Tibetan Royal Year of 2151 | Year of the Wood Dragon

ARCHIVE

Monthly Archives: April, 2022

རེས་གཟའ་པ་སངས། ༢༠༢༢།༠༤།༢༢

ཉན་པ།: Listen ཕབ་ལེན། Download ང་ཚོའི་ཁྱིམ་གཞི་ཁོ་ན་ཉིད་སྲུང་སྐྱོབ་སླད་རང་གཞན་ཚང་མས་ཕྱར་བ་གྲུ་འདེགས་གནང་དགོས། རྒྱལ་ས་བས་མི་ཚེ་དཀྱུས་མའི་ཐོག་ནས་འཚོ་སྡོད་གནང་ཚེ་རི་འདབས་ལ་བཞུགས་མཁན་ཚོའང་འཚོ་བ་དཀྱུས་མ་བསྐྱེལ་ཐུབ། བཙན་རྒོལ་རྒྱལ་སྐྱོབ་ཀྱི་ཞི་དྲག་ལས་འགུལ་དང་འབྲེལ་བའི་པར་རིགས་འགྲེམས་སྟོན། བཞུགས་སྒར་དུ་ཉིན་གྲངས་གསུམ་རིང་རིན་མེད་ནད་གཞི་བརྟག་དཔྱད་གནང་མུས། བཙན་བྱོལ་བོད་མིའི་གནས་སྟངས་ངོ་སྤྲོད། ནད་སྐྱོབ་དགེ་རྩ་ཚོགས་པའི་སྐོར། Friday 22/04/2022 Put global interest first, Climate Change affects us all: HHDL on Earth Day International Climate Conference kicks off in Dharamsala; HHDL presented with Khardung La glacier ice block Shadow Circus: A Personal Archive of Tibetan Resistance on display at IIC, Delhi DIASPORA FEATURE: Patient Care Trust

