Tibetan Royal Year of 2151 | Year of the Wood Dragon

ARCHIVE

Monthly Archives: June, 2022

ཕྱི་རྒྱལ་ལ་ཕེབས་མཁན་གྱི་ས་སྟོང་རྣམས་བོད་མིའི་སྒྲིག་འཛུགས་ལ་ཕུལ་དགོས།

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་རྒྱ་གར་ལྷོ་ཕྱོགས་གཞིས་ཆགས་ཁག་ཏུ་གཞུང་འབྲེལ་འཚམས་གཟིགས་གནང་བཞིན་པ་དང་བསྟུན། དེ་རིང་སྦེལ་ཀོབ་གཞིས་ཆགས་ནང་གི་འཚམས་གཟིགས་ཀྱི་ཉིན་མཐའ་མར་བདེ་སླར་མི་མང་ཚོགས་ཁང་དུ་སྔ་དྲོའི་ཕྱག་ཚོད་ ༩།༣༠ ནས་ཉིན་རྒྱབ་ཕྱག་ཚོད་ ༡།༣༠ བར་ས་གནས་མང་ཚོགས་ལ་གཏམ་བཤད་དང་བཀའ་འདྲི་ཁག་ལ་ལན་འདེབས་གནང་འདུགསྲིད་སྐྱོང་མཆོག་གིས་མང་ཚོགས་ལ་གཙོ་བོ་སྐབས་བཅུ་དྲུག་པའི་བཀའ་ཤག་གི་ལས་དོན་གནང་ཕྱོགས་དང་སྲིད་བྱུས་བཅས་ངོ་སྤྲོད་གནང་བ་དང་ཆབས་ཅིག བོད་མིའི་གཞིས་ཆགས་ཁག་ཏུ་གནས་བཞུགས་གནང་མཁན་གྱི་མིའི་གྲངས་འབོར་ལོ་རེ་བཞིན་ཇེ་ཉུང་དུ་འགྲོ་བཞིན་སྟབས་གཞིས་ཆགས་དེ་དག་སྟོང་ཉེན་སྲིད་སྐོར་འགྲེལ་བརྗོད་གནང་སྟེ། གཞིས་ཆགས་ནང་ས་སྟོང་ཡོད་ཚེ་ངེས་པར་དུ་བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ལ་ཕུལ་དགོས་པ་དང་། སྒྲིག་འཛུགས་ཀྱི་ངོས་ནས་བོད་ནས་ཕེབས་པའི་བོད་མི་ཁྱིམ་མེད་པ་ཚོར་ཁང་པ་གསར་རྒྱ་གནང་རྒྱུའི་འཆར་གཞི་ཡོད་སྐོར་གསུངས་པ་དང་དེ་བཞིན་གཞེན་སྐུལ་གནང་འདུགསྲིད་སྐྱོང་མཆོག་གིས་ད་དུང་སྤྱི་ཚོགས་ནང་ཕན་ཚུན་བསམ་ཚུལ་མི་མཐུན་པའི་གནས་ཚུལ་བྱུང་སྐབས་ནང་ཁུལ་རྩོད་པ་གནང་ནས་མ་བཞུགས་པར་གུ་ཡངས་ཐོག་གནད་དོན་ལ་སྦྱང་བཤད་གནང་དགོས་པའི་ལམ་སྟོན་གནང་ཡོད།གཏམ་བཤད་ཀྱི་ལས་རིམ་གྲུབ་རྗེས་དྲི་བ་དྲིས་ལན་གྱི་དུས་ཚོད་གནང་བ་ལྟར་མི་མང་མི་ཉུང་བ་ཞིག་ནས་དོགས་འདྲི་དང་བསམ་འཆར་སོགས་ཕུལ་མཁན་བྱུང་བའི་ཁོངས་སུ་ཁག་ཅིག་གིས་བོད་མི་མང་སྤྱི་འཐུས་གྲོས་ཚོགས་ཀྱི་ཆོས་བརྒྱུད་ཀྱི་སྤྱི་འཐུས་རྣམ་པའི་བཀའ་མོལ་གནང་ཕྱོགས་ལ་མི་འགྲིག་པའི་བསམ་འཆར་དང་། དེ་བཞིན་བོད་མིའི་སྤྱི་ཚོགས་ནང་བོད་ཀྱི་སྐད་ཡིག་དང་རིག་གཞུང་ལ་གཅེས་འཛིན་གནང་སྟངས་ཞན་པོ་འདུག་སྟབས་བཀའ་ཤག་གི་ངོས་ནས་གནད་དོན་དེ་དག་ཐོག་དགོངས་བཞེས་གནང་རོགས་ཞེས་རེ་སྐུལ་ཞུས་སོང་ལ། ཕྱི་རྒྱལ་གྱི་མི་སེར་ཡིན་པའི་བོད་མི་རྣམས་གཞིས་ཆགས་ནང་ཕེབས་སྐབས་ PAP ཞེས་པའི་རྒྱ་གར་གཞུང་གི་ཡིག་ཆ་དགོས་པའི་གནད་དོན་དང་འབྲེལ་དཀའ་ངལ་ཡོད་སྐོར་ཞུས་པར་སྲིད་སྐྱོང་མཆོག་གིས་རྒྱ་གར་དབུས་དང་ལྷན་བཀའ་མོལ་ཞུས་ཡོད་པ་དང་ངལ་བ་དེ་དག་སེལ་རྒྱུར་དགོངས་པ་བཞེས་ཀྱི་ཡོད་ཅེས་གསུངས་འདུགསྤྱིར་དེ་རིང་སྔ་དྲོའི་སྲིད་སྐྱིང་མཆོག་གཞིས་ཆགས་མང་ཚོགས་ལ་གཏམ་བཤད་གནང་སླད་ཕེབས་སྐབས་སྦེལ་ཀོབ་ལྷ་མོ་ཚོགས་པས་ལྷ་མོའི་འཁྲབ་སྟོན་དང་སློབ་ཕྲུག་རྣམ་པས་རྔ་གླིང་རོལ་མོ་དང་བཅས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་ཡོད། ཁ་སང་ནས་དབུ་འཛུགས་ཀྱིས་སྦེལ་ཀོབ་ལུགས་བདེ་གཉིས་ཀྱི་གཞིས་ཆགས་ནང་ཉིན་བཞིའི་རིང་གི་གཞུང་འབྲེལ་འཚམས་གཟིགས་ལེགས་པར་གྲུབ་ནས་དེ་རིང་མང་ཚོགས་རྣམས་ལ་གསུང་བཤད་གནང་སྐབས་སྲིད་སྐྱོང་མཆོག་དང་ལྷན་དུ་ལྷོ་སྤྱི་དང་ལུགས་བདེ་གཉིས་ཀྱི་ས་གནས་འགོ་འཛིན། ཕྱོགས་བཞུགས་སྤྱི་འཐུས་རྣམ་པ་བཅས་ཕེབས་འདུག འབྲེལ་ཡོད་པར་ཁག་ཅིག་གི་བདག་དབང་སྲིད་སྐྱོང་གི་ངོ་དེབ།

