Tibetan Royal Year of 2151 | Year of the Wood Dragon

ARCHIVE

Monthly Archives: July, 2022

ཨོ་གླིང་གི་ལས་འགུལ་བ་ Drew Pavlou ལགས་དབྱིན་ཡུལ་ཉེན་རྟོག་པས་འཛིན་བཟུང་བཀག་ཉར།

བོད་མི་དང་རྒྱ་རིགས་དམངས་གཙོ་དོན་གཉེར་བར་རྒྱབ་སྐྱོར་གནང་མཁན་དང་འགྲོ་བ་མིའི་ཐོབ་ཐང་ལས་འགུལ་བ་སྐུ་ཞབས་ Drew pavlou ལགས་ཟླ་འདིའི་ཚེས་ ༢༡ ཉིན་དབྱིན་ཡུལ་གྱི་ཉེན་རྟོག་པས་ London ནང་རྟེན་གཞི་བྱས་པའི་རྒྱ་ནག་གཞུང་ཚབ་ཀྱི་མདུན་ནས་འཛིན་བཟུང་གིས་བཀག་ཉར་བྱས་ཡོད་པ་རེད་འདུགདེ་ཡང་དབྱིན་ཡུལ་གྱི་རྒྱལ་ས་ལོན་ཌོན་ London ནང་རྟེན་གཞི་བྱས་པའི་རྒྱ་ནག་གཞུང་ཚབ་པའི་མདུན་དུ་སྐུ་ཞབས་ Drew Pavlou ལགས་ཀྱིས་ཞི་བའི་ལས་འགུལ་སྤེལ་སྐབས་ཁུལ་དེའི་ཉེན་རྟོག་པས་སྐུ་ཞབས་ Drew ལགས་ཀྱིས་གློག་འཕྲིན་ཁ་བྱང་ཞིག་ནས་རྒྱ་ནག་གཞུང་གིས་ཡུ་གུར་མི་རིགས་ལ་དྲག་གནོན་མཚམས་འཇོག་མ་བྱས་ན་གཞུང་ཚབ་ཁང་འབར་རྫས་ཀྱིས་གཏོར་རྒོལ་བྱ་རྒྱུ་ཡིན་པའི་གློག་འཕྲིན་ཞིག་འབྱོར་ཡོད་ཚུལ་བརྗོད་དེ་ཁོང་འཛིན་བཟུང་གིས་བཀག་ཉར་བྱས་ཡོད་པ་རེད་འདུགལས་འགུལ་བ་སྐུ་ཞབས་ Drew pavlou ལགས་ཀྱིས་རང་ཉིད་ཀྱི་ Twitter ཐོག་ཕྱི་ཚེས་ ༢༡ ཉིན་རྒྱ་ནག་གཞུང་ཚབ་ཀྱི་མདུན་དུ་ཞི་བའི་ལས་འགུལ་སྤེལ་སྐབས་རྒྱ་ནག་གཞུང་ཚབ་པས་གློག་འཕྲིན་ཁ་བྱང་རྫུན་བཟོ་བྱས་ནས་གཞུང་ཚབ་ཁང་འབར་རྫས་ཀྱིས་གཏོར་རྒོལ་བྱ་རྒྱུའི་བྱུས་ངན་བཤམས་ཡོད་ཚུལ་སོགས་ཁུལ་དེའི་ཉེན་རྟོག་པར་རྩིས་སྤྲོད་བྱས་ནས་ཁོང་འཛིན་བཟུང་བྱས་ཡོད་པ་བཀོད་འདུག མ་ཟད་ཁ་སང་བར་ཉིན་ལྔའི་རིང་ཁོང་ལ་དཀའ་ངལ་ཆེན་པོ་ཕྲད་ཡོད་པ་དང་། ལྷག་པར་དུ་ཁོང་གི་དགའ་ཉེ་སྤུན་མཆེད་ཚང་མས་སེམས་འཚབ་ཆེན་པོ་གནང་ཡོད་སྟབས། ཨོས་ཊོ་ལི་ཡའི་གཞུང་ནས་རོགས་འདེགས་དགོས་པའི་བརྙན་ཞིག་ཀྱང་འཇོག་ཡོད་པ་རེད།སྐུ་ཞབས་ Pavlou ལགས་འཛིན་བཟུང་བྱས་པའི་གནས་ཚུལ་ཐོན་མ་ཐག་ཨོས་ཊོ་ལི་ཡར་གནས་བཞུགས་བོད་མི་མང་སྤྱི་འཐུས་རྡོ་རིང་བསྟན་འཛིན་ཕུན་ཚོགས་ལགས་ཀྱིས་འཇིགས་སྐུལ་བྱས་པའི་གློག་འཕྲིན་ཁ་བྱང་དེ་སྐུ་ཞབས་ Pavlou ལགས་ཀྱི་མིན་པ་དང་དེ་ནི་རྫུན་བཟོ་བྱས་པའི་འགྲེལ་བརྗོད་དང་སྦྲགས། རྒྱུན་དུ་ནས་ཁོང་གིས་བདེ་སྤྱོད་བྱེད་བཞིན་པའི་གློག་འཕྲིན་ཁ་བྱང་ངོ་མ་བཀོད་དེ་དབྱིན་ཡུལ་གྱི་ངོས་ནས་ཁོང་འཕྲལ་མར་གློད་བཀྲོལ་གཏང་དགོས་པ་མ་ཟད། ཨོས་ཊོ་ལི་ཡའི་གཞུང་ནས་ཀྱང་ཁོང་བདེ་ཐང་ངང་ཁྱིམ་ལ་འཁོར་ཐབས་གནང་དགོས་པའི་གསར་འགོད་བསྒྲགས་གཏམ་ཞིག་སྤེལ་འདུག་པ་དང་། དེར་ལས་འགུལ་བ་ Drew pavlou ལགས་ཀྱིས་ Twitter དྲ་གནས་ཐོག་དྲང་བདེན་དང་རང་དབང་ལ་རྒྱབ་སྐྱོར་གནང་བར་བཀའ་དྲིན་ཆེ་ཞེས་བཀོད་འདུག

ཤེས་རབ་སྐྱེད་ཚལ་གླིང་དཔེ་མཛོད་ཁང་དབུ་འབྱེད་དང་མང་ཚོགས་ལ་བཀའ་སློབ།

དེ་རིང་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ལ་དྭགས་གྲོང་ཁྱེར་སླེ་ནས་སྤྱི་ལེ་ ༡༨ ཙམ་གྱི་སར་ཆགས་པའི་ཤེས་རབ་སྐྱེད་ཚལ་དཔེ་མཛོད་ཁང་དབུ་འབྱེད་རབ་གནས་བཀྲིན་སྩལ་གནང་མཛད་འདུགཤེས་རབ་སྐྱེད་ཚལ་གླིང་དཔེ་མཛོད་ཁང་དེ་ནི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ལམ་སྟོན་གཞིར་བཟུང་སྐྱབས་རྗེ་ཁྲིག་སེ་རིན་པོ་ཆེ་མཆོག་གིས་ཐུགས་འགན་གཙོ་བཞེས་ཐོག་བཞེངས་བསྐྲུན་གནང་པ་ཞིག་ཡིན་པ་དང་།དེ་རིང་དཔེ་མཛོད་ཁང་དངོས་སུ་དབུ་འབྱེད་ཀྱི་མཛད་སྒོའི་ཐོག་སླེ་གྲོང་ཁྱེར་གཡས་གཡོན་གྱི་སློབ་ཕྲུག་དང་།  མང་ཚོགས་བཅས་མི་གྲངས་དུ་མ་འདུ་འཛོམས་བྱུང་ཡོད་པ་དང་།   བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་སྐབས་དེར།   དེ་རིང་སླར་ཡང་མང་ཚོགས་ཚང་མས་མཛའ་བརྩེའི་རྣམ་འགྱུར་བཏོན་པར་ཐུགས་རྗེ་ཆེ་ཞུས་དང་སྦྲགས།       ལ་དྭགས་མང་ཚོགས་ཀྱི་མཐུན་སྒྲིལ་ལ་ཡིད་རངས་བསྔགས་བརྗོད་མཛད་དེ།   ༸གང་ཉིད་ཀྱི་ཐུགས་བསྐྱེད་དམ་བཅའ་བཞིའི་ནང་ནས་ཆོས་ལུགས་ཕན་ཚུན་དབར་མཐུན་འབྲེལ་གོང་སྤེལ་ཡོང་ཐབས་སྐོར་བཀའ་སྩལ་གནང་པ་དང་སྦྲགས།   མང་ཚོགས་ཚང་མའི་ངོས་ནས་རང་ཉིད་ཀྱི་རྒྱལ་ཁབ་དང་།  མི་རིགས།  ཆོས་ལུགས་བཅས་ལ་ཞེན་ཆགས་གཅིག་པུ་མིན་པར་རྒྱ་ཆེ་ས་ནས་གོ་ལ་གཅིག་འགྱུར་གྱི་འདུ་ཤེས་ཐོག་བསམ་བློ་གཏང་དགོས་པ་དང་།   སེམས་བཟང་པོ་བྱེད་རྒྱུ་དེ་རང་གཞན་ཀུན་གྱི་ཞི་བདེའི་རྩ་བ་ཡིན་པ་བཅས་ཀྱི་ལམ་སྟོན་སྩལ་གནང་ཡོད། ༸གང་ཉིད་ནས་ད་དུང་།   