ང་ཚོའི་ཁྱིམ་གཞི་ཁོ་ན་ཉིད་སྲུང་སྐྱོབ་སླད་རང་གཞན་ཚང་མས་ཕྱར་བ་གྲུ་འདེགས་གནང་དགོས།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དེ་རིང་གོ་ལོའི་ཉིན་མོ་དང་བསྟུན་རང་ཅག་ཐུན་མོང་གི་རྟེན་གཞིར་གྱུར་པའི་གོ་ལ་འདི་སྲུང་སྐྱོབ་སླད་རང་གཞན་ཀུན་གྱིས་ཕྱར་གྲུ་མཉམ་འདེགས་གནང་དགོས་པའི་ལམ་སྟོན་སྩལ་འདུག༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དེ་རིང་ཕྱི་ལོ་ ༢༠༢༢ ཕྱི་ཟླ་ ༤ ཕྱི་ཚེས་ ༢༢ ཉིན་སྩལ་བའི་ཡོངས་ཁྱབ་གསུང་འཕྲིན་ནང་། དེ་རིང་འཛམ་གླིང་གི་ཉིན་མོར་འགྲོ་བ་མི་ཙམ་མ་ཟད་ཐ་ན་སྲོག་ཆགས་འབུ་སྲིན་ཕྲ་མོ་མཚོན་པའི་སེམས་ཅན་ཚང་མ་བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་པ་གཅིག་མཚུངས་ཡིན་པ་དེ་དྲན་སྐུལ་མཛད་པ་དང་སྦྲགས། ང་ཚོ་ཚང་མས་གོ་ལ་འདིའི་ཐོག་ཐུན་མོང་གི་འཚོ་གནས་ཆེད་དུ་འགན་ཁུར་བཞེས་དགོས་སྐོར་བཀའ་སྩལ་བ་དང་། ལྷག་དོན་འགྲོ་བ་མི་ཞིག་ཡིན་པའི་ཆ་ནས་ཁྱད་དུ་འཕགས་པའི་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་ལྡན་ཡོད་ཀྱང་ད་ལྟའི་འཛམ་གླིང་འདིའི་གནས་སྟངས་ལ་བལྟས་ཚེ་དེ་ལས་ལྷག་པ་ཞིག་གནང་དགོས་པ་ཆགས་ཡོད་སྟབས། མ་འོངས་པར་ཡོངས་སྒྲིལ་ཤེས་ཡོན་ཞེས་ནང་བསམ་བློ་ཡར་རྒྱས་ཀྱི་སྟེང་ནས་ཤེས་ཡོན་གྱི་ལམ་ལུགས་ཤིག་བསྐྲུན་དགོས་པ་ནི་མེད་དུ་མི་རུང་བའི་གནད་འགག་ཆགས་ཡོད་པའི་གཞེན་སྐུལ་གནང་འདུག དེ་བཞིན་མགོན་པོ་༸གང་ཉིད་མཆོག་གིས་འཛམ་གླིང་འདིའི་ཐོག་ང་ཚོ་ཚང་མ་ཕན་ཚུན་གཅིག་ལ་གཅིག་བརྟེན་གྱི་ཐོག་ནས་གནས་དགོས་སྟབས། གོ་ལའི་གནམ་གཤིས་འགྱུར་ལྡོག་གི་ངལ་བ་དེས་འཛམ་གླིང་སྤྱིར་ལྡོག་ཏུ་མེད་པའི་ཤུགས་རྐྱེན་ཐེབས་བཞིན་ཡོད་པའི་མཚམས་སུ་ཚང་མ་འགྲོ་བ་མི་གཅིག་གྱུར་ཡིན་པའི་འདུ་ཤེས་འཛིན་སྟེ་གོ་ལའི་གནད་དོན་དེ་ཆེས་གནད་ཆེར་ངོས་འཛིན་གནང་དགོས་པའི་ལམ་སྟོན་སྩལ་བ་དང་ཆབས་ཅིག ད་ཆ་ང་ཚོས་ངེས་པར་དུ་འཛམ་གླིང་ནང་གི་ Fossil Fuels འམ་རྡོ་སྣུམ་དང་རྡོ་སོལ་སོགས་རང་བྱུང་གི་ཐོན་རྫས་སྤྱོད་བཞིན་པ་དེ་དག་ལ་བརྟེན་རྒྱུ་ཉུང་དུ་གཏོང་དགོས་པའི་ཛ་དྲག་གི་གོམ་པ་སྤོ་དགོས་པ་དང་། དེ་ལས་བསྐྱར་གསོ་བྱེད་རུང་བའི་ཐོན་ཁུངས་ཁག་ལ་མང་ཙམ་བརྟེན་དགོས་པ་མ་ཟད། ང་ཚོས་ཤིང་ནགས་རྩ་གཏོར་གཏོང་རྒྱུ་ལས་ལྗོན་ཤིང་འདེབས་འཛུགས་དང་ལྗོན་ཤིང་ལ་ལྟ་རྟོག་གི་ལས་གཞི་གང་མང་སྤེལ་ཏེ་ཁོར་ཡུག་སྲུང་སྐྱོབ་ཀྱི་གནང་སྒོར་ཐུགས་སྣང་གནང་དགོས་པའི་ལམ་སྟོན་བཀྲིན་ཆེ་བ་མཛད་འདུག དེ་བཞིན་གསུང་འཕྲིན་ནང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུ་ཚེ་ཧྲིལ་པོའི་ནང་བོད་དང་དེ་ནས་མགོན་པོ་༸གང་ཉིད་མཆོག་གི་བཞུགས་གནས་དྷརྨ་སཱ་ལཱར་གངས་འབབ་ཚད་ཉུང་དུ་འགྲོ་བཞིན་ཡོད་པ་དངོས་སུ་གཟིགས་མྱོང་ཡོད་སྐོར་བཀའ་སྩལ་བ་དང་འབྲེལ། རྒྱལ་སྤྱིའི་ཚན་རིག་པ་ཁག་ཅིག་གིས་མགོན་པོ་༸གང་ཉིད་མཆོག་ལ་མ་འོངས་པར་བོད་གཙོ་བོར་གྱུར་པའི་ས་ཆ་ཁག་གཅིག་རིམ་པས་བྱེ་ཐང་དུ་འགྱུར་རྒྱུའི་ཉེན་ཁ་ཡོད་སྐོར་སྙན་སེང་ཞུས་པ་ལུང་འདྲེན་མཛད་དེ། ༸གོང་ས་མཆོག་གིས་༸སྐུ་ཚེའི་ནང་གི་ཐུགས་བསྐྱེད་ཆེན་པོ་གཅིག་ནི་ཁོར་ཡིག་སྲུང་སྐྱོབ་མཛད་རྒྱུ་དེ་ཡིན་སྟབས། ༸གོང་ས་མཆོག་ས་གནས་གང་དུ་ཆིབས་བསྒྱུར་མཛད་ཀྱང་གས་ཆག་སླ་བའི་བོད་མཐོ་སྒང་གི་ཁོར་ཡུག་སྲུང་སྐྱོབ་སྐོར་ལ་བཀའ་སློབ་སྩལ་གྱི་ཡོད་པ་བཀའ་སྩལ་མཛད་ཡོད། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གཞན་ཡང་ང་ཚོའི་མི་ཚེ་འདི་རེ་བར་གཞི་བཅོལ་ཡོད་པ་དང་། རེ་བ་ཞེས་པ་འདི་མ་འོངས་པ་དང་འབྲེལ་ཡོད། མ་འོངས་པའི་སྐོར་ཁག་ཐེག་ངེས་བརྟན་འཕེལ་བ་གང་ཡང་མེད་ཀྱང་། རང་ཉིད་ཀྱིས་རྣམ་པ་ཀུན་ཏུ་རེ་བ་བཟང་ས་ཞིག་ལ་རྒྱག་རྒྱུ་དང་། གང་ལྟར་བློས་དཔྱད་པའི་ཐོག་ནས་དཀའ་ངལ་དག་ལ་གདོང་ལེན་གནང་དགོས་པར་ལམ་སྟོན་རྒྱ་ཆེར་སྩལ་བ་མ་ཟད། ད་ཆ་རང་ཅག་ཐུན་མོང་གི་གོ་ལ་འདིར་ཚ་དྲོད་ཤུགས་ཆེ་འཕེལ་བཞིན་པའི་ཛ་དྲག་གི་གནས་སྟངས་སེལ་ཐབས་སླད་གཞོན་སྐྱེས་མང་དག་གིས་མཉམ་རུབ་ཀྱིས་ཐབས་ལམ་འཚོལ་ཐབས་དང་སྤེལ་རེས་བྱེད་དགོས། གཞོན་སྐྱེས་ཚོ་ནི་ང་ཚོའི་རེ་བ་རེད་ཅེས་བཀའ་སྩལ་འདུག དེ་འབྲེལ་ངལ་བར་གདོང་ལེན་ཆེད་ང་ཚོ་ཚང་མས་མཉམ་རུབ་ངང་འབད་སྤུངས་ཀྱིས་དུས་བཅས་རེའུ་མིག་འཆར་འགོད་ཐོག་ནས་ལས་འགུལ་སྤེལ་དགོས་ཞེས་བཀའ་སྩལ་འདུག ལར་ནས་མགོན་པོ་༸གང་ཉིད་མཆོག་གིས་རང་གཞན་ཀུན་གོ་ལ་འདི་ཉིད་ལ་བརྟེན་ནས་འཚོ་དགོས་ཀྱི་ཡོད་སྟབས། དེའི་ནང་ཞི་བདེ་བག་ཕེབས་ངང་གནས་པ་ཙམ་མིན་པར་གོ་ལ་སྤྱིར་འཕྲད་པའི་ངལ་བ་སེལ་ཐབས་སུ་རང་གཞན་ཚང་མས་འགན་བཞེས་རྒྱུ་ནི་ཤིན་ཏུ་གནད་ཆེ་ཆགས་ཡོད་པའི་ལམ་སྟོན་མཛད་འདུག

རྒྱལ་ས་བས་མི་ཚེ་དཀྱུས་མའི་ཐོག་ནས་འཚོ་སྡོད་གནང་ཚེ་རི་འདབས་ལ་བཞུགས་མཁན་ཚོའང་འཚོ་བ་དཀྱུས་མ་བསྐྱེལ་ཐུབ།

