Tibetan Royal Year of 2151 | Year of the Wood Dragon

ARCHIVE

Monthly Archives: June, 2022

སྲིད་སྐྱོང་མཆོག་ཀོ་ལེ་གྷལ་དོན་ལྡན་བོད་མིའི་གཞིས་ཆགས་ནང་ཕེབས་འབྱོར།

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་རྒྱ་གར་ལྷོ་ཕྱོགས་གཞིས་ཆགས་ཁག་ནང་ཆེས་ཐོག་མ་གཞུང་འབྲེལ་མཚམས་གཟིགས་གནང་བཞིན་ཡོད་པའི་ཁྲོད་ཕྱི་ཟླ་ ༥ ཚེས་ ༣༡ ནས་ཉིན་གསུམ་རིང་སྦེལ་ཀོབ་ལུགས་བདེ་གཞིས་ཆགས་གཉིས་དང་། དེ་བཞིན་ཟླ་ ༦ ཚེས་ ༣ ནས་ ༥ བར་ཧོན་སུར་རབ་རྒྱས་གླིང་བོད་མིའི་གཞིས་ཆགས་ལ་ཆེད་ཕེབས་ཀྱིས་འཚགས་གཟིགས་ཁག་ལེགས་པར་གྲུབ་རྗེས་དེ་རིང་ནས་ཀོ་ལེ་གྷལ་དོན་ལྡན་གླིང་གཞིས་ཆགས་ནང་འཚམས་གཟིགས་དབུ་འཛུགས་གནང་སོང་།སྲིད་སྐྱོང་མཆོག་དེ་རིང་སྔ་དྲོ་ཀོ་ལེ་གྷལ་དོན་ལྡན་གླིང་བོད་མིའི་གཞིས་ཆགས་སུ་ཕེབས་འབྱོར་བྱུང་སྐབས་ས་གནས་ལྷ་མོ་རུ་ཁག་གིས་བཀྲིས་པའི་རྟགས་རྟེན་འབྲེལ་མཚོན་པའི་ལྷ་མོ་གཟིགས་འབུལ་དང་གྲོ་སོ་ཕྱེ་མར་འདེགས་འབུལ་ཞུས་པར་མ་ཟད་ས་གནས་མང་ཚོགས་དང་གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་སྡེ་ སྲིད་སྐྱོང་མཆོག་ཀོ་ལེ་གྷལ་དོན་ལྡན་བོད་མིའི་གཞིས་ཆགས་ནང་ཕེབས་འབྱོར།བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་རྒྱ་གར་ལྷོ་ཕྱོགས་གཞིས་ཆགས་ཁག་ནང་ཐེངས་དང་པོ་གཞུང་འབྲེལ་འཚམས་གཟིགས་གནང་བཞིན་ཡོད་པའི་ཁྲོད། ཕྱི་ཟླ་ ༥ ཚེས་ ༣༡ ནས་ཉིན་གསུམ་རིང་སྦེལ་ཀོབ་ལུགས་བདེ་གཞིས་ཆགས་གཉིས་དང་། དེ་བཞིན་ཟླ་བ་འདིའི་ཚེས་ ༣ ནས་ ༥ བར་ཧོན་སུར་རབ་རྒྱས་གླིང་བོད་མིའི་གཞིས་ཆགས་ལ་ཆེད་ཕེབས་ཀྱིས་འཚགས་གཟིགས་ཁག་ལེགས་པར་གྲུབ་རྗེས། དེ་རིང་ནས་ཀོ་ལེ་གྷལ་དོན་ལྡན་གླིང་གཞིས་ཆགས་ནང་འཚམས་གཟིགས་དབུ་འཛུགས་གནང་སོང་།སྲིད་སྐྱོང་མཆོག་དེ་རིང་སྔ་དྲོ་ཀོ་ལེ་གྷལ་དོན་ལྡན་གླིང་བོད་མིའི་གཞིས་ཆགས་སུ་ཕེབས་འབྱོར་བྱུང་སྐབས་ས་གནས་ལྷ་མོ་རུ་ཁག་གིས་བཀྲིས་པའི་རྟགས་རྟེན་འབྲེལ་མཚོན་པའི་ལྷ་མོ་གཟིགས་འབུལ་དང་གྲོ་སོ་ཕྱེ་མར་འདེགས་འབུལ་ཞུས་པ་དང་། དེ་བཞིན་ས་གནས་མང་ཚོགས་དང་གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག་དང་དགོན་སྡེ་ཁག་གི་སྐུ་ཚབ་བཅས་ཀྱིས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་ཡོད། སྲིད་སྐྱོང་མཆོག་གིས་དེ་རྗེས་ས་གནས་ཀྱི་དགོན་སྡེ་ཁག་ལ་གནས་གཟིགས་དབུ་འཛུགས་གནང་སོང་།སྤྱིར་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཀོ་ལེ་གྷལ་ལ་བོད་མིའི་གཞིས་ཆགས་ནང་ཆེད་ཕེབས་མ་གནང་གོང་ཁ་སང་སྔ་དྲོ་ཧོན་སུར་རབ་རྒྱས་གླིང་གི་མི་མང་ཚོགས་ཁང་དུ་སེར་སྐྱ་མང་ཚོགས་ལ་འཚམས་འདྲིའི་བཀའ་སློབ་གནང་བ་མ་ཟད། ཉིན་རྒྱབ་ཏུ་ལྷོ་ཕྱོགས་ཁག་ལྔའི་རྐང་རྩེད་སྤོལ་ལོའི་རྩེད་འགྲན་གྱི་མཇུག་སྡོམ་མཛད་སྒོའི་སྐུ་མགྲོན་གཙོ་བོར་ཕེབས་ཆེད་ཕེབས་ཀྱིས་བཀའ་སློབ་གནང་ཡོད་པ་རེད། སྲིད་སྐྱོང་མཆོག་གིས་མང་ཚོགས་ལ་གཏམ་བཤད་གནང་བར་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་ད་ལྟའི་ཆར་དཀའ་ངལ་ཆེ་ཤོས་ཤིག་ནི་བོད་མིའི་གཞིས་སྒར་ཁག་མ་འོངས་པར་རྒྱུན་གནས་ཐུབ་དང་མི་ཐུབ་ཅེས་པ་དེར་གདོང་ལེན་གནང་རྒྱུ་དེ་ཆགས་ཡོད། དེས་ན་བོད་མིའི་སྒྲིག་འཛུགས་ཀྱིས་དེའི་ཐོག་གྲ་སྒྲིག་གནང་བཞིན་ཡོད་ཅེས་གསུངས་སོང་།སྲིད་སྐྱོང་མཆོག་གིས་སྐབས་དེར་ད་དུང་བཀའ་ཤག་གི་ངོས་ནས་མི་མང་གི་ངལ་བ་སེལ་དགོས་པ་གཟིགས་ཀྱང་མི་མང་གི་འདོད་པ་བསྒྲུབ་ཐུབ་ཀྱི་མེད་པར་ནན་བརྗོད་དང་འབྲེལ། ད་ལྟའི་ཆར་བོད་ནས་ཕེབས་པའི་བོད་མི་རྣམས་ལ་སྡོད་ཁང་མེད་པའི་ངལ་བ་འཕྲད་པ་དེ་ཡོངས་སེལ་གནང་རྒྱུ་ཛ་དྲག་ཆགས་ཡོད་སྐོར་གསུངས་ཡོད།མང་ཚོགས་ཁྲོད་ནས་བཙན་བྱོལ་བོད་མིའི་མང་གཙོའི་གནས་བབ་དང་འབྲེལ་ཆོས་བརྒྱུད་སྤྱི་འཐུས་མི་དགོས་པའི་དགོངས་འཆར་ཕུལ་བ་དང་དེ་བཞིན་བཙན་བྱོལ་བོད་མི་རྣམས་ལ་སྤྱི་འཐུས་ ༡༢ རེ་འོས་འདེམས་གནང་རྒྱུའི་ཐོབ་ཐང་གཅིག་མཚུངས་དགོས་པའི་དགོངས་ཚུལ་ཡང་བཏོན་སོང་བ་དེ་ལྟར་ཡང་། སྲིད་སྐྱོང་མཆོག་གིས་གནད་དོན་དེར་གྲོས་ཚོགས་ནས་ཐུགས་ཐག་གཅོད་དགོས་སྐོར་སོགས་གསུངས་སོང་།སྲིད་སྐྱོང་མཆོག་གིས་ཧོན་སུར་ནང་ཕེབས་སྐབས་ས་གནས་ཀྱི་གྲོང་སྡེ་དང་དགོན་སྡེ་ཁག དེ་བཞིན་སློབ་གྲྭ་སོགས་ལ་ཆེད་ཕེབས་ཀྱིས་འབྲེལ་ཡོད་རྣམས་དང་མཇལ་མོལ་གྱིས་གསུང་བཤད་གནང་བ་མ་ཟད། ༸དཔལ་ལྡན་སྨད་རྒྱུད་གྲྭ་ཚང་གི་གངས་ཅན་རིག་གནས་སློབ་གྲྭར་ཕེབས་ཏེ་དགོན་པར་གུང་སེང་དང་སྟབས་བསྟུན་ནས་ཧོན་སུར་དང་ཀོ་ལེ་གྷལ་གྱི་སློབ་ཕྲུག་རྣམས་ལ་རིན་མེད་ཐོག་བོད་ཀྱི་སྐད་ཡིག་དང་རིག་གཞུང་། ནང་ཆོས་བཅས་སློབ་གཉེར་གནང་རྒྱུའི་གོ་སྐབས་གནང་བར་ཡི་རང་བསྔགས་བརྗོད་གནང་ཡོད།