བོད་ཀྱི་ནང་པའི་ཆོས་དང་སྐད་ཡིག་བཅས་པ་དུས་ཪབས་བདུན་པ་བརྒྱད་པ་ནས་ཡོད་པའི་བྱུང་རབས་ལོ་རྒྱུས་ངོ་སྤྲོད་སྩལ་གནང་མཛད་པ་དང་བསྟུན།  བོད་པའི་སྐད་དང་ཡི་གེ་རྒྱུན་སྤྱོད་བྱེད་མཁན་ཚོར་དཔལ་ན་ལན་ཌའི་ནང་པའི་ཆོས་ཀྱི་གོ་དོན་གཏིང་ཟབ་པོ་ཡོད་པ་དང་། དེའི་དཔེ་མཚོན་ནི།   ཆབ་སྲིད་ཀྱི་ཐོག་ནས་བོད་དེ་རྒྱ་ནག་དམར་པོའི་བཙན་དབང་འོག་ཏུ་གནས་ཡོད་རུང་། ཆོས་ཕྱོགས་ཀྱི་ཐོག་ནས་དེང་སྐབས་རྒྱ་རིགས་ཤེས་ཡོན་ཅན་མང་པོ་ཞིག་གིས་བོད་ཀྱི་ནང་ཆོས་ལ་ཡིད་རང་བསྔགས་བརྗོད་དང་སྦྲགས་ཉམས་ལེན་བྱེད་མཁན་རྗེ་མང་དུ་འགྲོ་བཞིན་པའི་སྐོར་ཡང་བཀའ་སྩལ་འདུག ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐབས་དེར་ད་དུང་།   གོ་ལའི་ཚ་དྲོད་འཕེལ་བཞིན་སྐོར་མང་ཚོགས་ལ་དྲན་སྐུལ་དང་སྦྲགས།   རྒྱ་གར་གྱི་ཁོར་ཡུག་ལས་འགུལ་བ་དམ་པ་ Bahuguna མཆོག་ནས་གང་ཉིད་ལ་ཧི་མ་ལ་ཡའི་རི་རྒྱུད་ཁག་ཏུ་ ཤིང་ནག་འདེབས་འཛུགས་མང་ཙམ་བྱ་དགོས་པའི་ལམ་སྟོན་གནང་པ་ལྟར། མང་ཚོགས་ཚང་མའི་ངོས་ནས་དེ་ལྟར་གནང་དགོས་པའི་སྐུལ་མ་ཡང་མཛད་ཡོད་པ་རེད།  མཛད་སྒོའི་ཐོག་སློབ་ཕྲུག་ཁག་གཅིག་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བཀའ་འདྲི་ལམ་སྟོན་ཁག་གཅིག་ཞུས་པ་མ་ཟད།   སྐབས་དེར་ཤེས་རབ་སྐྱེད་ཚལ་གླིང་དཔེ་མཛོད་ཁང་དངོས་སུ་གསར་འཛུགས་ཀྱི་ཐུགས་འགན་བཞེས་མཁན་སྐྱབས་རྗེ་ཁྲིག་སེ་རིན་པོ་ཆེ་མཆོག་ནས།  ༸གོང་ས་མཆོག་༸གང་ཉིད་ཀྱི་དཔེ་མཛོད་དངོས་སུ་དབུ་འབྱེད་བཀྲིན་བསྐྱངས་བར་ཐུགས་རྗེ་ཆེ་ཞུས་དང་།   ལྷག་པར་ད་བར་༸གང་ཉིད་ཀྱིས་ལམ་སྟོན་དང་དགོངས་གཞི་གཞིར་བཟུང་མ་འོངས་པར་ཡང་དེ་ལྟར་མུ་མཐུད་ཞུ་རྒྱུའི་དམ་བཅའ་ཡང་ཕུལ་གནང་མཛད་ཡོད།གཞི་རྩའི་ཤེས་རབ་སྐྱེད་ཚལ་གླིང་དཔེ་མཛོད་ཁང་དེ་ནི།  ཕྱི་ལོ་ ༢༠༡༨ ལོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་སྐྱབས་རྗེ་ཁྲིག་སེ་རིན་པོ་ཆེ་མཆོག་ལ་ལ་དྭགས་མི་མང་དང་།  དེ་བཞིན་ཕྱི་ཕྱོགས་ཀྱི་མང་ཚོགས་བཅས་ལ་ཤེས་ཡོན་གྱི་ལྟེ་གནས་དཔེ་མཛོད་ཞིག་འཛུགས་བསྐྲུན་ཡོང་ཐབས་ཀྱི་ལམ་སྟོན་གནང་པ་གཞིར་བཟུང་ཕྱི་ལོ་ ༢༠༢༠ ལོའི་ལས་འཆར་ལེགས་གྲུབ་ཟིན་པ་ཞིག་དང།   