དྷ་ས་ས་གནས་འགོ་འཛིན་གྱི་དངོས་གཞིའི་འོས་བསྡུ་གནང་བ།

དྷ་ས་ས་གནས་འགོ་འཛིན་གྱི་དངོས་གཞིའི་འོས་བསྡུ་ཟླ་བ་སྔོན་མའི་ཚེས་ ༢༤ ཉིན་དང་ཐོག་གནང་གཏན་འཁེལ་བའི་གསལ་བསྒྲགས་སྤེལ་ཡོད་ཀྱང་། ཕྱི་ཟླ་ ༥ ཚེས་ ༢༣ ཉིན་དྷ་ས་ས་གནས་འོས་བསྡུ་ཚོགས་ཆུང་གིས་ས་གནས་འགོ་འཛིན་གྱི་དངོས་གཞི་འོས་བསྡུ་གྲ་སྒྲིག་ཞུ་ཕྱོགས་ཚགས་ཚུད་ཡོང་སླད་དངོས་གཞིའི་འོས་བསྡུ་ཉིན་གྲངས་ ༡༠ རིང་འཕར་འགྱངས་གནང་སྟེ་ཕྱི་ཟླ་ ༦ ཚེས་ ༣ ཉིན་གནང་རྒྱུའི་གསལ་བསྒྲགས་སྤེལ་དོན་ལྟར། དེ་རིང་བཞུགས་སྒར་ཁུལ་དུ་སྐབས་ ༢༣ པའི་རྡ་ས་ས་གནས་འགོ་འཛིན་གྱི་དངོས་གཞི་འོས་བསྡུ་ལས་རིམ་དེ་གནང་ཡོད་པ་རེད།རྩ་བའི་དྷ་ས་ས་གནས་འགོ་འཛིན་གྱི་སྔོན་འགྲོའི་འོས་བསྡུའི་ནང་དང་དུ་བླངས་ནས་བཞེངས་མཁན་མི་སྣ་ལྔ་བྱུང་བའི་ཁྲོད་དྷ་ས་ས་གནས་འོས་བསྡུ་ཚོགས་ཆུང་ནས་འོས་བསྡུའི་གྲུབ་འབྲས་གསལ་བསྒྲགས་གནང་བར་འོས་གྲངས་མང་ཤོས་སོན་པ་དཀོན་མཆོག་མིག་དམར་དམར་ལགས་དང་དྷ་ས་ས་གནས་འགོ་འཛིན་ལས་ཐོག་ཀུན་དགའ་ཚེ་རིང་ལགས་རྣམ་གཉིས་དངོས་གཞིའི་འོས་བསྡུའི་ནང་ཕེབས་ཡོད།དྷ་ས་ས་གནས་འོས་བསྡུ་ལས་ཁང་གིས་དངོས་གཞིའི་འོས་མིའི་མཚན་གསལ་བསྒྲགས་གནང་བའི་རྗེས་ཟླ་བ་སྔོན་མའི་ཚེས་ ༡༦ ཉིན་དྷ་ས་ས་གནས་འགོ་འཛིན་ལས་ཁུངས་ཀྱི་ཁོར་ཡུག་ཚན་པའི་འབྲེལ་མཐུད་པས་དྷ་ས་ས་གནས་འཐུས་ཚོགས་དང་བོད་མིའི་སྒྲིག་འཛུགས་སྲིད་ལས་ཁུངས་ཀྱི་དྲུང་ཆེའི་མཚན་ཐོག་ལ་ས་གནས་འགོ་འཛིན་ལས་ཐོག་གི་ངོས་ནས་དོན་ཚན་གསུམ་གྱི་སྒོ་ནས་དྲང་བདེན་དང་ཕྱི་གསལ་ནང་གསལ་གནང་མེད་པའི་ཞུ་སྙན་ཞིག་ཕུལ་ཡོད་པ་ལྟར་ས་གནས་འོས་བསྡུ་ལས་ཁང་ནས་དངོས་གཞིའི་འོས་བསྡུ་ཉིན་བཅུ་རིང་འཕར་འགྱངས་གནང་ཡོད།འོན་ཀྱང་ཕྱི་ཟླ་ ༥ ཚེས་ ༢༤ འཁོད་དྷ་ས་ས་གནས་འཐུས་ཚོགས་ནས་སྤྱི་མོས་ཀྱི་གྲོས་ཆོད་ཡིག་ཚགས་ཞིག་ཕྱིར་འགྱར་བྱུང་བའི་ནང་ས་གནས་འགོ་འཛིན་ལས་ཐོག་གི་རྙོག་གླེང་དང་འབྲེལ་ནས་གྲོས་ཆོད་དོན་ཚན་གསུམ་བཀོད་ཡོད་པ་ལྟར། རླུང་འཕྲིན་ཁང་ནས་དེ་རིང་དྷ་ས་ས་གནས་འཐུས་ཚོགས་ཀྱི་ཚོགས་གཙོ་ཟླ་བ་ཚེ་རིང་ལགས་སུ་ཞལ་པར་བརྒྱུད་འཐུས་ཚོགས་ཀྱིས་བཞག་པའི་གྲོས་ཆོད་དང་ས་གནས་འགོ་འཛིན་གྱི་དངོས་གཞིའི་འོས་བསྡུ་དེ་དུས་ཐོག་གནང་མ་ཐུབ་པར་འཕར་འགྱངས་གནང་དོན། དེ་བཞིན་སྤྱི་ཚོགས་ཁྲོད་གླེང་སློང་ཤུགས་ཆེར་གནང་བའི་རྙོག་གླེང་དེ་སེལ་ཡོད་མེད་སྐོར་བཅར་འདྲི་ཞུས་ཡོད།གང་ལྟར་ས་གནས་འོས་བསྡུ་འགན་འཛིན་ལ་ས་གནས་འཐུས་ཚོགས་ནས་ད་ཡོད་ས་གནས་འགོ་འཛིན་དང་འབྲེལ་བའི་རྙོག་གྲར་དཔྱད་ཞིབ་ཀྱིས་གྲོས་ཆོད་ཀྱི་ལམ་ནས་གཙང་སེལ་བྱས་ཡོད་པ་དང་དངོས་གཞིའི་འོས་བསྡུའི་ལས་རིམ་བསྐྱང་ན་འགྲིག་གི་ཡོད་པར་བཀའ་ཕེབས་སོང་ཞེས་ས་གནས་འོས་བསྡུའི་འགན་འཛིན་ནས་སྤྱི་ཚོགས་དྲྭ་ལམ་བརྒྱུད་གསུངས་དོན་ལྟར། དེ་རིང་སྐབས་ ༢༣ པའི་དྷ་ས་ས་གནས་འགོ་འཛིན་གྱི་དངོས་གཞིའི་འོས་བསྡུ་ལས་རིམ་དེ་བསྐྱངས་ཡོད། དངོས་གཞིའི་འོས་མི་དཀོན་མཆོག་མིག་དམར་ལགས་ས་གནས་འགོ་འཛིན་སྐབས་མི་འདྲ་བ་གཉིས་ཀྱི་འོག་ཕྱག་ལས་གནང་མྱོང་ཡོད་པ་དང་། འོས་མི་ཀུན་དགའ་ཚེ་རིང་ལགས་ནི་སྐབས ༢༢ པའི་དྷ་ས་ས་གནས་འགོ་འཛིན་ཡིན་པ་རེད།