ཁ་སང་ཕྱི་དྲོ་ནས་དྷ་ས་ནོར་བུ་གསོལ་མགྲོན་ཁང་དུ་  The Dialogue for our Future  ཞེས་གནམ་གཤིས་འགྱུར་ལྡོག་གྱི་ལྷན་ཚོགས་ཤིག་ཉིན་གྲངས་གསུམ་རིང་འཚོགས་བཞིན་པ་ལྟར། ལྷན་ཚོགས་ཀྱི་ཚོགས་བཅར་བ་ཡོངས་ལ་དེ་རིང་ཞོགས་པར་གོ་ལའི་ཉིན་མོ་དང་བསྟུན་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཇལ་ཁ་ཐོབ་ཡོད་པ་དང་། སྐབས་དེར་ཁོར་ཡུག་གྱི་ལས་འགུལ་བ་གྲགས་ཅན་བསོད་ནམས་དབང་ཕྱུག་ལགས་ཀྱིས་ལ་དྭགས་འཁར་དོང་ལ་ནས་བསྣམས་པའི་འཁྱག་རོམ་གྱི་ཆ་ཤས་ཤིག་༸གོང་ས་མཆོག་ལ་སྤྱན་འབུལ་ཞུས་ཡོད་པ་རེད། མཇལ་ཁ་གྲུབ་མཚམས་སུ་བསོད་ནམས་དབང་ཕྱུག་ལགས་གཙོས་ལྷན་ཚོགས་གོ་སྒྲིག་གནང་མཁན་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁོར་ཡུག་བློན་ཆེན་ཟུར་པ་ Martin Bursik ལགས་དང་ཡོ་རོབ་རྒྱལ་ཁབ་ཀྱི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་བསྟན་འཛིན་དབང་པོ་བཀྲས་མཐོང་ལགས་བཅས་ཀྱིས་གསར་འགོད་ལྷན་ཚོགས་ཤིག་གནང་སོང་། སྐབས་དེར་བསོད་ནམས་དབང་ཕྱུག་ལགས་ཀྱིས་གནམ་གཤིས་འགྱུར་ལྡོག་དང་དེའི་ཛ་དྲག་གི་གནས་སྟངས་ཤེས་རྟོགས་ཐུབ་སླད་ཧི་མཱ་ལ་ཡའི་འཁྱགས་རོམ་གྱི་ཆ་ཤས་ཤིག་བསྣམས་ནས་བཅར་རྒྱུ་བྱུང་བ་ནི་བོད་གཙོས་པའི་ཧི་མཱ་ལ་ཡའི་རི་རྒྱུད་ཀྱི་འཁྱག་རོམ་རྣམས་མྱུར་ཚད་ཐོན་པོའི་སྒོ་ནས་བཞུར་བཞིན་པའི་ཛ་དྲག་གི་གནས་སྟངས་ཡོད་པ་འཛམ་གླིང་སྤྱིར་བརྡ་ལན་སྤྲོད་ཕྱིར་ཡིན་སྐོར་གསུངས་པ་དང་ཆགས་ཅིག་ཏུ་རྒྱལ་སར་གནས་བཞུགས་གནང་མཁན་མང་ཚོགས་ཚོས་ཟང་ཟིང་གི་ཐོག་ནས་མ་ཡིན་པར་གནས་སྟངས་དཀྱུས་མའི་སྒོ་ནས་འཚོ་སྡོད་གནང་ཚེ་རི་འདབས་ལ་བཞུགས་མཁན་མང་ཚོགས་ཚོའང་འཚོ་བ་དཀྱུས་མ་བསྐྱེལ་ཐུབ་ཀྱི་རེད་ཅེས་གསུངས་ཡོད། ཁོང་གིས་ལ་དྭགས་འཁར་དོང་ལ་ནས་བསྣམས་ཕེབས་པའི་འཁྱགས་རོམ་གྱི་ཆ་ཤས་དེ་གཞོན་སྐྱེས་ཉེར་ལྔས་རྐང་འཁོར་བཞོན་ནས་བསྣམས་ཕེབས་པ་དང་། དེ་བཞིན་འོར་འདྲེན་གནང་བའི་བརྒྱུད་རིམ་ཁྲོད་སྤྱི་སྤྱོད་རླངས་འཁོར་དང་། གློག་གི་འཕྲུལ་འཁོར་བརྒྱུད་དེ་ཁོར་ཡུག་ལ་དོ་ཕོག་མ་འགྲོ་བའི་སྒོ་ནས་བཞུགས་སྒར་དུ་བསྣམས་ཕེབས་པ་ཞིག་ཡིན་སྐོར་གསུངས་སོང་། གསར་འགོད་པས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་མཇལ་མོལ་ཞུས་སྐབས་བཀའ་སློབ་གཙོ་བོ་གང་ཕེབས་ཡོད་དམ་ཞེས་བཅར་འདྲི་ཞུས་པར་ཁོང་གིས་འཚེ་བ་ཞེས་པ་ནི་གོ་མཚོན་ནས་ཡོང་གི་མེད་པ་དང་། དེ་ནི་ང་ཚོའི་ཉིན་རེའི་འཚོ་བ་སྐྱེལ་སྟངས་དང་འཚོ་བའི་མཐུན་རྐྱེན་ལས་བྱུང་བ་ཞིག་ཡིན་པ་མ་ཟད། འཛམ་གླིང་ནང་མི་ས་ཡ་བདུན་ཙམ་དུག་རླངས་ཀྱི་རྐྱེན་ཀྱིས་འདས་གྲོངས་སུ་འགྱུར་བཞིན་ཡོད་སྟབས། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུས་པའི་འཛམ་གླིང་ནང་གི་ཆོས་ལུགས་ཁག་གི་དབུ་ཁྲིད་ཚོས་ཁོར་ཡུག་དང་གནམ་གཤིས་འགྱུར་ལྡོག་ཐད་ལ་ཐུགས་འགན་འཕར་མ་ཞིག་བཞེས་ཐུབ་ཚེ་དེར་དགེ་མཚན་དམིགས་བསལ་ཞིག་ཡོང་ངེས་ཡིན་པ་གསུངས་སོང་། དེ་བཞིན་གསར་འགོད་ལྷན་ཚོགས་ཐོག་ལྷན་ཚོགས་གོ་སྒྲིག་གནང་མཁན་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁོར་ཡོག་བློན་ཆེན་ཟུར་པ་ Martin Bursik ལགས་ཀྱིས་དེ་སྔ་༸གོང་ས་༸སྐྱབས་མགོན་ཆེན་པོ་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལས་ས་ Prague ནང་ཆིབས་བསྒྱུར་མཛད་སྐབས་གནམ་གཤིས་འགྱུར་ལྡོག་དང་འབྲེལ་ནས་ཁོར་ཡུག་སྲུང་སྐྱོབ་གནང་ཕྱོགས་སོགས་ཀྱི་སྐོར་ལ་བགྲོ་གླེང་དང་ལྷན་ཚོགས་ཤིག་གོ་སྒྲིག་གནང་དགོས་པའི་ལམ་སྟོན་བཀའ་སློབ་ཕེབས་དོན་བཞིན་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་དང་། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་། ཡུ་རེག་ཉམས་ཞིབ་བསྟི་གནས་ཁང་བཅས་གདན་ཞུ་གནང་བའི་སྒོ་ནས་ཐེངས་འདིའི་ལྷན་ཚོགས་གོ་སྒྲིག་རྒྱུ་བྱུང་ཡོད་སྐོར་གསུངས་སོང་། ཐེངས་འདིའི་ལྷན་ཚོགས་ཐོག་འཛམ་གླིང་གི་སྣེ་མོ་གསུམ་པར་གྲགས་པའི་བོད་མཐོ་སྒང་གི་གལ་གནད་སོགས་བརྗོད་གཞི་ཁག་མི་འདྲ་བ་གཙོ་བོ་བཞིའི་ཐོག་བགྲོ་གླེང་དང་གཏམ་བཤད་གནང་ནས་གྲོས་ཆོད་ལྟ་བུ་ཞིག་ Egypt ནང་འཚོགས་གཏན་ཁེལ་བའི་ COP 27 ལྷན་ཚོགས་སུ་རྒྱལ་སྤྱིའི་དབུ་ཁྲིད་ཁག་ལ་འབུལ་ལམ་ཞུ་རྒྱུ་ཡིན་པ་གསུངས་ཡོད། གཞི་རྩའི་ཁ་སང་ལྷན་ཚོགས་ཀྱི་དབུ་འབྱེད་མཛད་སྒོ་ཐོག་ Kenya ནས་ཡིན་པའི་ཁོར་ཡུག་ལས་འགུལ་བ་གྲགས་ཅན་ Elizabeth Wathuti ལགས་ཀྱིས་དབུ་འབྱེད་གསུང་བཤད་གནང་ཡོད་པ་དང་། དེ་རིང་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁོར་ཡོག་བློན་ཆེན་ཟུར་པ་ Martin Bursik ལགས། ཁོར་ཡུག་ལས་འགུལ་བ་ Manshi Asher ལགས་Mountain Resiliency ཞེས་ཁོར་ཡུག་སྲུང་སྐྱོབ་དང་འབྲེལ་བའི་ཡར་ཐོན་ཚོང་ལས་གསར་འཛུགས་གནང་མཁན་ཨ་རིར་གནས་བཞུགས་ཚེས་བཅུ་སྒྲོལ་མ་ལགས། རྩོམ་པ་པོ་གྲགས་ཅན་ Kim Stanley Robinson ལགས། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཁོར་ཡུག་ཚན་པའི་འགན་འཛིན་འཛམ་ལྷ་བསྟན་པ་རྒྱལ་མཚན་ལགས་སོགས་རྒྱལ་སྤྱིའི་ས་གནས་གང་ས་ནས་ཁོར་ཡུག་དང་འབྲེལ་བའི་ཆེད་ལས་པ་བཅིུག་ཙམ་གྱིས་གོ་ལའི་གནམ་གཤིས་འགྱུར་ལྡོག་དང་འབྲེལ་བའི་ངལ་བ་འཕྲད་ཁག་སེལ་ཐབས་དང་། འཛམ་གླིང་གི་སྣེ་མོ་གསུམ་པར་གྲགས་པའི་བོད་མཐོ་སྒང་གི་གལ་གནད་བཅས་ཀྱི་ཐོག་གསུང་བཤད་གནང་གི་འདུག  