འབྲི་གུང་༸སྐྱབས་མགོན་ཆེ་ཚང་རིན་པོ་ཆེ་མཆོག་ལ་ལ་དྭགས་དབུས་གཞུང་མངའ་སྡེའི་ལྗང་སྒྱུར་ངོ་ཚབ་ཀྱི་མཚན་གནས་ཕུལ་བ། 

ཁ་སང་ཕྱི་ཚེས་ ༥ ཉིན་འཛམ་གླིང་ཁོར་ཡུག་ཉིན་མོ་ཡིན་པ་དང་བསྟུན་༸སྐྱབས་རྗེ་འབྲི་གུང་༸སྐྱབས་མགོན་ཆེ་ཚང་རིན་པོ་ཆེ་མཆོག་ལ་ལ་དྭགས་དབུས་གཞུང་མངའ་སྡེའི་  Green Ambassador ཞེས་ལྗང་སྒྱུར་ངོ་ཚབ་ཀྱི་མཚན་གནས་ཕུལ་འདུག འབྲི་གུང་༸སྐྱབས་མགོན་ཆེ་ཚང་རིན་པོ་ཆེ་མཆོག་གིས་ཁོར་ཡུག་ཐོག་ཞབས་འདེགས་རླབས་ཆེན་སྒྲུབ་བཞིན་པར་བརྟེན་ཆེ་བསྟོད་ཀྱིས་ལ་དྭགས་དབུས་གཞུང་མངའ་སྡེའི་ལྗང་སྒྱུར་ངོ་ཚབ་ཀྱི་མཚན་གནས་ཕུལ་འདུག་ལ། འཛམ་གླིང་ཁོར་ཡུག་ཉིན་མོ་དང་བསྟུན་ལ་དྭགས་ཆུ་ཤུལ་དུ་འབྲི་གུང་༸སྐྱབས་མགོན་ཆེ་ཚང་རིན་པོ་ཆེ་མཆོག་དབུ་བཞུགས་ཐོག་རྒྱ་གར་གྲོས་ཚོགས་འཐུས་མི་སྐུ་ཞབས་འཇམ་དབྱངས་ཚེ་རིང་རྣམ་རྒྱལ་ལགས་གཙོས་ས་གནས་དཔོན་རིགས་སོགས་དང་། མང་ཚོགས་འདུ་འཛོམས་ཀྱིས་ཤིང་སྣ་འབུམ་གཅིག་དང་ཕྱེད་ཀ་འདེབས་འཛུགས་གནང་སྟེ་ཁོར་ཡུག་ཉིན་མོ་སྲུང་བརྩི་ཞུས་འདུག ཆུ་ཤུལ་ཁུལ་དུ་ཤིང་སྣ་འདེབས་འཛུགས་ཀྱི་ལས་གཞི་དེ་འབྲི་གུང་༸སྐྱབས་མགོན་ཆེ་ཚང་རིན་པོ་ཆེ་མཆོག་གིས་ཆེད་འཛུགས་གནང་བའི་ Go Green Go Organic ཞེས་ལྗང་སྒྱུར། རང་སྒྱུར་གྱི་ཚོགས་པའི་ལས་གཞི་ཆགས་ཀྱི་ཡོད་པ་དང་། ད་ལན་ཆུ་ཤུལ་ཁུལ་དུ་ཤིང་སྣ་འདེབས་འཛུགས་ཀྱི་ལས་གཞི་དེ་དེ་སྔ་ཕྱི་ལོ་ ༢༠༡༤ ནས་དབུ་འཛུགས་གནང་དོན་ལྟར་རིམ་པ་མཐའ་མ་ཆགས་ཀྱི་ཡོད་སྐོར་འབྲི་གུང་༸སྐྱབས་མགོན་ཚེ་ཚང་རིན་པོ་ཆེ་མཆོག་གི་སྐུ་སྒེར་ཡིག་ཚང་གི་དྲུང་གཞོན་མཁན་པོ་ཕུན་ཚོགས་རྒྱལ་མཚན་ལགས་ཀྱིས་གསུངས་སོང་། རིན་པོ་ཆེ་མཆོག་གིས་ཁོར་ཡུག་ཐད་དགོངས་པ་རྒྱ་ཆེ་བཞེས་ཕྱོགས་དེ་ནི་གཙོ་བོར་ལ་དྭགས་ཁུལ་གྱི་མི་མང་རྣམས་ཀྱི་ཆུའི་འབྱུང་ཁུངས་གངས་རིར་བརྟེན་པ་ཞིག་ཆགས་ཀྱི་ཡོད་ཀྱང་གོ་ལའི་ཚ་དྲོད་རྐྱེན་སླད་མར་ཡུལ་མི་ཚོར་ཆུའི་དཀའ་ངལ་འཕྲད་ངེས་ཡིན་པར་དགོངས་པ་བཞེས་ཏེ་ཤིང་སྣ་འདེབས་འཛུགས་དང་ཁོར་ཡུག་སྲུང་སྐྱོབ་ཀྱི་ལས་གཞི་སྤེལ་ཡོད་པར་འགྲེལ་བརྗོད་གནང་ཡོད། རྩ་བའི་འཛམ་གླིང་གི་ཁོར་ཡུག་ཉིན་མོ་དང་བསྟུན་བཞུགས་སྒར་དུ་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱིས་སྔ་དྲོ་ཕྱག་ཚོད་ ༡༠།༣༠ ཐོག་མེག་གྷན་གྱི་རླངས་འཁོར་བབས་ཚུགས་སུ་པར་རིས་འགྲེམས་སྟོན་བརྒྱུད་བོད་ནང་གི་ཁོར་ཡུག་གི་ཛ་དྲག་གནས་སྟངས་ཐད་གོ་རྟོགས་ཀྱི་འགུལ་སྤེལ་སོང་། ཐེངས་འདིའི་ཁོར་ཡུག་ཉིན་མོའི་བརྗོད་གཞི་ནི་ Only One Earth འམ་འཛམ་གླིང་ཁོ་ན་གཅིག་པུ་ཞེས་པ་དེ་ཆགས་ཀྱི་ཡོད་པ་དང་།  བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཁོར་ཡུག་ལས་བྱེད་དབང་མོ་ལགས་ཀྱིས་བོད་ཀྱི་ཁོར་ཡུག་དེ་བོད་མི་ཁོ་ན་ཙམ་མིན་པར་འཛམ་གླིང་གི་མི་འབོར་ཐེར་འབུམ་གཅིག་ལྷག་བོད་ཀྱི་ཆུ་བོར་བརྟེན་བཞིན་ཡོད་པ་རྣམས་དང་འབྲེལ་བ་ཆགས་ཡོད་སྟབས། རྒྱ་གཞུང་གིས་བོད་ནང་གི་ཁོར་ཡུག་གཏོར་བཅོམ་སོགས་བྱེད་བཞིན་པའི་ཐད་ཚང་མས་སེམས་ཚབ་སྐྱེས་གཞི་ཞིག་ཏུ་གྱུར་ཡོད་པས་གནད་དོན་དེ་མང་ཚོགས་ཚང་མས་མཁྱེན་རྒྱུ་གལ་ཆེན་ཆགས་ཀྱི་ཡོད་སྐོར་གསུངས་སོང་། དེ་ཉིན་ཕྱི་དྲོ་ཕྱག་ཚོད་ ༥ པར་བོད་ཀྱི་བུད་མེད་ལྷན་ཚོགས་དང་ལྷ་སྤྱི་ཚོགས་ཞབས་ཞུ་དང་ཤེས་ཡོན་ལྟེ་གནས་ཁང་། བོད་ཀྱི་རྩོད་རྙོག་འདུམ་སྒྲིག་ལྟེ་གནས་ཁང་། དེ་བཞིན་ས་གནས་རྒྱ་གར་གྱི་ཁོར་ཡུག་སྲུང་སྐྱོབ་ཚོགས་པ་བཅས་ཀྱིས་མི་རེ་ངོ་རེ་ནས་ཉིན་རེའི་འཚོ་བའི་ནང་ཁོར་ཡུག་སྲུང་སྐྱོབ་གནང་དགོས་པའི་འབོད་སྐུལ་གནང་བ་དང་ཆབས་ཅིག འཁྲབ་སྟོན་བརྒྱུད་ཁོར་ཡུག་སྲུང་སྐྱོབ་ཀྱི་གོ་རྟོགས་ལས་འགུལ་སྤེལ་སོང་། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་ Environmental Defenders of Tibet: China’s persecution of Tibetan environmental defenders ཞེས་བོད་མིའི་ཁོར་ཡུག་གི་ལས་འགུལ་བ་ ༥༠ གནད་དོན་སྐོར་དང་རྒྱ་གཞུང་གིས་ཁོར་ཡུག་ལས་འགུལ་བར་དྲག་གནོན་བྱས་པའི་གནད་དོན་ཐོག་སྙན་ཐོ་གསར་པ་ཞིག་འདོན་སྤེལ་གནང་འདུག  འཇར་མ་ནིར་ཡོད་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་སྤྱི་ཁྱབ་འགན་འཛིན་ Kai Müller ལགས་ཀྱིས་བོད་ནང་གི་ཚ་དྲོད་དེ་བཞིན་འཛམ་གླིང་གི་ས་ཁུལ་གཞན་ལས་ལྡབ་འགྱུར་གྱི་མྱུར་ཚད་འཕར་བཞིན་ཡོད་སྟབས། བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་ཐད་ད་ཆ་གང་ཡང་མ་གནང་ཚེ་དེས་བོད་ཀྱི་ཆུ་བོ་སོགས་ལ་བརྟེན་མཁན་སྤྱི་ཡོངས་ལ་ཤུགས་རྐྱེན་ཐེབས་ངེས་ཡིན་པས། རྒྱལ་སྤྱིའི་ཚོགས་སྡེ་ཁག་ནས་བོད་མིའི་ཁོར་ཡུག་ལས་འགུལ་བ་རྣམས་བོད་ནང་གི་ཁོར་ཡུག་སྲུང་སྐྱོབ་ཐད་ཕྱག་ལས་རླབས་ཆེན་གནང་ཐུབ་པར་ངོས་འཛིན་གནང་དགོས་སྐོར་གསུངས་འདུག རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་གཞུང་དང་རྒྱལ་ཚོགས་གཉིས་ཀྱིས་རྒྱ་གཞུང་ནས་བོད་མིའི་ཁོར་ཡུག་ལས་འགུལ་བ་འཛིན་བཟུང་བྱས་པ་རྣམས་ཆ་རྐྱེན་མེད་པར་གློད་བཀྲོལ་དགོས་པ་དང་བོད་མིའི་ཁོར་ཡུག་ལས་འགུལ་བ་རྣམས་ཀྱི་ཐོབ་ཐང་སྲུང་སྐྱོབ་དགོས་སྐོར་སོགས་ཀྱི་དོན་ཚན་ཁག་ཅིག་བཏོན་ནས་རྒྱ་གཞུང་ལ་གནོན་ཤུགས་སྤྲོད་དགོས་ཞེས་གསུངས་ཡོད།

བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཟུར་པ་སྐུ་ཞབས་ཐུབ་བསྟན་བསམ་འཕེལ་ལགས་སྐུ་ཚེའི་འཕེན་པ་རྫོགས་པར་གཞུང་འབྲེལ་མཆོད་འབུལ།

ཁ་ཉིན་ཕྱི་ཟླ་ ༦ ཚེས་ ༤ ཉིན་གྱི་སྔ་དྲོ་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཟུར་པ་སྐུ་ཞབས་ཐུབ་བསྟན་བསམ་འཕེལ་ལགས་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་ཏུ་ཡོད་པའི་སྲིད་ཞུ་བའི་བགྲེས་ཤག་ཏུ་གློ་བུར་དུ་འདས་གྲོངས་སུ་གྱུར་བའི་ཡིད་སྐྱོའི་གནས་ཚུལ་ཐོན་པ་དང་བསྟུན། ཁ་ཉིན་ཉིན་རྒྱབ་ཆུ་ཚོད་ ༣ ཐོག་བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་ལས་ཁུངས་ཀྱིས་གོ་སྒྲིག་འོག་གངས་སྐྱིད་སྲིད་སྐྱོང་ཚོགས་ཁང་དུ་གནས་ཆུང་སྒྲ་དབྱངས་གླིང་གི་དགེ་འདུན་པ་ཁག་ཅིག་དབུ་བཞུགས་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོ་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པས་གཙོས་པའི་ལྷན་ཁང་ཁག་གི་དྲུང་ཆེ་ཆུང་རྣམ་པ། དེ་བཞིན་སྲི་ཞུ་བ་ཡོངས་ཀྱིས་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཟུར་པ་དམ་པ་ཁོང་ལ་མྱ་ངན་གུས་བཏུད་ཞུ་ཕྱིར་ལྷན་འཛོམས་ཀྱིས་བསྔོ་སྨོན་གསུང་འདོན་གནང་བ་མ་ཟད་ཉིན་རྒྱབ་ནས་དབུས་ལས་ཁུངས་ཁག་ལས་མཚམས་བཞག་ཡོད་པ་རེད།སྐབས་དེར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་ཚབ་ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་གིས་སྐུ་ཞབས་དམ་པ་ཐུབ་བསྟན་བསམ་འཕེལ་ལགས་ནི་མཐོ་སློབ་སྙན་གྲགས་ཅན་ནང་སློབ་གཉེར་མཐར་ཕྱིན་པ་གནང་སྟེ་བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུ་བར་འཛུགས་ཞུགས་གནང་ནས་བསྔགས་པར་འོས་པའི་ཕྱག་ལས་རླབས་ཆེན་གནང་ཡོད། དེ་ནི་མི་ཚེ་ནང་གི་གྲུབ་འབྲས་ཆེན་པོ་ཞིག་ལ་ངོས་འཛིན་ཞུ་གྱི་ཡོད་ཅེས་གསུངས་འདུགད་དུང་བཀའ་བློན་མཆོག་གིས་ང་ཚོ་ཚང་མ་སྐྱེ་འགྲོ་ཀུན་སྐྱེ་བའི་མཐའ་མར་འཆི་དགོས་པ་ནི་ཆོས་ཉིད་ལས་མ་འདས་སྟབས་འཚོ་བའི་རིང་ལ་སྤྱི་ཚོགས་ལ་སྨན་པ་དང་ཡ་རབས་བཟང་སྤྱོད་དང་ལྡན་པའི་ཕྱག་ལས་གནང་ཐུབ་ཚེ་འཆི་བའི་སྐབས་སུའང་འགྱོད་སེམས་མེད་པ་ཞིག་ཡོང་ཐུབ་ཀྱི་རེད། དེས་ན་སྐུ་གཤེགས་དམ་པ་ཁོང་གི་ཕྱག་ལས་བསྔགས་འོས་གནང་ཁག་ལས་མིག་དཔེ་བླངས་དགོས་གལ་ཡིན་པ་སོགས་གསུངས་འདུགགཞི་རྩའི་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཟུར་པ་དང་དྲུང་ཆེ་ཟུར་པ་སྐུ་ཞབས་ཐུབ་བསྟན་བསམ་འཕེལ་ལགས་ནི། ཕྱི་ལོ་ ༡༩༥༦ ཟླ་ ༡༡ ཚེས་ ༢ ཉིན་བོད་ཀྱི་རྒྱལ་ས་ལྷ་སར་འཁྲུངས་ཤིང་། དགུང་ལོ་དྲུག་ལ་ཕེབས་སྐབས་རྒྱ་གར་ལ་བཙན་བྱོལ་དུ་ཕེབས་པ་དང་། དེ་རྗེས་བོད་ཕྲུག་ཁྱི་སྡེ་ནས་སློབ་སྦྱོང་གནང་བ་དང་དེ་ནས་ཀ་སྦུག་ཏུ་རྟེན་གཞི་བྱས་པའི་ Dr. Graham མཐོ་སློབ་ནས་སློབ་མཐར་སོན་དོན་ལྟར་ལྡི་ལི་གཙུག་ལག་སློབ་གཉེར་ཁང་གི་ཁྱབ་ཁོངས་ St. Stephen’s College མཐོ་སློབ་ནང་ལོ་རྒྱུས་རིག་པའི་ཐོག་ཉེ་བའི་གཙུག་ལག་རབ་འབྱམས་པ་དང་ལྡི་ལི་གཙུག་ལག་སློབ་གཉེར་ཁང་དུ་ལོ་རྒྱུས་རིག་པའི་ཐོག་གཙུག་ལག་རབ་འབྱམས་པའི་སློབ་གཉེར་གནང་ཡོད། དེ་རྗེས་ཨ་རིའི་བོད་མིའི་སློབ་ཡོན་ལས་གཞི་འོག་ཨ་རིའི་ནིའུ་ཡོག་གྲོང་ཁྱེར་དུ་ཡོད་པའི་ Columbia གཙུག་ལག་སློབ་གཉེར་ཁང་ནས་གསར་འགོད་ལས་རིགས་ཐོག་སློབ་གཉེར་མཐར་སོན་གནང་ཡོད། ཕྱི་ལོ་ ༡༩༨༠ ཟླ་ ༡༠ ཚེས་ ༡ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་ལས་ཁུངས་སུ་གནས་བརྒྱད་པ་ཚོད་ལྟའི་ཐོག་དྲིལ་བསྒྲགས་ཨིན་ཡིག་རྩོམ་སྒྲིག་པ་རྒན་དྲུང་དུ་བསྐོ་གཞག་གནང་བ་ནས་བཟུང་བོད་མིའི་སྒྲིག་འཛུགས་ཀྱི་བསྟི་གནད་དང་བལ་ཡུལ། ཨ་རི་སོགས་སུ་ཐེག་པ་རིམ་འཛེགས་ཀྱིས་ཕྱི་ལོ་ ༡༩༩༩ ལོ་ནས་ཕྱི་ལོ་ ༢༠༡༢ བར་ཕྱི་དྲིལ་ལས་ཁུངས་ཀྱི་དུང་ཆེ་དང་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་བཅས་ཀྱི་ཐུགས་འགན་བཞེས་ཏེ་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་མ་ལག་གཉིས་སུ་ཁྱོན་ཞབས་ལོ་ ༣༨ ལྷག་གི་རིང་སྲི་ཞུ་ལེགས་པར་བསྒྲུབས་ཡོད།ལྷག་པར་དུ་སྐུ་གཤེགས་དམ་པ་ཁང་དེ་སྔ་ཕྱི་ལོ་ ༡༩༨༥ ལོར་བོད་ནང་དུ་བདེན་དོན་ཚོལ་ཞིབ་ཀྱི་སྐུ་ཚབ་ཁོངས་སུ་ཕེབས་མྱོང་ཡོད་པ་རེད།དམ་པ་དེ་ཉིད་ཀྱི་བརྩམས་ཆོས་ཁོངས་ལས་ཨིན་སྐད་ཐོག Falling Through the Roof དང་། The Dalai Lamas of Tibet དང་། Copper Mountain སོགས་དང་། ཁོང་གིས་བོད་ཀྱི་རྩ་དོན་སྐོར་བརྩམས་པའི་དཔྱད་རྩོམ་མང་དག་ཅིག་རྒྱལ་སྤྱིའི་གསར་ཤོག་གྲགས་ཅན་དུ་མར་འཁོད་ཡོད། འབྲེལ་ཡོད་པར་གྱི་བདག་དབང་བོད་མིའི་སྒྲིག་འཛུགས།

རེས་གཟའ་ཉི་མ། ༢༠༢༢།༠༦།༠༥

ཉན་པ།: Listen ཕབ་ལེན། Download རྒྱ་ནག་གི་ད་ལྟའི་ཕྱི་འབྲེལ་གནས་བབས་དང་འགོ་ཁྲིད་གཉིས་ཀྱི་འགལ་ཟླ། Sunday 05/06/2022 China vs. the World and Xi-Li discord

༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་མ་ཎི་དུང་སྒྲུབ་ཀྱི་ཚོགས་མགོན་དུ་དབུ་བཞུགས་མཛད་པ།