དཔེ་མཛོད་ཁང་གི་ངོས་ནས་རྒྱུན་དུ་སློབ་ཕྲུག་རྣམ་ལ་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་དང་།   ལྷག་པར་ཕྱི་ནང་མང་ཚོགས་ལ་ནང་ཆོས་ངོ་སྤྲོད་དང་།  རྒན་པ་ཚོར་ཡི་གེ་བྲིས་ཀློག་སོགས་ཀྱི་ཟབ་སྦྱོང་ཡང་གནང་གི་ཡོད་པ་རེད།   ཤེས་རབ་སྐྱེད་ཚལ་གླིང་དཔེ་མཛོད་ཀྱི་འགན་འཛིན་དགེ་བཤེས་འཇམ་དབྱངས་བཀྲིས་ལགས་ཀྱིས་དེའི་སྐོར་འདི་ག་རླུང་འཕྲིན་ཁང་ལ་ངོ་སྤྲོད་གནང་ཡོད།  

བོད་མིའི་ཚོང་པ་བསྟན་འཛིན་ཆོས་འཕེལ་ལགས་སུ་ལོ་ ༡༨ བཙོན་འཇུག་ཉེས་ཆད་བཀལ་འདུག

བོད་ཀྱི་ཤར་ཕྱོགས་ནག་ཆུ་ཁུལ་ཤག་རོང་རྟ་ཆེན་ཡུལ་ཚོ་ལྔ་པ་སྲ་ཁུ་གྲོང་ནས་ཡིན་པའི་ཚོང་པ་བསྟན་འཛིན་ཆོས་འཕེལ་ལགས་ཕྱི་ལོ་ ༢༠༡༨ ཕྱི་ཟླ་ ༣ པའི་ཟླ་མཇུག་ཏུ་རྒྱ་གཞུང་གིས་བཙན་ཁྲིད་ཀྱིས་ད་བར་གར་སོང་ཆ་མེད་དུ་སོང་ཡོད་ཀྱང་། བཞུགས་སྒར་དུ་རྟེན་གཞི་བྱས་པའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་དེ་རིང་སྤེལ་བའི་གནས་ཚུལ་ལ་གཞིགས་ན། རྒྱ་ནག་གཞུང་གིས་ཁོང་ལ་ཕྱི་ལོ་ ༢༠༡༩ ཟླ་ ༥ ཚེས་ ༢༤ ཉིན་རྒྱལ་ཁབ་ཀྱི་བདེ་འཇགས་ལ་ཉེན་ཁ་བཟོ་བའི་ལས་གཞིར་མཐུན་འགྱུར་དང་། རྒྱལ་ཁབ་ཀྱི་གསང་བ་ཕྱི་གྱར། དེ་བཞིན་རྒྱལ་ཁབ་ཁ་བྲལ་སོགས་ཀྱི་ཉེས་མིང་འོག་མི་ལོ་ ༡༨ ཀྱི་བཙོན་འཇུག་ཉེས་ཆད་དང་། ལོ་ ༥ རིང་ཆབ་སྲིད་ཀྱི་ཐོབ་ཐང་འཕྲོག་རྒྱུའི་ཉེས་ཆད་བཀལ་ཡོད་པ་རེད་འདུགརྩ་བའི་བསྟན་འཛིན་ཆོས་འཕེལ་ལགས་ཕྱི་ལོ་ ༢༠༡༨ ལོའི་ཕྱི་ཟླ་གསུམ་པའི་ནང་རྒྱ་ནག་ནས་ལྷ་སར་ལོག་པའི་ལམ་བར་དུ་ལྷོ་ཁ་གོང་དཀར་གནམ་ཐང་ནས་རྒྱ་གཞུང་གིས་གློ་བུར་དུ་འཇུ་བཟུང་བྱས་ནས་ཅ་དངོས་སྔོག་གཤེར་སྐབས་ཆབ་སྲིད་དང་འབྲེལ་བའི་རྩོམ་ཡིག་འགའ་ཞིག་དང་སྡོད་ཁྱིམ་དུ་སྔོག་གཤེར་སྐབས་༸གོང་ས་མཆོག་གི་༸སྐུ་པར་བཅས་ཐོན་པའི་གནས་ཚུལ་ཞིག་ལས་ཁོང་འཛིན་བཟུང་བྱེད་དོན་གང་ཡིན་ཤེས་རྟོགས་ཐུབ་མེད་པ་རེད། ལྟེ་གནས་ཁང་ལ་གསར་དུ་འབྱོར་བའི་གནས་ཚུལ་ནང་གསལ་ལྟར་ན། བསྟན་འཛིན་ཆོས་འཕེལ་ལགས་ཀྱི་ནང་མི་རྣམས་ཀྱིས་ཕྱི་ལོ་ ༢༠༡༩ ལོའི་ཕྱི་ཟླ་ ༡༠ པའི་ནང་བོད་རང་སྐྱོང་ལྗོངས་ཀྱི་མི་མང་ཁྲིམས་ཁང་ལ་ཁོང་གི་ཁྲིམས་ཆད་ཐད་ཞུ་གཏུག་གནང་ཡོད་ཀྱང་། ཁྲིམས་ཁང་གིས་དེར་བདག་སྤྲོད་གནང་མེད་པ་དང་། ཁོང་ད་ཆ་ལྷ་སའི་ཆུ་ཤུལ་བཙོན་ཁང་ནང་བཙོན་འཇུག་བྱེད་མུས་རེད་འདུག གཞི་རྩའི་བསྟན་འཛིན་ཆོས་འཕེལ་ལགས་ནི་རྒྱུན་དུ་རང་རིགས་ལ་ཞེན་པ་དཀར་ཞིང་བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་དང་བོད་མི་ཉམ་ཐག་ལ་རོགས་སྐྱོར་དང་བོད་ཀྱི་ལོ་རྒྱུས་དང་རིག་གནས་སྲུང་སྐྱོབ་དང་འབྲེལ་བའི་ལས་གཞི་གང་ཞིག་ཡོད་ཀྱང་དེའི་ཐད་ལ་དཔལ་འབྱོར་གྱི་ཞལ་འདེབས་འབུལ་བ་དང་། ལྷག་པར་དུ་ལོ་ཤས་སྔོན་ནས་ནག་ཆུ་བྱི་ནགས་འཁོར་གསུམ་རྒྱུད་ཀྱི་གཏེར་ཆུ་དང་གཏེར་ཁ་སོགས་ལ་སྲུང་སྐྱོབ་ཆེད་དུ་རྫོང་དང་ལྗོངས་རིམ་པ་བརྒྱུད་ནས་གནས་རི་དང་། གནས་ས་མང་པོ་ཞིག་རྒྱ་ནག་རྒྱལ་ཁབ་ཀྱི་མངོན་མིན་རིག་གནས་ཤུལ་བཞག་ཁོངས་སུ་ཡིག་ཆ་བཞག་པ་དང་ལོ་རྒྱུས་ཀྱི་རྡོ་རིང་སློང་བ་སོགས་ཀྱི་ལས་གཞིའི་ཐད་ལའང་དཔལ་འབྱོར་གྱི་འགྲོ་གྲོན་མང་དག་བཏང་མྱོང་འདུག བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་རྒྱ་ནག་གཞུང་གིས་བསྟན་འཛིན་ཆོས་འཕེལ་ལགས་སུ་ལོ་ ༡༨ ཀྱི་བཙོན་འཇུག་ཉེས་ཆད་བཀལ་བ་དེ་ནི་དྲང་བདེན་མ་ཡིན་པའི་ཁྲིམས་ཆད་ཞིག་ལ་འགྲེལ་བརྗོད་དང་འབྲེལ་སྐྱོན་བརྗོད་ཤུགས་ཆེ་གནང་བ་མ་ཟད། རྒྱ་ནག་ངོས་ནས་སྤྱི་ཚོགས་ཀྱི་བདེ་དོན་སླད་ཕྱག་ལས་གནང་མཁན་གྱི་བོད་མི་གྲགས་ཅན་དང་ཤུགས་རྐྱེན་ལྡན་པ་རྣམས་ལ་ཆེད་མངགས་དམིགས་ཏེ་དེ་ལྟ་བུའི་ཆབ་སྲིད་ཀྱི་དྲག་གནོན་བྱས་པའི་ལས་དོན་ཡོང་རྫོགས་ཁྲལ་དུ་མཚམས་འཇོག་དགོས་པའི་ཞུ་སྐུལ་གནང་འདུག

བོད་ཕྲུག་ཁྱིམ་སྡེའི་ཁྱབ་ཁོངས་ནས་སྲིད་སྐྱོང་སློབ་ཡོན་བཞེས་མཁན་སློབ་མ་གཅིག་བྱུང་ཡོད་འདུག

CBSE རྒྱ་གར་དབུས་འབྲིང་རིམ་ཤེས་ཡོན་ལྷན་ཚོགས་ནས་བདུན་ཕྲག་སྔོན་མའི་རེས་གཟའ་པ་སངས་ཀྱི་སྔ་དྲོ་ཙམ་ནས་ཕྱི་ལོ་ ༢༠༢༡ དང་ ༢༠༢༢ ལོའི་འཛིན་རིམ་བཅུ་གཉིས་དང་། བཅུ་པ་གཉིས་ཀྱི་རྒྱལ་ཡོངས་ཡིག་རྒྱུགས་ཆེན་མོའི་གྲུབ་འབྲས་གསལ་བསྒྲགས་གནང་འགོ་བཙུགས་ཡོད་པ་དང་། དེ་རིང་རླུང་འཕྲིན་ཁང་གིས་རྒྱལ་ཡོངས་ཡིག་རྒྱུག་ཆེན་མོར་མཉམ་ཞུགས་གནང་མཁན་ཁོངས་སུ་ཡོད་པའི་བོད་པའི་སློབ་གྲྭ་ཁག་གི་གྲུབ་འབྲས་རྒྱུས་ལོན་ཞུས་སྐབས་མ་སུ་རི་བོད་ཁྱིམ་གྱི་འཛིམ་རིམ་བཅུ་པ་དང་བཅུ་གཉིས་ཀྱི་ཡིག་རྒྱུགས་ཁྲོད་རྒྱ་ཆ་བརྒྱ་ནས་བརྒྱ་དང་། བོད་ཕྲུག་ཁྱིམ་སྡེའི་ཁྱབ་ཁོངས་ནས་འདི་ལོའི་སྲིད་སྐྱོང་སློབ་ཡོན་བཞེས་མཁན་སློབ་མ་གཅིག་བྱུང་འདུག