ཞི་ཅིན་ཕིང་ལ་བོད་ནང་མི་སེར་སྤེལ་ཡུལ་གྱི་སྲིད་བྱུས་སྤེལ་མཚམས་འཇོག་དགོས་པའི་ཞུ་སྐུལ།

བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་སྲིད་འཛིན་ཞི་ཅིན་ཕིང་ལ་བོད་ནང་བཙན་དབང་གིས་མི་སེར་སྤེལ་ཡུལ་གྱི་སྲིད་བྱུས་སྤེལ་མཚམས་འཇོག་དགོས་པའི་ཞུ་ཡིག་ཅིག་ཕུལ་འདུགབཞུགས་སྒར་དུ་རྟེན་གཞི་བྱས་པའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་ཁ་ཉིན་རྒྱ་ནག་གི་བྱིས་པའི་དུས་ཆེན་དང་བསྟུན་སྲིད་འཛིན་ཞི་ཅིན་ཕིང་ལ་གཞིས་བྱེས་བོད་མིའི་ཚབ་ཞུས་ཏེ་ཞུ་ཡིག་ཅིག་ཕུལ་འདུག རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་དེ་ཐོག་མ་མི་རིགས་སྣ་མང་གི་སྲིད་གཞུང་ངོ་བོའི་ཐོག་ནས་གསར་འཛུགས་ཀྱིས་མི་རིགས་སྣ་མང་རང་བཞིན་ལ་བརྩི་སྲུང་བྱ་རྒྱུའི་ཁས་ལེན་བྱས་ནས་མི་རིགས་དེ་དག་གི་ཚོགས་སྡེ་ཡོངས་ལ་ཡར་རྒྱས་ཡོང་བར་རམས་འདེགས་ཞུ་རྒྱུ་རྒྱལ་ཁབ་དེའི་རྩ་ཁྲིམས་ཀྱི་གླེང་གཞི་ནང་འཁོད་ཡོད་པ་དེ་ལྟར་ཡང་། ད་ཆ་རྒྱ་ནག་དམར་ཤོག་ཚོགས་པས་ཤེས་ཡོན་དང་སྐད་ཡིག ཆོས་ལུགས་བཅས་ཀྱི་ཐོག་མི་རིགས་སྲིད་བྱུས་གཉིས་པ་ཞེས་པའི་མིང་ཐོག་ནས་བོད་ནང་མི་སེར་སྤེལ་ཡུལ་གྱི་སྲིད་བྱུས་དྲག་ཤུལ་ངང་ལག་བསྟར་བྱེད་བཞིན་ཡོད་པ་དེས་རྒྱལ་ཁབ་དེ་ཉིད་ཀྱིས་འདས་པའི་ལོ་ངོ་ ༧༠ རིང་ཡུལ་དེའི་ནང་གི་གྲངས་ཉུང་མི་རིགས་ཀྱི་ཆབ་འབངས་རྣམས་ལ་རང་སྐྱོང་གི་དབང་ཆ་ཐོབ་ཡོད་པ་དེ་ནུས་མེད་དུ་གཏོང་གྱི་ཡོད་པར་སེམས་འཚབ་དང་འབྲེལ་ཏེ་རྒྱ་ནག་གི་མངའ་འོག་ཏུ་ཡོད་པའི་མི་རིགས་ཐམས་ཅད་རྒྱ་བསྒྱུར་བྱེད་བཞིན་པའི་མི་སེར་སྤེལ་ཡུལ་གྱི་སྲིད་བྱུ་དེ་ཉིད་འཕྲལ་མལ་སྤེལ་མཚམས་འཇོག་དགོས་པའི་དགོས་འདུན་བཏོན་པ་མ་ཚད་པར་བོད་ནང་ལག་བསྟར་བྱེད་བཞིན་པའི་རྒྱ་ནག་གི་ཁྲིམས་དང་སྲིད་བྱུས་དག་གིས་བོད་མིའི་ཐུན་མོང་མ་ཡིན་པའི་ཆོས་རིག སྐད་ཡིག བོད་མིའི་ངོ་བོ་བཅས་པ་རྩ་བརླག་གཏོང་བཞིན་ཡོད་པར་མངོན་གསལ་གནང་འདུགསྤྱིར་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་ཉེ་དུས་ཞི་ཅིན་ཕིང་གི་དབང་འོག་ཏུ་བོད་ཀྱི་སྐད་ཡིག་དང་ཤེས་ཡོན་གྱི་ཐོབ་ཐང་སྐོར་ཉམས་ཞིབ་གནང་བའི་གྲུབ་དོན་སྙན་ཐོ་ཞིག་འདོན་སྤེལ་གནང་བ་བརྒྱུད། རྒྱ་གཞུང་གིས་བོད་ནང་ལ་མངོན་གསལ་དོད་པོས་བོད་ཀྱི་སྐད་ཡིག་གཙོས་རིག་གཞུང་དང་བཅས་པ་རྩ་མེད་གཏོང་རྒྱུའི་སྲིད་བྱུས་ཁག་འཛེམ་ཟོན་མེད་པར་ལག་བསྟར་བྱེད་བཞིན་ཡོད་པ་ར་སྤྲོད་གནང་བ་དང་། ལྷག་དོན་སྲིད་བྱུས་དེའི་འོག་བོད་མགོ་ལོག་ཁུལ་གྱི་སེང་འབྲུག་སྟག་རྩེ་སློབ་གྲྭ་གཙོས་རྨ་ཆེན་རྫོང་དང་དགའ་བདེ་རྫོང་གི་བོད་པའི་སྒེར་གཉེར་དང་ཕྱེད་སྒེར་གཉེར་གྱི་སློབ་གྲྭ་ཁག་ཅིག་བཙན་གྱིས་སྒོ་རྒྱག་བཅུག་ནས་བོད་ས་ཁྱོན་གྱི་སློབ་གྲྭ་ཁག་ཏུ་རྒྱ་ཡིག་སློབ་ཀྱི་ཡོད་པར་མངོན་གསལ་གནང་ཡོད།བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་ད་ཐེངས་ཀྱི་ཞུ་ཡིག་བརྒྱུད་ཞི་ཅིན་ཕིང་ལ་བོད་ནང་གི་བོད་མི་རྣམས་ལ་རང་མི་རིགས་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག་བཅས་པ་རང་དབང་ངང་ལོངས་སུ་སྤྱོད་རྒྱུའི་ཐོབ་ཐང་སྤྲོད་དགོས་པ་དང་ཆབས་ཅིག བོད་ནང་སྲིད་བྱུས་དང་ཁྲིམས་གཞི་གང་ཞིག་ལག་བསྟར་གྱི་སྔ་རོལ་དུ་འགྲོ་བ་མིའི་ཐོབ་ཐང་བརྩི་སྲུང་བྱེད་དགོས་པའི་རེ་སྐུལ་ཞུས་འདུག

བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་མ་ཎི་དུང་སྒྲུབ་དབུ་འཛུགས།

དེ་རིང་ཕྱི་ཟླ་ ༦ ཚེས་ ༣ ཉིན་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུ་ཕྱྭའི་ཞབས་བརྟན་གཙོས་བོད་བསྟན་སྲིད་སྤྱིའི་བདེ་ཐབས་སླད་དུ་གཟའ་འཁོར་གཅིག་གི་རིང་འཚོགས་རྒྱུའི་མ་ཎི་དུང་སྒྲུབ་དབུ་འཛུགས་གནང་སོང་།རྩ་བའི་ཉེ་ལམ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་བོད་རིགས་གཞོན་སྐྱེས་རྣམས་ལ་ཉིན་གཉིས་ཀྱི་འཕགས་པ་སྤྱན་རས་གཟིགས་ཀྱི་བཀའ་དབང་དང་༸རྗེ་ཙོང་ཁ་པ་ཆེན་པོས་མཛད་པའི་རྟེན་འབྲེལ་བསྟོད་པའི་བཀའ་ཆོས་བཀའ་དྲིན་སྩལ་སྐབས་ཇོ་བོ་ཝ་ཏི་བཟང་པོའི་སྐུ་བརྙན་གཙུག་ལག་ཁང་དུ་གདན་འདྲེན་ཞུས་ཏེ། འཕགས་པ་སྤྱན་རས་གཟིགས་ཀྱི་ཆོ་གའི་ཐོག་ནས་མ་ཎི་རིལ་བུ་གསོག་སྒྲུབ་གནང་བཞིན་ཡོད་པ་རེད།རྣམ་གྲྭ་ཕན་བདེ་ལེགས་བཤད་གླིང་གི་སློབ་གྲྭའི་དཔེ་ཁྲིད་སློབ་དཔོན་དགེ་བཤེས་བློ་བཟང་གྲགས་པ་ལགས་སུ་མ་ཎི་དུང་སྒྲུབ་ཀྱི་གོ་དོན་དང་འབྲེལ་བའི་བཅར་འདྲི་ཁག་ཅིག་ཞུས་ཡོད།གཞི་རྩའི་ལོ་ལྟར་ས་ག་ཟླ་བའི་དུས་ཆེན་ནམ་ཡིན་ལ་མ་ཎི་དུང་སྒྲུབ་གསོག་གནང་གི་ཡོད་པ་དང་། དེའང་སྔ་དྲོ་ཚོུད་ ༦༌༣༠ ནས་ ༡༡༌༣༠ བར་དང་ཉིན་རྒྱབ་ཚོུད་ ༡༌༣༠ ནས་ ༥ བར་ཚོགས་ཀྱི་ཡོད་པ་རེད།

བུ་འཁྲིད་དཀར་པོ་ཆེ་ལགས་སླར་ཁེ་ན་ཌའི་ Parkdale-High Park ས་གནས་གྲོས་ཚོགས་ཀྱི་འཐུས་མིར་འདེམས་ཐོན།

ཁེ་ན་ཌའི་ Ontario མངའ་ཁུལ་གྱི་ Parkdale ས་གནས་སུ་གནས་སྡོད་བོད་རིགས་བེུད་བུ་འཁྲིད་དཀར་པོ་ཆེ་ལགས་སླར་ཡང་ས་གནས་དེའི་གྲོས་ཚོགས་ཀྱི་འཐུས་མིར་འོས་འདེམས་བྱུང་ཡོད་པ་རེད། ཁ་སང་ Toronto Star གསར་ཁང་གིས་གནས་ཚུལ་སྤེལ་བར་བུ་འཁྲིད་ལ་དཀར་པོ་ཆེ་ལགས་སུ་ Parkdale High ས་གནས་གྲོས་ཚོགས་ཀྱི་འོས་བསྡུའི་ཁྲོད་བརྒྱ་ཆ་ ༥༣.༣ འམ་འོས་གྲངས་ ༥༩༦༤ བཅས་ཚད་མཐོའི་ཐོག་ནས་སླར་ཁེ་ན་ཌའི་ Parkdale High ས་གནས་ཀྱི་གྲོས་ཚོགས་འཐུས་མིེར་འདེམས་ཐོན་བྱུང་ཡོད་པ་རེད། བུ་འཁྲིད་དཀར་པོ་ཆེ་ལགས་ནི་ཁེ་ན་ཌའི་ཆབ་སྲིད་པ་ཞིག་ཡིན་པ་དང་། Ontario མངའ་ཁུལ་ཀྱི་ New Democratic ཆབ་སྲིད་ཚོགས་པའི་ཚོགས་མི་ཡིན་པ་རེད། ཁོང་དེ་སྔ་ཕྱི་ལོ་ ༢༠༡༨ ཟླ་ ༧ ནས་བཟུང་ Parkdale ས་གནས་གྲོས་ཚོགས་འཐུས་མིའི་འགན་བཞེས་ཀྱི་ཡོད་པ་དང་། སྐབས་དེར་ཕྱིའི་རྒྱལ་ཁབ་ཁག་དང་ལྷག་པར་དུ་བྱང་ཨ་རི་ནང་དུ་བོད་རིགས་ཤིག་དེ་ལྟ་བུའི་ཆབ་སྲིད་ཀྱི་སྡིངས་ཆ་ཆེ་གྲས་ནང་ཕེབས་པ་ཆེས་ཐོག་མ་ ཆགས་ཀྱི་ཡོད་པ་རེད། ཁོང་གིས་ལོ་ ༡༤ ལྷག་རིང་ས་གནས་མི་མང་གི་འཕྲོད་བསྟེན་དང་ཤེས་ཡོན་གཙོས་གལ་ཆེའི་ལས་དོན་མང་དག་ཅིག་གི་གཙོ་འགན་བཞེས་ཡོད་པ་མ་ཟད་རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ལས་ཁང་གི་ལམ་སྟོན་ཚོགས་ཆུང་གི་ཚོགས་མི་གཙོས་བོད་རིགས་ཚོགས་པ་མི་ཉུང་བའི་ནང་ཚོགས་མི་སོགས་ཀྱི་ཐུགས་འགན་བཞེས་མྱོང་ཡོད་པ་རེད། གཞི་རྩའི་ཁེ་ན་ཌའི་ Ontario མངའ་ཁུལ་གྱི་ Parkdale-High Park ས་གནས་ནང་འོས་ཤོག་འཕེན་པར་འོས་ཆོས་ལྡན་པའི་མི་གྲངས་ ༨༥༦༣༠ ཡོད་པ་དང་ཁུལ་དེའི་ནང་ཁ་སང་ཁེ་ན་ཌའི་དགོང་དྲོ་ཆུ་ཚོད་ ༩།༢༨ བར་འོས་བསྡུའི་ས་ཚིགས་ཁྱོན་བསྡོམས་ ༡༢༤ ཡོད་པའི་ནང་ནས་ New Democratic ཆབ་སྲིད་ཚོགས་པའི་འོས་བསྡུའི་ས་ཚིགས་ ༢༥ ནང་རྒྱལ་ཁ་ཐོབ་པའམ་མང་མོས་འོས་ཐོབ་པར་བརྩིས་འདུག