༸རྒྱལ་བའི་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་མ་ཎི་དུང་སྒྲུབ་དབུ་འཛུགས་གནང་བ་དང་བསྟུན་དེ་རིང་སྔ་དྲོ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཆིབས་བསྒྱུར་བཀྲིན་བསྐྱངས་ཏེ་ཚོགས་མགོན་དུ་དབུ་བཞུགས་མཛད་སོང་།རྩ་བའི་ཉེ་ལམ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་བོད་རིགས་གཞོན་སྐྱེས་རྣམས་ལ་ཉིན་གཉིས་ཀྱི་འཕགས་པ་སྤྱན་རས་གཟིགས་ཀྱི་བཀའ་དབང་དང་༸རྗེ་ཙོང་ཁ་པ་ཆེན་པོས་མཛད་པའི་རྟེན་འབྲེལ་བསྟོད་པའི་བཀའ་ཆོས་བཀའ་དྲིན་སྩལ་སྐབས་ཇོ་བོ་ཝ་ཏི་བཟང་པོའི་སྐུ་བརྙན་གཙུག་ལག་ཁང་དུ་གདན་འདྲེན་ཞུས་ཏེ། འཕགས་པ་སྤྱན་རས་གཟིགས་ཀྱི་ཆོ་གའི་ཐོག་ནས་མ་ཎི་རིལ་བུ་གསོག་སྒྲུབ་གནང་བཞིན་ཡོད་པ་རེད། གཞི་རྩའི་ལོ་ལྟར་ས་ག་ཟླ་བའི་དུས་ཆེན་ནམ་ཡིན་ལ་མ་ཎི་དུང་སྒྲུབ་གསོག་གནང་གི་ཡོད་པ་དང་། དེའང་སྔ་དྲོ་ཚོུད་ ༦༌༣༠ ནས་ ༡༡༌༣༠ བར་དང་ཉིན་རྒྱབ་ཚོུད་ ༡༌༣༠ ནས་ ༥ བར་ཚོགས་ཀྱི་ཡོད་པ་རེད།གཤམ་དུ་རྣམ་གྲྭ་ཕན་བདེ་ལེགས་བཤད་གླིང་གི་སློབ་གྲྭའི་དཔེ་ཁྲིད་སློབ་དཔོན་དགེ་བཤེས་བློ་བཟང་གྲགས་པ་ལགས་ལ་མ་ཎི་དུང་སྒྲུབ་ཀྱི་གོ་དོན་དང་ཚོགས་དམིགས་སོགས་དང་འབྲེལ་བའི་དམིགས་བསལ་བཅར་འདྲི་ཞུས་པའི་བརྙན་པར་གྱི་དྲ་ཐག་བཀོད་ཡོད་པས་གསན་གཟིགས་ཡོང་བ་ཞུ། https://www.youtube.com/watch?v=yzJS1k-aoQE

བཞུགས་སྒར་དུ་དྲུག་བཞིའི་དོན་རྐྱེན་བྱུང་ནས་ལོ་ངོ་ ༣༣ འཁོར་བའི་དུས་དྲན་སྲུང་བརྩི།

ཟླ་བ་ ༦ ཚེས་ ༤ ཉིན་མོ་འདི་ནི་རྒྱ་ནག་དམར་གཞུང་གིས་མང་གཙོའི་ལས་འགུལ་བ་སྟོང་ཕྲག་མང་པོ་གནམ་བདེ་སྒོ་མོ་ཆེ་ཡི་མདུན་ནས་དམར་གསོད་བཏང་ནས་མི་ལོ་ཧྲིལ་བོ་ ༣༢ ཕྱིན་པའི་དུས་དྲན་ཁེལ་གྱི་ཡོད་སྟབས་བོད་རང་བཙན་སློབ་ཕྲུག་ཚོགས་པས་མེག་ལོཊ་བཞི་མདོར་གཏམ་བརྗོད་འཁྲབ་སྟོན་བརྒྱུད་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་སློབ་ཕྲུག་སྟོང་ཕྲག་མང་པོ་དམར་གསོད་བཏང་བའི་ཉིན་མོ་རྗེས་དྲན་ཞུས་སོང་། དེ་རིང་སྔ་དྲོ་བཞུགས་སྒར་དུ་རྟེན་གཞི་བྱས་པའི་བོད་རང་བཙན་སློབ་ཕྲུག་ཚོགས་པས་མེག་ལོཊ་བཞི་མདོར་གཏམ་བརྗོད་འཁྲབ་སྟོན་བརྒྱུད་ཕྱི་ལོ་ ༡༩༨༩ ལོའི་ཟླ་ ༦ ཚེས་ ༤ ཉིན་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་སློབ་ཕྲུག་སྟོང་ཕྲག་མང་པོ་དམར་གསོད་བཏང་ནས་ལོ་ངོ་ ༣༣ འཁོར་བའི་དྲུག་བཞིའི་དོན་རྐྱེན་གྱི་ཉིན་མོ་སྲུང་བརྩི་ཞུས་སོང་།

རེས་གཟའ་སྤེན་པ། ༢༠༢༢།༠༦།༠༤

ཉན་པ།: Listen ཕབ་ལེན། Download བློ་གསར་གཞོན་ནུ། ནང་ཆོས་གཙོས་ཆོས་དང་འབྲེལ་བའི་རྒྱུན་ཤེས་སྐོར་བཀའ་འདྲི་དང་དྲིས་ལན། Saturday 04/06/2022 Young Minds: Religion, faith and Tibetan youth.

རེས་གཟའ་པ་སངས། ༢༠༢༢།༠༦།༠༣

ཉན་པ།: Listen ཕབ་ལེན། Download རྒྱ་གཞུང་གིས་མུ་མཐུད་བོད་མིའི་ཆོས་དད་རང་དབང་ལ་རྡོག་རོལ་གཏོང་བཞིན་པར་མངོན་གསལ། ཕྱི་རྒྱལ་ལ་ཕེབས་མཁན་གྱི་ས་སྟོང་རྣམས་བོད་མིའི་སྒྲིག་འཛུགས་ལ་ཕུལ་དགོས། དྷ་ས་ས་གནས་འགོ་འཛིན་གྱི་དངོས་གཞིའི་འོས་བསྡུ་གནང་བ། ཞི་ཅིན་ཕིང་ལ་བོད་ནང་མི་སེར་སྤེལ་ཡུལ་གྱི་སྲིད་བྱུས་སྤེལ་མཚམས་འཇོག་དགོས་པའི་ཞུ་སྐུལ། བུ་འཁྲིད་དཀར་པོ་ཆེ་ལགས་སླར་ཁེ་ན་ཌའི་ Parkdale-High Park ས་གནས་གྲོས་ཚོགས་ཀྱི་འཐུས་མིར་འདེམས་ཐོན། བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་མ་ཎི་དུང་སྒྲུབ་དབུ་འཛུགས། Friday 03/06/2022 U.S. Religious report cites China’s “widespread interference in monastic practices” across Tibet. Sikyong speaks to Tibetans in Bylakuppe; urges Tibetan emigrating abroad to return their land to CTA Dharamshala goes to poll for a new settlement officer. Open letter to President Xi Jinping to end forced Cultural assimilation policy in Tibet. Bhutila Karpoche re-elected as Parkdale-High Park’s MPP Saka Dawa’s annual ‘Mani Dhondrup’ prayer begins at the Main Temple.