བཙན་རྒོལ་རྒྱལ་སྐྱོབ་ཀྱི་ཞི་དྲག་ལས་འགུལ་དང་འབྲེལ་བའི་པར་རིགས་འགྲེམས་སྟོན།

ཨ་རིའི་ CIA གསང་བའི་སྒྲིག་འཛུགས་ཀྱི་མཐུན་འགྱུར་འོག་ཕྱི་ལོ་ ༡༩༥༧ ནས་ ༡༩༧༤ བར་བོད་མི་ཚོས་བོད་དོན་བདེན་མཐའ་སེལ་ཐབས་སུ་ཞི་དྲག་གཉིས་ཀྱི་ཐོག་ནས་བཙན་རྒོལ་རྒྱལ་སྐྱོབ་ཀྱི་ལས་འགུལ་སྤེལ་ཡོད་པ་ལྟར། ཁ་ཉིན་ཕྱི་ཚེས་ ༢༠ ཉིན་ནས་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ IIC རྒྱ་གར་དང་རྒྱལ་སྤྱིའི་ལྟེ་གནས་ཁང་དུ་སྐབས་དེའི་བྱུང་བ་དང་འབྲེལ་བའི་པར་རིགས་འགྲེམས་སྟོན་དང་གློག་བརྙན་གཟིགས་འབུལ་གྱི་དུས་སྟོན་ཞིག་འཚོགས་བཞིན་ཡོད་པ་རེད།དུས་སྟོན་དེ་ནི་གློག་བརྙན་བཟོ་སྐྲུན་པ་འཛིན་བསྟན་འཛིན་བསོད་ནམས་ལགས་དང་ཁོང་གི་བཟའ་ཟླ་རི་ཏུ་ས་རིན་ལགས། ན་ཏཱ་ཤཱ་ཛིནབཱལྰ་བཅས་ཐུན་མོང་ཐོག་ནས་གོ་སྒྲིག་གནང་ཡོད་པ་དང་། བསྟན་འཛིན་བསོད་ནམས་ལགས་ཀྱི་ཕ་དམ་པ་དྲུང་ཡིག་ལྷ་མོ་ཚེ་རིང་ལགས་ནི་སྐབས་དེའི་བརྩན་རྒོལ་རྒྱལ་སྐྱོབ་ཀྱི་གསང་བའི་ལས་འགུལ་སྣེ་ཁྲིད་གནང་མཁན་གཙོ་བོ་གྲས་ཤིག་དང་། ལྷག་པར་དུ་ཁོང་སྐུ་སྒེར་གྱི་ངོས་ནས་དུས་སྐབས་དེའི་པར་རིགས་དང་། ཡིག་ཆ། སྒྲ་བརྙན་སོགས་ལོ་མང་རིང་གསོག་འཇོག་གནང་ཡོད་པ་ལྟར། The Shadow Circus ཞེས་པའི་འགྲེམས་སྟོན་བརྒྱུད་དེ་བོད་ནང་གི་དེ་སྔོན་གྱི་བྱུང་བ་ངོ་སྤྲོད་གནང་ཡོད།ཕྱི་ཚེས་ ༢༠ ནས་འགོ་འཛུགས་ཀྱིས་ཟླ་ ༥ ཚེས་ ༡ བར་མུ་མཐུད་ཚོགས་ཀྱི་ཡོད་པའི་འགྲེམས་སྟོན་དང་བསྟུན་ནས་བོད་མིའི་དཀའ་སྡུག་དང་རང་དབང་འཐབ་རྩོད་ཀྱི་ལས་དོན་དང་འབྲེལ་བའི་གློག་བརྙན་གཟིགས་འབུལ་གནང་བ། དེ་བཞིན་གཏམ་བཤད་ཀྱི་ལས་རིམ་བཅས་གོ་སྒྲིག་གནང་ཡོད་པ་བཞིན་ཁ་སང་ཕྱི་དྲོ་ Sweet Requiem འམ་སྐྱོ་དབྱངས་མངར་མོ་ཞེས་པའི་གློག་བརྙན་གཟིགས་འབུལ་གནང་བ་དང་གཟིགས་མོར་ཕེབས་མཁན་མི་གྲངས་བརྒྱ་སྐོར་ཞིག་འདུགགློག་བརྙན་ནང་སྒྲོལ་དཀར་ཞེས་པའི་བུ་མོ་ཆུང་ཆུང་ཞིག་བོད་ནས་རྒྱ་གར་དུ་བྲོས་བྱོལ་ལ་ཡོང་པའི་ལོ་རྒྱུས་ཡིན་སྟབས། གཟིགས་མོར་ཕེབས་མཁན་ཚོས་གློག་བརྙན་དེས་ཚོར་ཤུགས་ཆེན་པོ་ཞིག་སྦྱིན་སྐོར་གསུངས་པ་མ་ཟད། གློག་བརྙན་གཟིགས་འབུལ་གྲུབ་མཚམས་སུ་དྲི་བ་དྲིས་ལན་དང་བསམ་ཚུལ་བརྗེ་ལེན་སོགས་ཀྱང་གནང་ཡོད།   གཞི་རྩའི་གློག་བརྙན་བཟོ་སྐྲུན་པ་བསྟན་འཛིན་བསོད་ནམས་ལགས་ཀྱི་ཕ་དམ་པ་ཙོང་ཁ་ལྷ་མོ་ཚེ་རིང་ལགས་ནི་༸སྐུའི་གཅེན་པོ་བཀའ་བློན་ཁྲི་ཟུར་རྒྱ་ལོ་དོན་གྲུབ་མཆོག་གི་ལྷན་དུ་ ༡༩༥༢ ལོར་རྒྱ་གར་དུ་བྲོས་བྱོལ་ལ་ཕེབས་ཏེ། ཀ་སྦུག་ཁུལ་དུ་བོད་ཀྱི་བདེ་དོན་ཚོགས་པ་དང་། དེ་རྗེས་༡༩༥༨ ལོར་ཨ་རིའི་དབུས་གསང་བའི་ལས་ཁང་ CIA དང་འབྲེལ་བ་བྱུང་དོན་ལྟར་ཞི་དྲག་གཉིས་ཐོག་ནས་བལ་ཡུལ་གྱི་གློ་སྨོན་ཐང་ཁུལ་དུ་བསྟན་སྲུང་དང་དམག་སྒྲིག་འཛུགས་བརྒྱུད་བོད་ནང་འཇབ་དམག་གི་ལས་འགུལ་ནང་རྐང་འགན་བཞེས་མཁན་ཞིག་དང་། ལྷག་པར་དུ་ཁོང་གིས་དེ་རྗེས་བོད་གཞུང་བདེ་སྲུང་ལས་ཁུངས་ཀྱི་དྲུང་ཆེ་ལས་འཕར་དང་སློབ་སྟོན་རྒྱུན་ལས་ཀྱི་ཚོགས་མིའི་ཐུགས་འགན་བཞེས་མྱོང་ཡོད་པ་སོགས་ཀྱི་མི་སྣ་བྱས་རྗེས་ཅན་ཞིག་ཡིན་པ་ལྟར་ཁོང་གི་བུ་བསྟན་འཛིན་བསོད་ནམས་ལགས་སུ་དེ་འབྲེལ་བཅར་འདྲི་ཁག་ཅིག་ཞུས་པར་ཁོང་གིས་རང་ཉིད་ལ་གློག་བརྙན་བཟོ་སྐྲུན་གྱི་རྒྱབ་ལྗོངས་ཡོད་པ་དང་ལྷག་དོན་སྒྲ་བརྙན་གཉིས་ནི་རང་ཉིད་ཀྱི་བསམ་ཚུལ་གཞན་ལ་བཤད་ཐུབ་པའི་ཐབས་ལམ་ཡག་ཤོས་ཤིག་ཡིན་སྟབས་ད་ལྟའི་ལས་འགུལ་འདི་བོད་མིའི་རང་དབང་འཐབ་རྩོད་ཀྱི་ཆ་ཤས་ཤིག་ཏུ་ངོས་འཛིན་གྱི་ཡོད་པར་གསུངས་སོང་བ་དང་ཆབས་ཅིག རྒྱ་གར་ལྟ་བུ་མི་འབོར་ཤིན་ཏུ་མང་བའི་རྒྱལ་ཁབ་ནང་བོད་གཞུང་མང་གཉིས་ཀྱི་ངོས་ནས་ཤུགས་རྒྱག་རྒྱུ་དེ་ཧ་ཅང་གལ་ཆེན་པོར་དགོངས་བཞིན་ཡོད་པ་སོགས་གསུངས་ཡོད།

རེས་གཟའ་ཕུར་བུ། ༢༠༢༢།༠༤།༢༡

ཉན་པ།: Listen ཕབ་ལེན། Download གོ་ལའི་ཉིན་མོར་༸གོང་ས་མཆོག་ལ་ལ་དྭགས་འཁར་དོང་ལའི་འཁྱགས་རོམ་གྱི་ཆ་ཤས་ཤིག་སྤྱན་འབུལ་ཞུ་རྒྱུ། བོད་མི་ཁག་ཅིག་གིས་ཡུཀ་རེན་ས་མཚམས་སུ་ཡོད་པའི་སྐྱབས་བཅོལ་བར་རོགས་སྐྱོར་གནང་བ། སྲིད་སྐྱོང་མཆོག་བྱང་ཨ་རིར་གཞུང་འབྲེལ་ཕྱོགས་འཚམས་གཟིགས་ཆེས་ཐོག་མ་དབུ་འཛུགས། ཨིན་ཡུལ་སྲིད་བློན་མཆོག་རྒྱ་གར་དུ་གཞུང་འབྲེལ་འཚམས་གཟིགས་དབུ་འཛུགས། རྒྱ་གར་གཞུང་གིས་ས་མཚམས་ཁག་ཏུ་གཞུང་ལམ་དང་ཟམ་པ་གསར་རྒྱག་ཆེད་ས་ཡ་སུམ་ཁྲི་ཆིག་སྟོང་འཆར་འབུལ། འཕྲོད་བསྟེན་ཤེས་བྱ་ངོ་སྤྲོད། མགོ་གཟེར་མཱ་ཨི་གྷི་རན། Thursday 21/04/2022 A Block of Melting Ice from Ladakh Glacier for Dalai Lama on Earth Day Tibetan MP leads aid mission for Ukrainian refugees India to spend 31,000 crore, build 64 border roads and 103 bridges China in mind, British PM visits India to boost Indo-Pacific ties Sikyong leaves for official visit to Germany, US and Canada Health and Wellness: Migraine by Dr. Yeshi Khandro