རེས་གཟའ་ཕུར་བུ། ༢༠༢༢།༠༦།༠༢

ཉན་པ།: Listen ཕབ་ལེན། Download ཁྱེད་རང་ཚོས་ངོས་ལ་རྩིས་པོ་ཡོད་ན་བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བ་སྒོམས་ཤིག གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་གི་གནས་སྟངས་ཇི་ཆགས་ཀྱི་ལས་དོན་དབུ་འཛུགས། རྒྱ་གཞུང་གི་ཆོས་ཕྱོགས་དང་འབྲེལ་བའི་སྒྲིག་གསར་གྱིས་བོད་ཀྱི་དགོན་སྡེར་སྔར་ལྷག་ངལ་འཕྲད། སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་བོད་དོན་དང་འབྲེལ་བའི་ཧིཾདིའི་དཔེ་དེབ་དབུ་འབྱེད་གནང་བ། རྒྱ་ནག་གིས་བལ་ཡུལ་དུ་ལས་མི་འོར་འདྲེན་ཆེ་རྐྱེན་བལ་ཡུལ་གཞོན་སྐྱེས་རྣམས་ལ་དཀའ་ངལ། ལྕམ་སྐུ་ Michelle མཆོག་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གཙོ་འཛིན་གྱི་ལས་འགནས་ནས་དགོངས་ཞུ་གནང་དགོས། Thursday 02/06/2022 If you love and revere me, practice Bodhicitta and Emptiness: HHDL to Tibetan youth Tibetan Parliament forms Tibfin Review Committee; members meet today Tibetan monasteries face tighter control under new religious financial management measures</li Samdhong Rinpoche inaugurates new book on Tibet China snatches employment opportunities of Nepali youth Genocide scholars and rights advocates calling for resignation of chief

 ཁྱེད་རང་ཚོས་ངོས་ལ་རྩིས་པོ་ཡོད་ན་བྱང་ཆུབ་སེམས་དང་སྟོང་ཉིད་ཀྱི་ལྟ་བ་སྒོམས་ཤིག

དེ་རིང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་རིགས་གཞོན་སྐྱེས་རྣམས་ལ་ཉིན་གཉིས་ཀྱི་འཕགས་པ་སྤྱན་རས་གཟིགས་ཀྱི་བཀའ་དབང་དང་༸རྗེ་ཙོང་ཁ་པ་ཆེན་པོས་མཛད་པའི་རྟེན་འབྲེལ་བསྟོད་པའི་བཀའ་ཆོས་མཇུག་སྒྲིལདང་སྦྲགས་ཏེ་༸གོང་ས་མཆོག་གིས་༸རྒྱལ་བ་རིན་པོ་ཆེས་རྩ་ཆེན་པོ་རྩིས་ས་དེ་བྱང་ཆུབ་ཀྱི་སེམས་ཡིན་སྟབས། ཁྱེད་རང་ཚོས་ངོས་ལ་རྩིས་པོ་ཡོད་ན་བྱང་ཆུབ་སེམས་དང་སྟོང་ཉིད་ཀྱི་ལྟ་བ་སྒོམས་ཤིག་ཅེས་བཀའ་སྩལ་སོང་། དེ་རིང་སྔ་དྲོ་ཕྱག་ཚོད་ ༧ པ་མ་ཟིན་ཙམ་ལ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་༸རྒྱལ་བའི་ཕོ་བྲང་ནས་ཕྱི་ནང་གི་དད་ལྡན་མང་ཚོགས་སྟོང་ཚོགས་བརྒལ་བའི་འདུ་འཛོམས་གནང་ཡུལ་ཐེག་ཆེན་ཆོས་གླིང་དུ་གཙུག་ལག་ཁང་དུ་ཆིབས་བསྒྱུར་བཀྲིན་བསྐྱངས་ཏེ་གདོང་ལྔས་གཏེགས་པའི་གསེར་གྱི་ཁྲི་འཕང་མཐོན་པོར་༸ཞབས་སོར་བདེ་བར་འཁོད་མཚམས་སུ་སྤྱན་རས་གཟིགས་ཀྱི་བཀའ་དབང་དངོས་གཞི་དབུ་འཛུགས་མཛད་པ་དང་འབྲེལ། ༸གོང་ས་མཆོག་གིས་འཕགས་པ་སྤྱན་རས་གཟིགས་ནི་ནང་པའི་ལུང་པ་མང་པོར་རྩ་ཆེན་པོ་རྩིས་ཀྱི་ཡོད་པ་དང་རྒྱ་ནག་ལྟ་བུ་ནང་དུའང་ཨ་ཝ་ལོ་ཀི་ཏེཤ་ཝ་ར་ཟེར་ནས་རྩ་ཆེན་པོ་རྩིས་ཀྱི་ཡོད་མ་ཟད་བོད་ལ་ཆ་བཞག་ན་འཕགས་པ་སྤྱན་རས་གཟིགས་ཀྱི་འདུལ་ཞིང་ཆགས་ཏེ་སྔར་ཆོས་རྒྱལ་ཚོའི་སྐབས་ནས་དམིགས་བསལ་གྱི་འབྲེལ་བ་ཡོད་པར་བཀའ་སྩལ་མཛད་སོང་། དེ་བཞིན་མགོན་པོ་༸གང་ཉིད་མཆོག་གིས་བཀའ་དབང་སྩལ་བའི་ཁྲོད་སྟོང་ཉིད་ཀྱི་ལྟ་བ་དང་བྱང་ཆུབ་ཀྱི་སེམས་གཉིས་སྒོམ་པས་སེམས་ལ་ཞི་བདེ་ཡོང་གི་ཡོད་པ་དང་། སེམས་ལ་ཞི་བདེ་ཡོང་བའི་རྒྱུ་རྐྱེན་ལ་བརྟེན་ནས་ལུས་པོ་བདེ་ཐང་ཡོང་གི་ཡོད་སྟབས། སེམས་ལ་ཞི་བདེ་འཐོབ་རྒྱུ་དེ་ནི་འཕྲོད་བསྟེན་ལེགས་ཤོས་རེད། ཁྱེད་རང་ཚོའི་སེམས་ཀྱི་ཞི་བདེར་དོ་སྣང་བྱེད་དགོས་ཞེས་ལམ་སྟོན་བཀྲིན་ཆེ་བ་སྩལ་ཡོད།༸གོང་ས་མཆོག་གིས་ཁྱེད་རང་ཚོས་གལ་ཏེ་༸རྒྱལ་བ་རིན་པོ་ཆེ་བླ་མར་བརྩིས་ཀྱི་ཡོད་ན། ༸རྒྱལ་བ་རིན་པོ་ཆེས་རྩ་ཆེན་པོར་བརྩི་ས་དེ་བྱང་ཆུབ་ཀྱི་སེམས་ཡིན། ཁྱེད་རང་ཚོས་ངོས་ལ་རྩིས་པོ་ཡོད་ན་བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བ་སྒོམས་ཤིག་ཅེས་བཀའ་སྩལ་ཡོད།ད་དུང་མགོན་༸གང་ཉིད་མཆོག་གིས་ངོས་རང་རྒྱ་གར་ནང་བསྡད་ནས་སེམས་ཅན་གྱི་འགྲོ་དོན་རྒྱ་ཆེན་པོ་བྱེད་ཐུབ་པ་ཆགས་ཡོད་པ་དེ་ལྟར་ནའང་བོད་ནང་ཡོད་པ་ཡིན་ན་དེ་ལྟར་གནང་དཀའ་སྐོར་བཀའ་སྩལ་བ་དང་འབྲེལ། ཁྱེད་རང་ཚོས་རང་ཉིད་ཀྱི་ངོ་ཤེས་པ་ཚོར་༸སྐུ་མདུན་གྱིས་སེམས་བཟང་པོ་དང་ཀུན་ལ་ཕན་སེམས། དེ་བཞིན་མ་ཎི་བགྲོངས་ཤིག་ཅེས་བཀའ་སྩལ་སྐོར་ལན་སྤྲོད་དགོས་ཞེས་བཀའ་སྩལ་མཛད་སོང།སྤྱིར་ཐེངས་འདིའི་ཆོས་འབྲེལ་ཐོག་རྒྱ་གར་གཙོས་པའི་ཨ་རི་ནས་སློབ་གྲྭ་དང་མཐོ་སློབ་འགྲིམ་བཞིན་པའི་བོད་ཕྲུག་ ༣༠༠༠ མན་ཙམ་ནས་མཉམ་ཞུགས་གནང་ཡོད་པ་དང་། ཉིན་གཉིས་ཀྱི་བཀའ་ཆོས་རྣམས་རྣམ་ཀུན་ལྟར་སྐད་ཡིག་སྣ་མང་ཐོག་ཐད་སྲིང་གནང་ཡོད།དེ་རིང་༸གོང་ས་མཆོག་གིས་ཐུགས་རྗེ་ཆེན་པོའི་དབང་དངོས་གཞི་སྩལ་སྒྲུབ་རྗེས་ངོས་ཀྱི་དམིགས་འོག་ཏུ་ཡོད་པའི་བོད་ཀྱི་རྒྱ་ཆེ་མི་མང་རྣམས་ནི་༸རྒྱལ་བ་རིན་པོ་ཆེར་ཡིད་ཆེས་རྩེ་གཅིག་བྱེད་མཁན་ཤ་སྟག་ཆགས་ཡོད་ཁྱེད་རང་ཚོར་དབང་ཐོབ་ཡོད་ལ། ངོས་ལ་རྒྱ་རིགས་དད་མོས་ཡོད་མཁན་ཚོས་འཕགས་པ་སྤྱན་རས་གཟིགས་ཀྱི་བྱིན་བརླབས་འཇུག་པར་ཤོག་ཟེར་ནས་སྨོན་ལམ་སྐྱོན་གྱི་ཡོད་ཅེས་བཀའ་སྩལ་བ་དང་སྦྲགས། ཁྱེད་རང་ཚོ་ཚང་མ་བློ་བདེ་པོ་དང་སེམས་སྐྱིད་པོ་བགྱིས་ཤིག ངོས་རང་ལོ་ན་ ༨༧ ལ་བསླེབས་ཡོད་པ་དང་ད་དུང་ལོ་བཅོ་ལྔ་ཉི་ཤུ་བསྡད་རྒྱུ་ཡིན། བོད་ནང་གི་དཀའ་ངལ་དེ་རིམ་པས་སེལ་ཐུབ་ཀྱི་རེད་ཅེས་ཀྱི་བཀའ་སྩལ་སོང་། ༸སྐུ་པར་ཁག་ཅིག་གི་བདག་དབང་༸སྐུ་སྒེར་ཡིག་ཚང་།

