུན་ཀྲང་ཟེར་བ་དེ་ར་མོ་ཆེ་གཙུག་ལག་ཁང་དང་དགའ་ལྡན་དགོན་པ་སོགས་སུ་ལྟ་སྐོར་ལ་ཕྱིན་ཏེ་གྲྭ་མང་ལ་རྒྱལ་གཅེས་ཆོས་གཅེས་ཟེར་བའི་སློབ་གསོའི་ཐད་ལ་ཤུགས་སྣོན་བྱེད་དགོས་བའི་བཙན་བཀའ་བཏང་འདུགདེ་ཡང་རྒྱ་ནག་གི་ཀྲུང་གོ་བོད་ལྗོངས་དྲ་བ་ཞེས་པའི་ཐོག་རྒྱ་ནག་གཞུང་འབྲེལ་གྱི་གསར་འགྱུར་ཐོན་པའི་ནང་དུ།  རྒྱ་ཆེའི་དགེ་འདུན་པ་ཚོས་ཡིན་མིན་ཆེན་པོའི་གནད་དོན་ཐད་ཐོག་མཐའ་བར་གསུམ་དུ་རིག་པ་དྭངས་གསལ་ཡོང་རྒྱུ་རྒྱུན་འཁྱོངས་བྱས་ཏེ་བློ་བརྟན་འགྱུར་མེད་ངང་མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་བྱེད་པ་དེ་སྤྱི་ཚོགས་ཞི་མཐུན་དང་། བརྟན་ལྷིང་། འཕེལ་རྒྱས་བཅས་ལ་སྲུང་སྐྱོང་བྱེད་པའི་དགེ་མཚན་ལྡན་པའི་སྟོབས་ཤུགས་ཤིག་ཏུ་ཧུར་ཐག་འགྱུར་བ་བྱེད་དགོས་པར་བརྗོད་ཡོད་པ་འཁོད་འདུག གཞན་ཡང་ཁོ་པས་ཆབ་སྲིད་ཐད་བློས་འཁེལ་བ་ཞིག་བྱེད་པར་རྒྱལ་གཅེས་ཡར་ཐོན་དང་། ནམ་ཡང་ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་མཁན་བཅས་ཀྱི་དགེ་འདུན་པ་ཡག་པོ་ཞིག་བྱེད་དགོས་ཞེས་བརྗོད་དེ། གཙོ་བོ་གྲྭ་བཙུན་རྣམས་ཀྱིས། རྒྱ་ནག་དམར་ཤོག་ཚོགས་པའི་བཀའ་དང་ལེན་གྱིས་རྗེས་སུ་འབྲངས་ཏེ། ཞི་ཅིན་ཕིང་གི་བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་དུ་བསྒྱུར་བ་དང་། ཏང་གི་ཆོས་ལུགས་ལས་དོན་ཟེར་བའི་སྐོར་གྱི་གཞི་རྩའི་ཁྲིམས་སྒྲིག་ཁག་ལ་བརྩི་སྲུང་ནན་པོ་བྱས་ཏེ་དགོན་པའི་རིག་དངོས་ཁག་ལ་སྲུང་སྐྱོབ་ཚད་ལྡན་བྱས་པ་བརྒྱུད་ནས་བོད་འདི་གནའ་སྔ་མོ་ནས་རྒྱ་ནག་གི་ཁ་འབྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་པའི་དོན་དངོས་རྣམས་སྔོག་འདོན་བྱ་དགོས་བྱས་དགོས་ཞེས་བཀའ་བཏང་འདུག འདི་གའི་གསར་འགོད་པས་གནད་དོན་དེ་དང་འབྲེལ་ནས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་བསྟན་འཛིན་ཚེ་བརྟན་ལགས་སུ་བཀའ་འདྲི་ཞུས་པར་ཁོང་གིས་རྒྱ་ནག་དམར་ཤོག་ཚོགས་པའི་འགོ་ཁྲིད་ཁག་བོད་དུ་རྟོག་ཞིབ་བྱེད་པར་འགྲོ་རྒྱུ་དེ་ནི་རྒྱུན་ལྡན་ལྟ་བུ་ཞིག་ཡིན་ཡང་། ཐེངས་འདིར་ཝང་ཅུན་ཀྲེང་དགའ་ལྡན་དགོན་དང་ལྷ་ས་ར་མོ་ཆེ་གཙུག་ལག་ཁང་དུ་སོང་བ་དེ་ནི་གཙོ་བོ་བོད་མིའི་ལོ་རྒྱུས་ཁྲོད་ཀྱི་གསུམ་བཅུའི་དུས་དྲན་བསླེབ་ལ་ཉེ་བ་དང་། དེ་བཞིན་འདི་ལོར་རྒྱ་ནག་གི་དམར་ཤོག་ཚོགས་པའི་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་བ་སྐོང་འཚོགས་བྱེད་རྒྱུར་ཐག་བཅད་ཟིན་སྟབས། བོད་ཁུལ་ནས་བོད་མི་རྣམས་ཀྱིས་དཀའ་རྙོག་གི་རིགས་མི་བཟོ་བར་ལྷིང་འཇགས་ཀྱི་ཁོར་ཡུག་ཅིག་སྐྲུན་ཐབས་སུ་ཆེད་དུ་གྲྭ་བཙུན་རྣམས་ལ་ཐུག་འཕྲད་ཀྱིས་རྒྱལ་གཅེས་ཆོས་གཅེས་ཀྱི་སློབ་གསོར་ཤུགས་སྣོན་བྱས་ཡོད་པ་ཞིག་ཡིན་པར་གསུངས་སོང་། སྔར་ལོ་ཝང་ཅུན་ཀྲེང་བོད་རང་སྐྱོང་ལྗོངས་ཟེར་བའི་དམར་ཤོག་ཚོགས་པའི་དྲུང་ཆེར་བསྐོ་བཞག་བྱེད་སྐབས། ཐེ་ཝན་དོན་གཅོད། སྤྱི་ཟུར་སྐལ་བཟང་རྒྱལ་མཚན་ལགས་ཀྱིས་འདི་གའི་གསར་ཁང་ལ་འགྲེལ་བརྗོད་གནང་བའི་ནང་དུ། སྔར་ལོ་རྒྱ་ནག་གིས་བོད་ཁུལ་དུ་གྲངས་ཉུང་མི་རིགས་ཀྱི་ལས་དོན་ཚོགས་འདུ་ཚོགས་པ་བརྒྱུད་ནས། བོད་ནང་དུ་༸གོང་ས་མཆོག་གི་ཆོས་ལུགས་ཀྱི་ཤུགས་རྐྱེན་གཙང་བཟོ་བྱེད་ཐབས་ལ་འབད་བརྩོན་བྱེད་བཞིན་པ་མ་ཟད། ཆོས་ལུགས་དེ་དུག་རྩ་ལྟ་བུར་ངོས་འཛིན་བྱས་ཏེ། ཝང་ཅུན་ཀྲེང་ཟེར་བ་དེ་ཆེད་དུ་བོད་ཁུལ་དུ་བཏང་ནས་བོད་མི་རྣམས་ལ་སྔར་ལྷག་དྲག་གནོན་བྱེད་རྒྱུར་དམིགས་ཡོད་པ་ཞིག་ཡིན་སྐོར་འགྲེལ་བརྗོད་གནང་ཡོད། གཞི་རྩའི་ཝང་ཅུན་ཀྲེང་ནི་ཕྱི་ལོ་ ༢༠༡༩ ཟླ་ ༡ ནས་ཤིན་ཅང་ཡུ་གུར་མི་རིགས་རང་སྐྱོང་ཁུལ་དམར་ཤོག་ཚོགས་པའི་རྒྱུན་ལས་དང་སྲིད་ཁྲིམས་རྒྱུན་ལས་ལྷན་ཁང་གི་དྲུང་ཆེ། ཕྱི་ལོ་ ༢༠༢༠ ཟླ་ ༥ ནས་ལོ་དེའི་ཕྱི་ཟླ་ ༩ པའི་བར་ཤིན་ཅང་ཡུ་གུར་མི་རིགས་རང་སྐྱོང་ཁུལ་དམར་ཤོག་དྲུང་ཆེ་གཞོན་པ་དང་སྲིད་ཁྲིམས་རྒྱུན་ལས་ལྷན་ཁང་གི་དྲུང་ཆེ། ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་སྡེའི་དམར་ཤོག་དྲུང་ཆེ། རྒྱ་ནག་ཡུ་གུར་འཛུགས་སྐྲུན་ལྷན་ཚོགས་ཀྱི་མགོ་འཁྲིད་སོགས་བྱས་པའི་ཁྲོད། ཤིན་ཅང་གི་ཁུལ་དུ་དྲག་གནོན་གྱི་སྲིད་བྱུས་ལག་བསྟར་གྱིས་མི་མང་བཀག་སྐྱིལ་དང་ངལ་རྩོལ་བསྒྱུར་བཀོལ་སོགས་ཀྱི་ནག་ཉེས་དང་འབྲེལ་ནས།  ཨ་རི་དང་དབྱིན་ཡུལ། དེ་བཞིན་ཁ་ན་ཊ་དང་ཡུ་རོབ་སོགས་ཀྱིས་ནུབ་ཕྱོགས་སུ་འགྲོ་སྐྱོད་བཀག་སྡོམ་བྱས་པའི་རྒྱ་ནག་གི་དཔོན་རིགས་ཁྲོད་ཀྱི་གཅིག་ཆགས་ཡོད་པ་དང་། སྔར་ལོ་རྒྱ་ནག་གིས་ཆེད་དུ་བོད་རང་སྐྱོང་ལྗོངས་ཟེར་བའི་དམར་ཤོག་དྲུང་ཆེར་བསྐོ་བཞག་བྱས་ཡོད་པ་རེད།