གོ་ལའི་ཉིན་མོར་༸གོང་ས་མཆོག་ལ་ལ་དྭགས་འཁར་དོང་ལའི་འཁྱགས་རོམ་གྱི་ཆ་ཤས་ཤིག་སྤྱན་འབུལ་ཞུ་རྒྱུ།

སང་ཉིན་གོ་ལའི་ཉིན་མོ་དང་བསྟུན་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པ་དང་། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་། ཡུ་རེག་ཉམས་ཞིབ་བསྟི་གནས་ཁང་བཅས་ཐུན་མོང་གི་གོ་སྒྲིག་འོག་དེ་རིང་ནས་ཉིན་གྲངས་གསུམ་རིང་བཞུགས་སྒར་ནོར་བུ་གསོལ་མགྲོན་ཁང་དུ་ Dialogue for Our Future  ཞེས་པའི་ཁོར་ཡུག་ལྷན་ཚོགས་ཤིག་འཚོགས་གཏན་ཁེལ་ཡོད་པ་དང་། ཁ་སང་དགོང་མོར་ཚོགས་འདུར་མཉམ་ཞུགས་གནང་མཁན་གྱི་ཁོར་ཡུག་ལས་འགུལ་བ་དང་ཚན་རིག་པ། ཁྱད་ལས་པ་བཅས་ནས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག་བཅས་ལྷན་དུ་མཇལ་མོལ་གནང་ཡོད་པ་རེད།ཐེངས་འདིའི་ཁོར་ཡུག་ལྷན་ཚོགས་ཐོག་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུས་པའི་རྒྱལ་སྤྱིའི་ས་གནས་གང་སར་ནས་ཁོར་ཡུག་དང་འབྲེལ་བའི་ཆེད་ལས་པ་བཅིུག་ཙམ་གྱིས་གོ་ལའི་གནམ་གཤིས་འགྱུར་ལྡོག་དང་འབྲེལ་བའི་ངལ་བ་འཕྲད་ཁག་སེལ་ཐབས་དང་། འཛམ་གླིང་གི་སྣེ་མོ་གསུམ་པར་གྲགས་པའི་བོད་མཐོ་སྒང་གི་གལ་གནད་བཅས་ཀྱི་ཐོག་གསུང་བཤད་གནང་གི་ཡོད་པ་མ་ཟད། ལྷག་དོན་རྒྱ་གར་བྱང་ཕྱོགས་ལ་དྭགས་ནས་ཡིན་པའི་ཁོར་ཡུག་ལས་འགུལ་བ་གྲགས་ཅན་སྐུ་ཞབས་བསོད་ནམས་དབང་ཕྱུག་ལགས་ལ་དྭགས་འཁར་དོང་ལར་ཆེད་བསྐྱོད་ཀྱིས་མྱུར་ཚད་མཐོ་པོའི་ཐོག་ནས་བཞུར་བཞིན་པའི་འཁྱགས་རོམ་གྱི་ཆ་ཤས་ཤིག་བསྣམས་ཡོད་པ་ལྟར་སང་སྔ་དྲོར་ཁོང་གིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ལ་དྭགས་འཁར་དོང་ལའི་འཁྱགས་རོམ་གྱི་ཆ་ཤས་དེ་སྤྱན་འབུལ་ཞུ་རྒྱུ་རེད་འདུག དེ་རིང་ཕྱི་དྲོ་ནས་དབུ་འཛུགས་གནང་རྒྱུའི་ཉིན་གྲངས་གསུམ་རིང་གི་ལྷན་ཚོགས་ཀྱི་དབུ་འབྱེད་མཛད་སྒོ་ཐོག Kenya ནས་ཡིན་པའི་ཁོར་ཡུག་ལས་འགུལ་བ་གྲགས་ཅན་ Elizabeth Wathuti ལགས་ནས་དབུ་འབྱེད་གསུང་བཤད་དང་། དེ་བཞིན་Mountain Resiliency ཞེས་ཁོར་ཡུག་སྲུང་སྐྱོབ་དང་འབྲེལ་བའི་ཡར་ཐོན་ཚོང་ལས་གསར་འཛུགས་གནང་མཁན་ཨ་རིར་གནས་བཞུགས་ཚེས་བཅུ་སྒྲོལ་མ་ལགས། རྩོམ་པ་པོ་གྲགས་ཅན་ Kim Stanley Robinson བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཁོར་ཡུག་ཚན་པའི་འགན་འཛིན་འཛམ་ལྷ་བསྟན་པ་རྒྱལ་མཚན་ལགས། ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁོར་ཡོག་བློན་ཆེན་ཟུར་པ་ Martin Bursik ལགས། ཁོར་ཡུག་ལས་འགུལ་བ་ Manshi Asher ལགས་སོགས་ནས་གཏམ་བཤད་གནང་གི་འདུག   སང་ཉིན་སྔ་དྲོར་ཁོར་ཡུག་ལྷན་ཚོགས་ཀྱི་ཚོགས་བཅར་བ་ཡོངས་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་གཟིམ་ཆུང་མཇལ་ཁ་དང་བཀའ་སློབ་བསྩལ་གྱི་ཡོད་པ་ལྟར་བསོད་ནམས་དབང་ཕྱུག་ལགས་ལ་དྭགས་འཁར་དོང་ལར་ཆེད་བསྐྱོད་ཀྱིས་མྱུར་ཚད་མཐོ་པོའི་ཐོག་ནས་བཞུར་བཞིན་པའི་ ice block འམ་འཁྱགས་རོམ་གྱི་ཆ་ཤས་ཤིག་བསྣམས་ཡོད་པ་དེ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་སྤྱན་འབུལ་ཞུ་གྱི་ཡོད་པ་དང་། ཁོང་དང་ཁོང་གི་ཕྱག་རོགས་རྣམ་པ་དེ་རིང་ཇམྨུ་ནས་ Electric car འམ་གློག་གི་འཕྲུལ་འཁོར་བརྒྱུད་བཞུགས་སྒར་དུ་བཅར་གྱི་ཡོད་པ་རེད།