 རྒྱ་གཞུང་གིས་མུ་མཐུད་བོད་མིའི་ཆོས་དད་རང་དབང་ལ་རྡོག་རོལ་གཏོང་བཞིན་པར་མངོན་གསལ།

ཁ་སང་ཕྱི་ཟླ་ ༦ ཚེས་ ༢ ཉིན་ཨ་རིའི་ཕྱི་སྲིད་ལྷན་ཁང་གིས་ཕྱི་ལོ་ ༢༠༢༡ ལོའི་རྒྱལ་སྤྱིའི་ཆོས་དད་རང་དབང་གི་ལོ་འཁོར་སྙན་ཐོ་འདོན་སྤེལ་གནང་བ་དང་སྦྲགས་ཏེ་རྒྱ་གཞུང་གིས་བོད་མིའི་ཆོས་དད་རང་དབང་ལ་མུ་མཐུད་རྡོག་རོལ་གཏོང་བཞིན་པར་མངོན་གསལ་གནང་འདུགའདས་ལོའི་རྒྱལ་སྤྱིའི་ཆོས་དད་རང་དབང་གི་སྙན་ཐོའི་ནང་རྒྱལ་ཁབ་དང་ས་ཁུལ་ ༢༠༠ ཙམ་གྱི་ཆོས་ལུགས་རང་དབང་གི་གནས་བབས་ལ་ཞིབ་འཇུག་གནང་སྟེ་སྙན་ཐོ་འདོན་སྤེལ་གནང་ཡོད་པ་དང་།  ཁ་སང་སྙན་ཐོ་འདོན་སྤེལ་གྱི་གསར་འགོད་གསལ་བསྒྲགས་སྐབས་ཨ་རིའི་ཕྱི་སྲིད་དྲུང་ཆེ་སྐུ་ཞབས་ Antony Blinken མཆོག་གིས་ཕྱི་ལོ་ ༢༠༢༡ ལོའི་སྙན་ཐོ་ནང་རྒྱལ་ཁབ་ཁག་ཅིག་ཏུ་ཆོས་ལུགས་རང་དབང་གི་གནས་སྟངས་ཐད་ཡར་རྒྱས་ཀྱི་རྣམ་པ་ཐོན་ཡོད་ཀྱང་། འཛམ་གླིང་གི་རྒྱལ་ཁབ་མང་པོ་ཞིག་ཏུ་སྲིད་གཞུང་ནས་མང་ཚོགས་ཀྱི་གཞི་རྩའི་རང་དབང་ལ་གུས་བརྩི་མེད་པར་མི་མང་གི་ཆོས་ཕྱོགས་ཀྱི་བྱེད་སྒོ་ཁག་ལ་དམ་དྲག་བྱས་དང་བྱེད་བཞིན་ཡོད་པ་མཐོང་རྒྱུ་ཡོད་སྟབས། ཨ་རི་གཞུང་གིས་འཛམ་གླིང་གི་ཆོས་ལུགས་རང་དབང་གོང་མཐོར་སླད་མུ་མཐུད་རྒྱལ་ཁབ་གཞན་གྱི་གཞུང་དང་ཚོགས་སྡེ་ཁག་དང་ལྷན་ཕྱག་ལས་གནང་རྒྱུ་ཡིན་པར་གསུངས་ཡོད། སྙན་ཐོ་ནང་བོད་ཀྱི་སྡེ་ཚན་ནང་ཆོས་ལུགས་ཀྱི་མི་འབོར་གྲངས་རྩིས་དང་སྲིད་གཞུང་གི་ཆོས་དད་རང་དབང་ཐད་བརྩི་མཐོང་། སྤྱི་ཚོགས་ཀྱི་ཆོས་དད་རང་དབང་ལ་གུས་བཀུར་གྱི་གནས་བབས།  དེ་བཞིན་ཨ་རི་གཞུང་ནས་འཛིན་པའི་སྲིད་བྱུས་བཅས་སྡེ་ཚན་བཞིར་ཆ་བགོས་གནང་འདུག དེའི་ནང་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ནང་མང་ཚོགས་ནས་ཆོས་དད་རང་དབང་ཡོངས་སུ་ལོངས་སྤྱོད་བྱ་རྒྱུའི་རང་དབང་ཡོད་ལུགས་འཁོད་ཡོད་ཀྱང་དངོས་ཡོད་ཐོག་རྒྱ་གཞུང་གིས་མང་ཚོགས་ཀྱི་ཆོས་ཕྱོགས་ཀྱི་བྱེད་སྒོ་ཁག་ལ་དམ་དྲག་བྱེད་ཀྱི་ཡོད་པ་དང་། དེ་བཞིན་བོད་རང་སྐྱོང་ལྗོངས་ཟེར་བ་གཙོས་བོད་ཀྱི་ས་ཁུལ་གཞན་ཁག་ནས་གྲྭ་བཙུན་གཙོ་བོར་གྱུར་པའི་བོད་མི་རྣམས་ཆོས་ཕྱོགས་ཀྱི་བྱེད་སྒོ་དང་འབྲེལ་གང་བྱུང་དུ་འཛིན་བཟུང་བཀག་སྐྱིལ་གྱིས་སྡུག་སྦྱོང་མནར་གཅོད་ཚད་མེད་བཏང་བར་མ་ཟད།  ཁག་ཅིག་གར་སོང་ཆ་མེད་དུ་བཏང་བའི་ཁོངས་ཆོས་ལུགས་རང་དབང་རྡོག་རོལ་དང་འབྲེལ་༸ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེའི་གནད་དོན་འབུར་འདོན་གནང་བ་དང་ཆབས་ཅིག