རེས་གཟའ་ཉི་མ། ༢༠༢༢།༠༢།༢༠

ཉན་པ།: Listen ཕབ་ལེན། Download དབུས་བོད་ཀྱི་སྨན་རྩིས་ཁང་གི་འགན་འཛིན་ཟུར་པ་ཕུ་རི་བཀྲ་ཤིས་ཚེ་རིང་ལགས་དང་ལྷན་དུ་གླེང་མོལ། Sunday 20/02/2022 In conversation with Tashi Tsering Phuri : Former director of Men-Tsee-Khang

རེས་གཟའ་སྤེན་པ། ༢༠༢༢།༠༢།༡༩

ཉན་པ།: Listen ཕབ་ལེན། Download ༢༡༤༩ རབ་གནས་ཆུ་སྟག་ལོའི་རྩིས་འབྲས་ངོ་སྤྲོད། Saturday 19/02/2022 Annual Astrological forecast, 2022 Water-Tiger Year

རེས་གཟའ་པ་སངས། ༢༠༢༢།༠༢།༡༨

ཉན་པ།: Listen ཕབ་ལེན། Download ༸སྐྱབས་རྗེ་བདུད་འཇོམས་རིན་པོ་མཆོག་དགོངས་པ་རྫོགས་ནས་ཐུགས་དམ་ལ་བཞུགས་མུས། རྒྱ་ནག་གིས་བོད་མི་གཙོས་གྲངས་ཉུང་མི་རིགས་ཀྱི་གསར་འགོད་པར་དྲག་གནོན། ཐེ་ཝན་རིག་གཞུང་བློན་ཆེན་མཆོག་དང་མཇལ་འཕྲད་ཀྱིས་འབོད་སྐུལ། རྒྱལ་སྤྱིའི་རྒྱལ་ཁབ་ཚོས་རྒྱ་ནག་ལ་འགན་ཁུར་ལྡན་པ་ཞིག་བཟོ་དགོས། གཉན་རིམས་ཀྱི་སྔོན་ཁབ་བཞེས་རྗེས་སྔོན་འགོག་གི་ཐབས་ལམ་ཁག་མུ་མཐུད་བསྟེན་དགོས། Friday 18/02/2022 Kyabje Dudjom Rinpoche passes away at the age of 32 Tibetan and Uyghur reporters under siege in Bejing’s war on free expression Tibetan Representative calls on Taiwan’s Minister of Culture As Beijing Olympics end, world must hold China accountable: ICT COVID: Tibetans advised to continue prevention measures despite getting vaccinated

Latest news