རྒྱ་གཞུང་གི་ཆོས་ཕྱོགས་དང་འབྲེལ་བའི་ཁྲིམས་སྒྲིག་གསར་པས་བོད་ཀྱི་དགོན་སྡེར་སྔར་ལྷག་ངལ་བ་འཕྲད་རྒྱུ།

རྒྱ་ནག་རྒྱལ་ཡོངས་ཆོས་ལུགས་ལས་དོན་ལྷན་ཁང་དང་དཔལ་འབྱོར་ལྷན་ཁང་གཉིས་ཀྱིས་ཆོས་ཕྱོགས་དང་འབྲེལ་བའི་དཔལ་འབྱོར་གྱི་ལས་དོན་ལ་ཚོད་འཛིན་དམ་དྲག་གི་ཁྲིམས་སྒྲིག་ཞིག་ཁ་སང་ཕྱི་ཚེས་ ༡ ནས་ལག་བསྟར་བྱ་རྒྱུའི་གསལ་བསྒྲགས་སྤེལ་བ་དང་བསྟུན་བོད་ནང་གི་དགོན་སྡེ་ཁག་ལ་སྔར་ལྷག་དམ་དྲག་གི་དཀའ་ངལ་འཕྲད་ངེས་ཡིན་པར་བརྗོད་འདུགཁ་སང་ཨ་རིར་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་རྒྱ་ནག་གཞུང་གིས་བོད་བརྒྱུད་ནང་བསྟན་གྱི་དགོན་སྡེ་ཁག་ལ་སྟངས་འཛིན་སླད་དགོན་པའི་དཔལ་འབྱོར་གཙོས་ལས་དོན་མཐའ་དག་ལ་ཚོད་འཛིན་གྱི་ཁྲིམས་སྒྲིག་གསར་པ་གཏན་འབེབས་བྱས་ཡོད་པ་དང་། ཐེངས་འདིའི་ཁྲིམས་སྒྲིག་ནི་འདི་ལོའི་ཕྱི་ཟླ་ ༣ པའི་ནང་དྲ་རྒྱའི་ཐོག་ཆོས་ཕྱོགས་ཀྱི་གནས་ཚུལ་ལ་སྟངས་འཛིན་བྱ་རྒྱུའི་ཁྲིམས་སྒྲིག་ལག་བསྟར་བྱ་རྒྱུའི་གསལ་བསྒྲགས་སྤེལ་བའི་རྗེས་སུ་ཆོས་ཕྱོགས་དང་འབྲེལ་བའི་ཁྲིམས་སྒྲིག་ཐེངས་གཉིས་པ་དེ་ཆགས་ཀྱི་ཡོད་པར་བཤད་འདུག སྤྱིར་ཁྲིམས་སྒྲིག་དེ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ནང་གི་ཆོས་ལུགས་དང་འབྲེལ་བའི་ས་ཚིགས་ཡོངས་ལ་ཁྱབ་ཀྱི་ཡོད་ཚུལ་ཟེར་ཡོད་པ་དེ་ལྟར་ནའང་། བོད་ནང་རྒྱུན་ལྡན་ནས་སྤྱི་ཚོགས་དང་རིག་གཞུང་གཉིས་ཀའི་ཐད་དགོན་སྡེ་ཁག་དང་བཙུན་དགོན་ཁག་གིས་ཐུགས་འགན་ཆེན་པོ་བཞེས་ཀྱི་ཡོད་པའི་གནས་སྟངས་ལ་གཞིགས་ཏེ་ཐེངས་འདིའི་ཁྲིམས་སྒྲིག་དེའི་ཤུགས་རྐྱེན་བོད་ནང་ཆེས་ཆེར་ཐེབས་ངེས་ཡིན་སྐོར་གསུངས་འདུག་པ་མ་ཟད། ཁྲིམས་སྒྲིག་དེའང་རྒྱ་གཞུང་གིས་བོད་བརྒྱུད་ནང་བསྟན་དེ་ཉིད་ཀྲུང་གོ་ཅན་དུ་བསྒྱུར་རྒྱུའི་ལས་གཞི་མྱུར་ཚད་ཐོན་པོའི་སྒོ་ནས་ལག་བསྟར་ཡོང་ཐབས་དང་མཐུན་པ་ཞིག་བཟོས་ཡོད་པ་གསུངས་འདུག དེ་བཞིན་བོད་ཀྱི་དགོན་སྡེ་ཁག་གིས་སྲོལ་རྒྱུན་གྱི་ཐོག་ནས་ཆོས་ལུགས་དང་སྤྱི་ཚོགས་ཀྱི་དགོས་མཁོ། དགོན་པའི་སློབ་གཉེར་གྱི་གལ་གནད་ལ་གཞིགས་ནས་རང་དབང་གི་དབང་ཚད་ལྡན་པའི་ལས་དོན་གཉེར་ཀྱི་ཡོད་ཀྱང་ད་ཆ་ཁྲིམས་སྒྲིག་དེའི་ཐོག་ནས་རྒྱ་ནག་གཞུང་དང་ཤེས་ཡོན་ལྟེ་གནས་ཀྱིས་གང་བཤད་ལ་ཉན་དགོས་སྐོར་བཀོད་པ་དང་འབྲེལ། སྤྱིར་རྒྱ་ནག་གཞུང་གིས་དེ་སྔ་ཡང་དགོན་སྡེ་ཁག་གི་དཔལ་འབྱོར་གྱི་ལས་དོན་ལ་སྟངས་འཛིན་གྱི་ཐབས་ཤེས་བྱས་ཡོད་ཀྱང་དེར་དོན་འབྲས་སོན་མེད་པར་བཤད་འདུག རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་རྒྱ་ནག་གཞུང་གིས་ཆོས་ཕྱོགས་དང་འབྲེལ་བའི་དཔལ་འབྱོར་གྱི་ལས་དོན་ལ་ཚོད་འཛིན་དམ་དྲག་གི་ཁྲིམས་སྒྲིག་དེ་ ༢༠༡༠ ལོར་ཚོད་ལྟ་བྱས་ཡོད་ཀྱང་རྒྱ་ནག་གཞུང་གི་རེ་བ་བཞིན་དོན་འབྲས་སོན་མེད་པ་དང་ལོ་ངོ་བཅུའི་གོང་ལ་ཚོད་ལྟ་བྱས་པའི་ཁྲིམས་སྒྲིག་ནང་ལེ་ཚན་ ༩ དང་དོན་ཚན་ ༤༠ ཡོད་པ་དང་། ཁྲིམས་སྒྲིག་གསར་པའི་ནང་དཔལ་འབྱོར་དང་འབྲེལ་བའི་ལེ་ཚན་གསར་པ་འཇུག་རྒྱུ་མ་ཟད་དོན་ཚན་ཁག་ཞིབ་ཕྲར་བཀྲལ་བའི་ལེ་ཚན་ ༡༠ དང་དོན་ཚན་ ༥༥ ཡོད་པ་བཀོད་འདུག ཕྱི་ལོ་ ༢༠༡༠ ལོར་ཚོད་ལྟ་བྱས་པའི་ཁྲིམས་སྒྲིག་ནང་ཆོས་ཕྱོགས་ཀྱི་ལས་དོན་ཐད་དཔལ་འབྱོར་ལྷན་ཁང་གི་འགན་སྐོར་ལ་དམིགས་བསལ་གང་ཡང་བཀོད་མེད་ཀྱང་ཁྲིམས་སྒྲིག་གསར་པའི་ནང་ཆོས་ཕྱོགས་དང་འབྲེལ་ཚོགས་སྡེ་ཁག་གི་དཔལ་འབྱོར་དོ་དམ་གྱི་ལས་དོན་ཐོག་ཆོས་ལུགས་ལས་དོན་ལྷན་ཁང་དང་དཔལ་འབྱོར་ལྷན་ཁང་གཉིས་འབྲེལ་བ་དམ་ཟབ་ཐོག་མཉམ་ལས་བྱ་རྒྱུ་ཡིན་སྐོར་བཀོད་འདུག དགོན་སྡེ་ཁག་གི་སྤྱི་ཚོགས་བདེ་དོན་དང་འབྲེལ་བའི་ལས་དོན་སོགས་ཀྱི་ཐོག་ནས་ཡོང་འབབ་བཟོ་ཆོག་ཀྱང་། ཁྲིམས་སྒྲིག་གསར་པའི་ནང་མི་མང་ཁྲོད་ཆོས་ཕྱོགས་ཀྱི་ཤུགས་རྐྱེན་འགོག་ཐབས་སུ་གཞུང་ཁོ་ནའི་ལས་དོན་གཉེར་རྒྱུ་ཞེས་སྔར་གྱི་དོན་ཚན་དེ་མེད་པ་བཟོས་ཡོད་པ་དང་། དེ་སྔ་ཚོད་ལྟ་བྱས་པའི་ཁྲིམས་སྒྲིག་ནང་དགོན་པར་ཞལ་འདེབས་ལ་སོགས་ཕུལ་མཁན་བྱུང་སྐབས་དགོན་པའི་བྱུང་འཛིན་ཕུལ་ཆོག་པ་བཀོད་ཡོད་ཀྱང་ཁྲིམས་སྒྲིག་གསར་པའི་ནང་དགོན་སྡེ་ཁག་གི་ཡོང་འབབ་ལ་མྱུལ་ཞིབ་ནན་པོ་བྱ་སླད་དགོན་སྡེ་ཁག་ནས་སྦྱིན་བདག་རྣམ་པར་བྱུང་འཛིན་ཕུལ་སྐབས་ས་གནས་གཞུང་གི་ཆོས་ལུགས་ལས་དོན་ལྷན་ཁང་གིས་ཆེད་བཟོ་བྱས་པའི་བྱུང་འཛིན་སྤྱོད་དགོས་པ་མ་ཟད། དགོན་སྡེ་ཁག་གི་འཛིན་སྐྱོང་དང་ལས་བྱེད་པ་ཚོས་ཁྲིམས་སྒྲིག་ལྟར་ལས་འགན་མ་བསྒྲུབ་པ་དང་རྩིས་མེད་བཏང་ཚེ་ཉེས་ཆད་འགེལ་རྒྱུ་ཡིན་པ་སོགས་ཆེད་བཀོད་ཡོད་འདུག

གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་གི་གནས་སྟངས་ཇི་ཆགས་རྟོག་ཞིབ་ཀྱི་ཚོགས་ཆུང་ལས་དོན་དབུ་འཛུགས།

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་གི་ཁེ་ཉེན་གྱི་གནས་སྟངས་ཇི་ཆགས་རྟོག་ཞིབ་སླད་མི་གྲངས་ལྔ་ལས་གྲུབ་པའི་ཚོགས་ཆུང་ཞིག་ཆེད་འཛུགས་དང་འབྲེལ་དེ་རིང་ལས་དོན་དངོས་སུ་དབུ་འཛུགས་གནང་འདུགསྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གཉིས་པའི་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དང་དཔལ་འབྱོར་བཀའ་བློན་གཅིག་ལྕོགས་སྤེན་པ་ཚེ་རིང་མཆོག་གིས་གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་གི་དཔལ་འབྱོར་གྱི་གནས་སྟངས་ལ་བལྟས་ན་གཡང་མ་གཏོགས་མཐོང་གི་མེད་སྟབས་མ་འོངས་པར་ཁུངས་འཁྱོལ་རྒྱུ་ཁག་པོ་ཞིག་ཏུ་གཟིགས་ཀྱི་ཡོད་པར་འགྲེལ་བརྗོད་དང་འབྲེལ། ལས་གཞི་དེ་མུ་མཐུད་ནས་མཇུག་སྐྱོང་གནང་རྒྱུར་གྲོས་ཚོགས་ནས་ཚོགས་ཆུང་ཞིག་ཆེད་འཛུགས་ཀྱིས་ཞིབ་འཇུག་མཐིལ་ཕྱིན་པ་གནང་སྟེ་ལམ་སྟོན་གནང་ཚེ་ལས་གཞི་མཇུག་སྐྱོང་ཞུ་རྒྱུ་ཡིན་ཞེས་གསུངས་རྗེས། གྲོས་ཚོགས་ཀྱི་ལས་ཉིན་མཐའ་མའི་ཐོག་སྤྱི་འཐུས་རྣམ་པས་མང་མོས་ཐོག་ཚོགས་ཆུང་འཛུགས་རྒྱུའི་གྲོས་ཆོད་གཏན་འབེབས་གནང་དོན་ལྟར། དེ་རིང་སྔ་དྲོ་སྤྱི་འཐུས་ཚོགས་གཙོ་སྦྲེལ་པོ་མཆོག་རྣམ་གཉིས་དབུ་བཞུགས་ཐོག་གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་གི་ཁེ་ཉེན་གྱི་གནས་སྟངས་ཇི་ཆགས་རྟོག་ཞིབ་བྱེད་པོའི་ཞིབ་འཇུག་ཚོགས་ཆུང་གི་ལས་དོན་དབུ་འཛུགས་གནང་ཡོད་པ་རེད།ཚོགས་ཆུང་ནང་སྤྱི་འཐུས་ཟླ་བ་ཕུན་སྐྱིད་ལགས་དང་སྤྱི་འཐུས་གསེར་རྟ་ཚུལ་ཁྲིམས་ལགས། སྤྱི་འཐུས་དཀོན་མཆོག་ཡར་འཕེལ་ལགས། སྤྱི་འཐུས་ཀརྨ་དགེ་ལེགས་ལགས། དཔལ་འབྱོར་རིག་པའི་མཁས་དབང་སྐུ་ཞབས་ Rahul Joshi ལགས་བཅས་ཡོད་པ་མ་ཟད། ཚོགས་ཆུང་གི་ཚོགས་གཙོར་སྤྱི་འཐུས་ཟླ་བ་ཕུན་སྐྱིད་ལགས་དང་དྲུང་ཆེར་སྤྱི་འཐུས་གསེར་རྟ་ཚུལ་ཁྲིམས་ལགས་སྤྱི་མོས་ཀྱིས་བསྐོ་བཞག་གནང་འདུག ཐེངས་འདིའི་ཚོགས་ཆུང་གི་གྲུབ་དོན་སྙན་ཐོ་དེ་སྐབས་ ༡༧ པའི་གྲོས་ཚོགས་ཚོགས་དུས་ ༤ པའི་གོང་སྤྱི་འཐུས་ཚོགས་དྲུང་ལས་ཁུངས་སུ་འབུལ་གནང་ཐུབ་པ་དགོས་ཀྱི་འདུགགཞི་རྩའི་སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གཉིས་པ་དང་གསུམ་པའི་ཐོག་གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་གི་གནས་སྟངས་ཐོག་ལ་སྤྱི་འཐུས་རྣམ་པས་དོགས་འདྲི་དང་དགོངས་འཆར་མང་དག་ཅིག་གནང་ཡོད་པའི་ཁྲོད། ཁག་གཅིག་གིས་སྲིད་སྐྱོང་མཆོག་གི་ལམ་སྟོན་ལྟར་ཚོགས་ཆུང་ཆེད་འཛུགས་དགོས་པ་དང་། ལ་ལས་སྲིད་སྐྱོང་མཆོག་ནས་གངས་ལྗོངས་ཞབས་ཞུ་ཁང་མུ་མཐུད་གནས་པར་ཐུགས་འདོད་གནང་གི་མེད་པ་གསལ་པོ་ཡིན་སྐོར་སྐྱོན་བརྗོད་གནང་མཁན་བྱུང་ཡོད་པ་རེད།གང་ལྟར་གྲོས་ཚོགས་ཚོགས་དུས་གསུམ་པའི་ལས་ཉིན་མཐའ་མར་ཚོགས་ཆུང་ཆེད་འཛུགས་བྱ་རྒྱུའི་གྲོས་ཆོད་གཏན་འབེབས་གནང་བའི་ནང་གསལ་ལ་གཞིགས་ན། ཚོགས་ཆུང་ནས་གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་གི་གནས་སྟངས་དང་འབྲེལ་གནས་ཡུལ་གཞུང་གི་ཁྲིམས་ལུགས་དང་མ་འཛུགས་བྱ་ཕྱོགས། ད་ལྟའི་གནས་བབ། མ་འོངས་དམིགས་ཡུལ་གཞིར་བཟུང་ཡོང་ཐུབ་མིན་གྱི་སྙན་ཐོ་ཁ་གསལ་ཞིག་སྐབས་ ༡༧ པའི་གྲོས་ཚོགས་ཚོགས་དུས་ ༤ པའི་གོང་སྤྱི་འཐུས་ཚོགས་དྲུང་ལས་ཁུངས་སུ་འབུལ་ཐུབ་པ་དགོས་རྒྱུ་དང་། ཚོགས་ཆུང་གི་སྙན་ཐོ་གཞིར་བཟུང་གྲོས་ཚོགས་ནས་ཐག་གཅོད་ཁ་གསལ་ཞིག་མ་འབྱུང་བར་གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་གི་ལས་དོན་རྣམས་མུ་མཐུད་གནང་དགོས་པ་བཅས་འཁོད་ཡོད།

Latest news