བོད་མི་ཁག་ཅིག་གིས་ཡུཀ་རེན་ས་མཚམས་སུ་ཡོད་པའི་སྐྱབས་བཅོལ་བར་རོགས་སྐྱོར་གནང་བ།

ད་ཆ་ཨུ་རུ་སུས་ཡུཀ་རེན་ནང་དུ་དྲག་པོའི་བཙན་འཛུལ་བྱས་ནས་ཟླ་བ་གཉིས་ལྷག་འགྲོ་བཞིན་པའི་ཁྲོད་འདིར་ཨུ་རུ་སུའི་ཕྱོགས་ནས་ཡུཀ་རེན་གྱི་གྲོང་ཁྱེར་ཁག་ཅིག་ཏུ་དངོས་སུ་འབར་རྫས་དང་གོ་མཚོན་གྱི་ལམ་ནས་གཏོར་རྒོལ་ཚབས་ཆེན་གཏོང་བཞིན་ཡོད་སྟབས་ཡུཀ་རེན་གྱི་མི་སེར་འབུམ་ཕྲག་མང་པོ་ Poland དང་ Slovakia དེ་བཞིན་ Hungary སོགས་ཉེ་འཁོར་ཁྱིམ་མཚེས་རྒྱལ་ཁབ་ཁག་ཏུ་སྐྱབས་བཅོལ་ལ་འགྲོ་དགོས་བྱུང་བ་མ་ཟད་དོན་རྐྱེན་དེའི་འོག་ད་བར་ཡུཀ་རེན་གྱི་མི་སེར་ ༤༠༠༠ ལྷག་གི་ཚེ་སྲོག་ཤོར་བ་དང་ ༥༥༠༠ ལྷག་ལ་རྨས་སྐྱོན་ཕོག་པ་བྱུང་ཡོད།ཡུཀ་རེན་ནང་དུ་ངལ་བ་འཕྲད་བཞིན་པའི་དམག་འཁྲུག་གི་དོན་རྐྱེན་ཁྲོད་ཨ་རི་གཙོས་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་ཡུཀ་རེན་ལ་མཚོན་ཆ་སོགས་ཀྱི་རྒྱབ་སྐྱོར་གནང་བ་དང་ཆབས་ཅིག ཨུ་རུ་སུར་དཔལ་འབྱོར་དང་ཚོང་ལས་བཀག་སྡོམ་གནང་ཡོད་པ་རེད།དེའི་ཁྲོད་སི་པེན་གྱི་གྲོང་ཁྱེར་ Barcelon ནང་རྟེན་གཞི་བྱས་པའི་བོད་ཁང་གིས་སྣེ་ཁྲིད་འོག་ཡུ་རོབ་སྤྱི་འཐུས་ཐུབ་བསྟན་དབང་ཆེན་ལགས་གཙོས་དེ་འབྲེལ་ལས་བྱེད་གཉིས་དང་། པོཊ་ལན་ཌི་བོད་རིགས་ཚོགས་པའི་ཚོགས་མི་ཁག་ཅིག་བཅས་མཉམ་འབྲེལ་ཐོག་ཡུཀ་རེན་གྱི་ས་མཚམས་ Medyka ལ་ཆེད་ཕེབས་ཀྱིས་སྐྱབས་བཅོལ་བ་རྣམས་ལ་རོགས་སྐྱོར་གནང་འདུག རྩ་བའི་ཨུ་རུ་སུས་ཡུཀ་རེན་ལ་དྲག་པོའི་བཙན་འཛུལ་བྱས་པའི་གནད་དོན་དང་འབྲེལ་ཏེ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡུཀ་རེན་གྱི་གནས་སྟངས་ལ་ཐུགས་ཕམ་མཛད་པ་དང་སྦྲགས། གྲོས་མོལ་བརྒྱུད་ཡུཀ་རེན་ནང་ཞི་བདེ་སླར་གསོ་གནང་དགོས་པའི་གསུང་འཕྲིན་ཞིག་སྩལ་ཡོད་པ་མ་ཟད། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཀྱང་ཨུ་རུ་སུས་ཡུཀ་རེན་ནང་དུ་བཙན་འཛུལ་བྱེད་བཞིན་པའི་གནས་སྟངས་འདིས་དེ་སྔ་ ༡༩༥༠ ལོར་རྒྱ་ནག་གིས་བོད་ལ་བཙན་འཛུལ་བྱས་པའི་གནས་སྟངས་དེ་དྲན་གསོ་གནང་ཡོད་པར་འགྲེལ་བརྗོད་དང་འབྲེལ་ཏེ། འཚེ་བའི་ལམ་ལ་བསྐྱོད་རྒྱུ་དེ་ནི་འགྲོ་བ་མི་ཞིག་གི་གནང་སྟངས་མིན་པར་མ་ཟད་དེ་ནི་ད་ལྟའི་དུས་ཚོད་དང་མི་མཐུན་པའི་བྱེད་སྟངས་ཤིག་རེད་ཅེས་དང་ཡུཀ་རེན་ལ་གང་མགྱོགས་ཞི་བདེ་སླར་གསོ་གནང་དགོས་པ་གསུངས་ཡོད།

རྒྱ་གར་གཞུང་གིས་འཕགས་བོད་གཙོ་གྱུར་ས་མཚམས་ཁག་ཏུ་གཞུང་ལམ་དང་ཟམ་པ་གསར་རྒྱག་ཆེད་ས་ཡ་སུམ་ཁྲི་ཆིག་སྟོང་འཆར་རྩིས་ཞུས་འདུག