བོད་བརྒྱུད་ནང་བསྟན་དེ་རྒྱ་ནག་ཅན་དུ་བསྒྱུར་རྒྱུའི་སྲིད་བྱུས་མུ་མཐུད་སྤེལ་བཞིན་ཡོད་པ་སོགས་གསལ་འདོན་གནང་འདུག ད་དུང་རྒྱ་གཞུང་གིས་མུ་མཐུད་བོད་པའི་དགོན་པའི་གནང་སྒོར་ཐེ་གཏོགས་བྱས་ཏེ་རྒྱ་གཞུང་གིས་མོས་མཐུན་ཡོད་པའི་དགེ་འདུན་པ་དགོན་པའི་ལྟ་རྟོག་སླད་བསྐོ་གཞག་དང་གྲྭ་བཙུན་རྣམས་ལ་མུ་མཐུད་ཆབ་སྲིད་ཀྱི་སློབ་གསོ་སྤྲོད་པ་དང་། དེ་བཞིན་བོད་པའི་དགོན་སྡེ་དང་ཆོས་ཕྱོགས་ཀྱི་བསྟི་གནས་ཁག་དེབ་སྐྱེལ་ཐད་སྟངས་འཛིན་བྱེད་བཞིན་སྐོར་མངོན་གསལ་གནང་འདུག གཞན་ཡང་སྙན་ཐོ་དེའི་ནང་།  གྲྭ་བཙུན་གཙོས་བོད་མི་རྣམས་ལ་མགྲོན་ཁང་དང་མོ་ཊ་གླ་རྒྱུ་སོགས་ལ་དཀའ་ངལ་འཕྲད་པ་དང་ལྷག་པར་དུ་ལས་ཀའི་བརྒྱུད་རིམ་ཁྲོད་དབྱེ་འབྱེད་བྱས་དང་བྱེད་མུས་ཡིན་པའི་གནད་དོན་མངོན་གསལ་གནང་འདུག་པར་མ་ཟད་རྒྱ་ནག་གཞུང་གིས་ཧན་ནང་པ་མང་པོ་ཞིག་ནས་བོད་བརྒྱུད་ནང་བསྟན་ཐོག་དོ་སྣང་ཤུགས་ཆེར་གནང་བཞིན་པའི་ཁྲོད་འདིར་ཧན་ནང་པ་ཚོ་བོད་པའི་དགོན་སྡེ་ཁག་ལ་བསྐྱོད་རྒྱུའང་རྒྱ་གཞུང་གིས་སྐབས་རེ་དམ་དྲག་བྱེད་ཀྱི་ཡོད་པར་མངོན་གསལ་གནང་ཡོད།རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱི་གཞུང་ཚབ་ཆེན་མོ་སྐུ་ཞབས་ Rashad Hussain ལགས་ཀྱིས་ཁ་སང་གསར་འགོད་གསལ་བསྒྲགས་སྐབས་སྲིད་གཞུང་མང་པོ་ཞིག་ནས་དབྱེ་འབྱེད་ཀྱི་སྒྲིག་གཞི་ལག་བསྟར་བྱེད་དེ་མང་ཚོགས་ཀྱི་ཆོས་དད་རང་དབང་ལ་རྡོག་རོལ་དང་།  དེའི་ཁྲོད་རྒྱ་གཞུང་གིས་མུ་མཐུད་བོད་མིའི་ཆོས་དད་རང་དབང་ལ་རྡོག་རོལ་དང་བོད་མིའི་རིག་གཞུང་དང་སྐད་ཡིག་གོང་མཐོར་གཏོང་མཁན་གྱི་གང་ཟག ལྷག་དོན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུ་པར་ཉར་ཚགས་གནང་མཁན་སོགས་འཛིན་བཟུང་གིས་མནར་གཅོད་བཏང་བར་འགྲེལ་བརྗོད་ཀྱིས་དེར་སྐྱོན་བརྗོད་གནང་འདུག གཞི་རྩའི་རྒྱ་གཞུང་གིས་བོད་ནང་བོད་མིའི་ཚོའི་ཆོས་ལུགས་རང་དབང་ལ་མུ་མཐུད་རྡོག་རོལ་གཏོང་བཞིན་པའི་གནད་དོན་རིམ་པ་འཐོན་བཞིན་པར་མ་ཟད།  ལྷག་དོན་ཁ་སྔོན་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་རྒྱ་ནག་རྒྱལ་ཡོངས་ཆོས་ལུགས་ལས་དོན་ལྷན་ཁང་དང་དཔལ་འབྱོར་ལྷན་ཁང་གཉིས་ཀྱིས་ཆོས་ཕྱོགས་དང་འབྲེལ་བའི་དཔལ་འབྱོར་གྱི་ལས་དོན་ལ་ཚོད་འཛིན་དམ་དྲག་གི་ཁྲིམས་སྒྲིག་ཅིག་ཁ་སྔོན་ཕྱི་ཚེས་ ༡ ནས་ལག་བསྟར་བྱ་རྒྱུའི་གསལ་བསྒྲགས་སྤེལ་ཡོད་པ་དང་བསྟུན་བོད་ནང་གི་དགོན་སྡེ་ཁག་ལ་སྔར་ལྷག་དམ་དྲག་གི་དཀའ་ངལ་འཕྲད་ངེས་ཡིན་པར་གསུངས་ཡོད།

Latest news