དེའང་རྒྱ་གར་གྱི་ The Times of India གསར་ཤོག་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། རྒྱ་གར་དབུས་གཞུང་གིས་འཕགས་བོད་གཉིས་ཀྱི་ས་མཚམས་གཙོ་བོར་གྱུར་པའི་རྒྱ་གར་དང་པ་ཀིེསྟན་ས་མཚམས། དེ་བཞིན་རྒྱ་གར་དང་སྦར་མ་ས་མཚམས་བཅས་ཀྱི་སྲུང་སྐྱོབ་ཆེད་དུ་དམག་བྱུས་ཀྱི་གཞུང་ལམ་ཁྱོན་སྤྱི་ལེ་ ༣༥༠༨ ཡོད་པ་ ༦༤ དང་དེ་བཞིན་ཟམ་ཆེན་ ༡༠༣ བཅས་གསར་རྒྱག་གི་ལས་གཞི་སླད་དངུལ་འབོར་ས་ཡ་སུམ་ཁྲི་ཆིག་སྟོང་འགྲོ་འཆར་གྱི་འཆར་འབུལ་ཞུས་འདུག་པ་དང་། ལྷག་དོན་གཞུང་ལམ་དང་ཟམ་པ་གསར་རྒྱག་གི་ལས་གཞི་ལས་བཞི་ཆ་གསུམ་ནི་འཕགས་བོད་གཉིས་ཀྱི་ས་མཚམས་དང་ཐད་ཀར་འབྲེལ་ཡོད་ཆགས་ཀྱི་འདུག གནས་ཚུལ་ཡོང་ཁུངས་ཞིག་གིས་སྔོན་རྩིས་དེའང་མགྱོགས་མྱུར་རྒྱ་གར་གྱི་བདེ་འཇགས་བློན་ཆེན་ལྷན་ཚོགས་ཀྱི་དྲུང་དུ་བཀའ་འཁྲོལ་ཞུ་སླད་འཆར་འབུལ་ཞུ་རྒྱུ་ཡིན་པར་གསུངས་འདུགརྒྱ་གར་དབུས་གཞུང་གི་འབྲེལ་ཡོད་ལས་བྱེད་ཀྱིས་ The Times of India གསར་ཁང་ལ་དམག་བྱུས་ཀྱི་གཞུང་ལམ་གསར་པ་དེ་དག་བརྒྱུད། ས་མཚམས་ས་ཁུལ་རྫོགས་ལམ་གྱི་བར་ཐག་ཉུང་འཕྲི་ཐུབ་པར་དགེ་མཚན་ལྡན་ཡོད་པར་འགྲེལ་བརྗོད་གནང་བ་མ་ཟད། རྒྱ་གར་བྱང་ཤར་ཁུལ་གྱི་མངའ་སྡེ་ཨ་རུ་ནཱ་ཅལ་ནང་གི་ Kameng Sector ཞེས་པའི་ས་ཁུལ་ཕུད་པའི་ས་མཚམས་རྫོགས་ལམ་གྱི་བར་ཐག་དེ་སྤྱི་ལེ་ ༢༠ ནས་ ༡༢༠ བར་ལ་ཡོད་ཀྱང་། རྒྱ་ནག་ལྟ་བུའི་ནང་སྤྱི་ལེ་ ༨ ལས་ཉུང་བ་ཡོད་པ་རེད་འདུགའབྲེལ་ཡོད་ཅིག་གིས་གསུངས་དོན་ལྟར་ན། ཐེངས་འདིའི་འཕགས་བོད་གཉིས་ཀྱི་ས་མཚམས་གཙོས་པའི་ས་མཚམས་ཁག་ཏུ་གཞུང་ལམ་དང་ཟམ་པ་གསར་རྒྱག་གི་ལས་གཞིའི་ཁྲོད་ནས་བརྒྱ་ཆ་ ༧༨ འགྲོ་སོང་ཡོངས་རྫོགས་འཕགས་བོད་གཉིས་ཀྱི་ས་མཚམས་ཁུལ་དུ་གཏོང་རྒྱུ་དང་དེ་བཞིན་བརྒྱ་ཆ་ ༡༤ འགྲོ་སོང་ཡོངས་རྫོགས་རྒྱ་གར་དང་པ་ཀིསྟན་ས་མཚམས་ཁུལ་དུ་ཆེད་གཏོང་གནང་རྒྱུ་ཡིན་པ་མ་ཟད། ལས་འཆར་དེ་ཕྱི་ལོ་ ༢༠༢༩ ལོའི་ཕྱི་ཟླ་ ༣ ནང་ལེགས་གྲུབ་ཐུབ་ཀྱི་འདུགཕྱོགས་མཚུངས་སུ་ལས་གཞི་དེའི་དམིགས་ཡུལ་གཞན་ཞིག་ནི། ས་མཚམས་ས་ཁུལ་དུ་ཆགས་པའི་ཨ་རུ་ནཱ་ཅལ་དང་མ་ཎི་པུར། འབྲས་ལྗོངས། མི་ཛོ་རམ། ལ་དྭགས། ཇམྨུ་དང་ཀཤྨིར། ཨུཏྲཁནྡྲ། རཱ་ཛྶཐཱན། ཧི་མཱ་ཅལ་བཅས་དང་འབྲེལ་མཐུད་ཡར་རྒྱས་གཏོང་ཐབས་བཅས་ཆགས་སྐོར་གསུངས་འདུག་པ་དང་ཆབས་ཅིག ད་ལན་གྱི་ས་མཚམས་ཉེན་སྲུང་གནང་ཐབས་དང་འབྲེལ་བའི་ལས་འཆར་དེས་གོང་གསལ་ས་ཁུལ་དེ་དག་ནང་དུ་དམག་འཐབ་ཀྱི་ལས་དོན། སྤྱི་ཚོགས་དང་དཔལ་འབྱོར་གྱི་བྱ་གཞག་གནང་རྒྱུའི་མྱུར་ཚད་འཕར་བར་ནུས་ཤུགས་ལྡན་པ་བསྐྲུན་རྒྱུའི་དགེ་མཚན་ཡོད་སྐོར་གསུངས་འདུག

རེས་གཟའ་ལྷག་པ། ༢༠༢༢།༠༤།༢༠

ཉན་པ།: Listen ཕབ་ལེན། Download འགྲོ་བ་མིའི་ཐོབ་ཐང་གཙོ་འཛིན་མཆོག་ནས་རྒྱ་ནག་ཏུ་སྐོར་སྐྱོད་དོན་སྨིན་སོན་པ་ཞིག་གནང་དགོས་པའི་ཞུ་སྐུལ། རྒྱལ་ཚོགས་ཀྱིས་རྒྱ་གཞུང་ལ་བོད་ཀྱི་ཆབ་སྲིད་བཙོན་པའི་གནད་དོན་སྐོར་འདྲི་རྩད་གནང་བ། བོད་དོན་གཏམ་བཤད་ཀྱི་སྐོར་སྐྱོད་གནང་བཞིན་པ་བསྟན་འཛིན་བརྩོན་འགྲུས་ལགས་ནོར་ཝེ་ནང་ལ་འབྱོར་འདུག རྒྱ་གཞུང་གི་ངལ་རྩོལ་བཀག་སྡོམ་དང་འབྲེལ་ཏེ་གྲོས་མཐུན་གཉིས་ལ་ཁས་ལེན་གྱི་མི་རྟགས་བཀོད་པ། དྷ་ས་ཁུལ་དུ་ཁོར་ཡུག་གཙང་མ་ཉར་ཐབས་ཀྱི་གོ་རྟོགས་ལས་འགུལ་སྤེལ་བ། Wednesday 20/04/2022 60 rights groups urge UN Rights Chief to ensure credible China visit China questioned on arrest and disappearance of 3 Tibetan political prisoners at UN Tibetan writer/activist on Europe speaking tour, reaches Norway China signs forced Labor Treaties as Xinjiang scrutiny grows Waste management awareness campaign in Dharamsala

Latest news