དེ་ཡང་མ་སུ་རི་བོད་ཁྱིམ་ཁྱབ་ཁོངས་ནས་འདི་ལོ་སྒྱུ་རྩལ་དང་ཚོང་རིག དེ་བཞིན་ཚན་རིག་བཅས་སྡེ་ཚན་གསུམ་གྱི་ནང་ལ་དངོས་སུ་ཡིག་རྒྱུགས་ནང་ཞུགས་མཁན་སློབ་མ་ ༡༡༨ བྱུང་ཡོད་པ་ཆ་ཚང་ཡིག་རྒྱུགས་གཙང་འཕྲོད་ཐོག་སློབ་གྲྭའི་སྤྱི་ཡོངས་ཀྱི་གྲུབ་འབྲས་བརྒྱ་ཆ་བརྒྱ་ནས་བརྒྱ་སོན་འདུག་པ་དང་། སློབ་མ་དེ་དག་ཁྲོད་ནས་ཕྱོགས་བསྡོམས་ཀྱི་བརྒྱ་ཆ་ ༩༠ ལྷག་ཐོབ་མཁན་ ༩ བྱུང་འདུག ཐེངས་འདིའི་མ་སུ་རི་བོད་ཁྱིམ་གྱི་སྒྱུ་རྩལ་སྡེ་ཚན་ཁོངས་ནས་རྩེ་ཕུད་སོན་པ་བསྟན་འཛིན་སྨོན་ལགས་སུ་ཁྱོན་བསྡོམས་བརྒྱ་ཆ་ ༩༤།༦ དང་ཚོང་རིག་སྡེ་ཚན་ཁོངས་ནས་རྩེ་ཕུད་སོན་པ་བསྟན་འཛིན་གསལ་སྒྲོན་ལགས་ལ་ཁྱོན་བསྡོམས་བརྒྱ་ཆ་ ༨༨། དེ་བཞིན་ཚན་རིག་སྡེ་ཚན་ཁོངས་ནས་རྩེ་ཕུད་སོན་པ་ཆོས་གསུམ་ལྷ་མོ་ལགས་ལ་ཁྱོན་བསྡོམས་བརྒྱ་ཆ་ ༩༢།༤ བཅས་ཐོབ་འདུགརྩ་བའི་མ་སུ་རི་བོད་ཁྱིམ་སློན་གྲྭ་སྔར་ལོ་བཞིན་སློབ་གྲྭའི་སྤྱི་ཡོངས་ཀྱི་གྲུབ་འབྲས་བརྒྱ་ཆ་བརྒྱ་ནས་བརྒྱ་སོན་འདུག་ཀྱང་། སློབ་མ་སྒེར་གྱི་ཁྱོན་བསྡོམས་བརྒྱ་ཆ་ ༩༥ ལྷག་བླངས་ཏེ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སློབ་ཡོན་བཞེས་ཐུབ་མཁན་བྱུང་མེད་པ་དང་། འདི་ག་རླུང་འཕྲིན་ཁང་ནས་མ་སུ་རི་བོད་ཁྱིམ་གྱི་སློབ་སྤྱི་པ་སངས་དོན་གྲུབ་ལགས་སུ་ཐེངས་འདིའི་གྲུབ་འབྲས་དང་འབྲེལ་བཀའ་འདྲི་ཁག་ཅིག་ཞུ་སྐབས། ཕྱི་ལོ་ ༢༠༢༡ དང་ ༢༠༢༢ ལོའི་འཛིན་རིམ་བཅུ་གཉིས་ཀྱི་ཡིག་རྒྱུགས་དེ་བཞིན་དེ་སྔ་དང་མི་འདྲ་བར། ལོ་གཅིག་ལ་ཡིག་རྒྱུག་གཉིས་བཏང་ཡོད་པ་དང་། དེ་ཡང་ཡིག་རྒྱུགས་དང་པོ་དེ་སློབ་མའི་ངོས་ནས་ལན་དམིགས་བསལ་བྲིས་ཡག་མེད་པར་ལན་རྣམས་འགྲིགས་རྟགས་ MCQ བརྒྱུད་ནས་ལན་འདེབས་གནང་དགོས་རྐྱེན་གྱིས་སློབ་མའི་སྤྱི་ཡོངས་རྒྱ་ཆ་ལ་ཁྱད་པར་བཟོས་ཡོད་པ་གསུངས་ཡོད། དེ་བཞིན་མ་སུ་རི་བོད་ཁྱིམ་སློབ་གྲྭའི་འཛིན་རིམ་བཅུ་པའི་རྒྱལ་ཡོངས་ཡིག་རྒྱུགས་ཆེན་མོའི་ཡིག་རྒྱུགས་ནང་ཞུགས་མཁན་གྱི་སློབ་མ་ཆ་ཚང་ཡིགས་རྒྱུགས་གཙང་འཕྲོད་ཐོག་སློབ་གྲྭའི་སྤྱི་ཡོངས་ཀྱི་གྲུབ་འབྲས་བརྒྱ་ཆ་བརྒྱ་ནས་བརྒྱ་སོན་འདུག་པ་དང་། དེ་དག་ཁྲོད་ནས་ཨང་དང་པོར་སོན་པ་བསྟན་འཛིན་ཀུན་བཟང་ལགས་སུ་རྒྱ་ཆ་ ༩༢།༥ དང་། ཨང་གཉིས་པ་བསོད་ནམས་དཔལ་མོ་ལགས་སུ་རྒྱ་ཆ་ ༩༡།༨། ཨང་གསུམ་པ་སོན་པ་པདྨ་བདེ་སྐྱིད་ལགས་སུ་རྒྱ་ཆ་ ༨༩།༢ བཅས་ཐོབ་འདུགགཞན་ཡང་འདི་ལོའི་འཛིན་རིམ་བཅུ་གཉིས་ཀྱི་རྒྱལ་ཡོངས་ཡིག་རྒྱུགས་ཆེན་མོའི་ཁྲོད་བོད་ཕྲུག་ཁྱིམ་སྡེའི་ཁྱབ་ཁོངས་སློབ་གྲྭ་ཁག་ནས་མཉམ་ཞུགས་གནང་ཡོད་པ་ལྟར། བོད་ཕྲུག་ཁྱིམ་སྡེའི་ཤེས་ཡོན་འགན་འཛིན་རྒན་འབྲུག་ཚེ་རིང་ལགས་སུ་ཞལ་པར་བརྒྱུད་བཀའ་འདྲི་ཁག་ཅིག་ཞུས་སྐབས།  ཅོན་ཏ་ར་བོད་ཁྱིམ་དང་། སེ་ལ་ཀུའི་ Selakui བོད་ཁྱིམ་གཉིས་ཀྱི་འཛིན་རིམ་བཅུ་པའི་སྤྱི་ཡོངས་ཀྱི་གྲུབ་འབྲས་བརྒྱ་ཆ་བརྒྱ་ནས་བརྒྱ་དང་། འཛིན་རིམ་བཅུ་གཉིས་ཡོད་པའི་བོད་ཁྱིམ་གྱི་སློབ་གྲྭའི་ཁོངས་ནས་སེ་ལ་ཀུའི་ Selakui བོད་ཁྱིམ་གྱི་སྤྱི་ཡོངས་ཡིག་རྒྱུགས་གྲུབ་འབྲས་བརྒྱ་ཆ་བརྒྱ་ནས་བརྒྱ་སོན་ཡོད་པ་འགྲེལ་བརྗོད་གནང་ཡོད་པ་མ་ཟད། འདི་ལོ་བོད་ཕྲུག་ཁྱིམ་སྡེའི་ཁྱབ་ཁོངས་ནས་རྡ་སྟེང་བོད་ཁྱིམ་སློབ་གྲྭའི་འཛིན་རིམ་བཅུ་གཉིས་སྒྱུ་རྩལ་སྡེ་ཚན་གྱི་སློབ་མ་བསྟན་འཛིན་ཆོས་སྒྲོལ་ལགས་སུ་ཆ་སྙོམས་རྒྱ་ཆ་ ༩༥ དང་། གོ་པལ་པུར་བོད་ཁྱིམ་སློབ་གྲྭའི་འཛིན་རིམ་བཅུ་པའི་སློབ་མ་བསྟན་འཛིན་བདེ་ཆེན་ལགས་ལ་ཆ་སྙོམས་རྒྱ་ཆ་ ༩༥།༤ ཐོབ་ཡོད་པ་གསུངས་སོང་། རྩ་བའི་ཏོག་དབྱིབས་རིམས་ནད་ཀྱི་ཛ་དྲག་གནས་སྟངས་རྐྱེན་པས་དེ་སྔ་ཕྱི་ལོ་ ༢༠༢༠ དང་ ༢༠༢༡ ལོའི་འཛིན་རིམ་བཅུ་གཉིས་ཀྱི་རྒྱལ་ཡོངས་ཡིག་རྒྱུགས་ཆེན་མོ་དངོས་སུ་ཡིག་རྒྱུགས་ཀྱི་ལམ་ནས་གནང་མ་ཐུབ་པར། ཡིག་རྒྱུགས་ཀྱི་གྲུབ་འབྲས་དེ་དག་དེ་སྔ་སློབ་མ་སོ་སོའི་འཛིན་རིམ་བཅུ་པ་དང་བཅུ་གཅིག དེ་བཞིན་བཅུ་གཉིས་བཅས་ཀྱི་རྒྱ་ཆ་ཕྱོགས་བསྡོམས་གནང་སྟེ་གཏན་འབེབས་གནང་དགོས་བྱུང་ཡོད་པ་མ་ཟད། ད་རེས་ཕྱི་ལོ་ ༢༠༢༡ དང་ ༢༠༢༢ ཀྱིས་རྒྱལ་ཡོངས་ཡིག་རྒྱུགས་དེ་ཡང་དེ་སྔ་དང་མི་འདྲ་བར་ཡིག་རྒྱུགས་ཀྱི་བརྒྱུད་ལམ་གཉིས་ཀྱི་ཐོག་ནས་གནང་དགོས་བྱུང་ཡོད་པ་རེད།ད་ལྟའི་འཆར་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ནས་བོད་པའི་སློབ་གྲྭ་ཁག་གི་འདི་ལོའི་འཛིན་རིམ་བཅུ་གཉིས་དང་བཅུ་པའི་ཡིག་རྒྱུགས་གྲུབ་འབྲས་ཕྱོགས་སྒྲིག་གནང་བཞིན་པའི་གནས་སྟངས་རྐྱེན་པས་སྤྱི་ཡོངས་ནས་འདི་ལོའི་རྒྱལ་ཡོངས་ཡིག་རྒྱུགས་ཆེན་མོའི་ཁྲོད་བོད་པའི་སློབ་མ་ཇི་ཙམ་ནས་མཉམ་ཞུགས་གནང་ཡོད་པ་དང་། ཡིག་རྒྱུགས་འཕྲོད་པའི་བརྒྱ་ཆ་ཇི་ཙམ་ཡོད་མེད། དེ་བཞིན་སློབ་མ་སྒེར་གྱི་ཆ་སྙོམས་རྒྱ་ཆ་ ༩༥ ལྷག་བླངས་ཏེ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སློབ་ཡོན་བཞེས་མཁན་ཇི་ཙམ་ཡོད་མེད་སོགས་ཁ་གསལ་ཞིག་ཆགས་ཐུབ་མེད།  

རེས་གཟའ་ཟླ་བ ༢༠༢༢།༠༧།༢༥

ཉན་པ།: Listen ཕབ་ལེན། Download ༸གོང་ས་མཆོག་གིས་ཤེས་རབ་སྐྱེད་ཚལ་གླིང་དཔེ་མཛོད་ཁང་དབུ་འབྱེད་གནང་བ། བོད་ཕྲུག་ཁྱིམ་སྡེའི་ཁྱབ་ཁོངས་ནས་སྲིད་སྐྱོང་སློབ་ཡོན་དང་སྲིད་སྐྱོང་གཟེངས་བསྟོད་ཕྱག་འཁྱེར་བཞེས་མཁན་སློབ་མ་རེ་རེ་བྱུང་འདུག ལྡི་ལི་བསམ་ཡས་གླིང་ཟས་རིགས་སྣ་འཛོམས་མཆོད་སའི་ཚོང་ལས་ཀྱི་ལྟེ་གནས་བཟོ་རྒྱུའི་གཞུང་འབྲེལ་གསལ་བསྒྲགས་གནང་བ། སྦེང་ལོར་བོད་རིགས་གཞོན་སྐྱེས་རྣམས་ལ་འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་བའི་ཟབ་སྦྱོང་ཉིན་གསུམ་རིང་གནང་འདུག Monday 25/07/2022 HHDL inaugurates Sherab Kyetsal Ling library at Thiksey monastery CBSE results announced, two TCV students score above 95% Samyeling Delhi Majnuka Tilla will be part of Delhi govt’s food hub plan Tibetan students undergo three-day workshop on human rights

ལྡི་ལི་བསམ་ཡས་གླིང་ཟས་རིགས་སྣ་འཛོམས་མཆོད་སའི་ཚོང་ལས་ཀྱི་ལྟེ་གནས་བཟོ་རྒྱུ།

རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་ Arvind Kejriwal མཆོག་གིས་ཁ་སང་ཕྱི་ཚེས་ ༢༤ སྟེ་རེས་གཟའ་ཉི་མའི་ཉིན་ཁོང་གི་མི་མང་དཀྱུས་མའི་ཆབ་སྲིད་ཚོགས་པ་ Aam Aadmi Party ངོས་ནས་བོད་མིའི་གཞིས་སྒར་བསམ་ཡས་གླིང་དང་རྒྱལ་ས་ལྡི་ལིའི་དབུས་ཁུལ་གྱི་ཁྲོམ་རྭ་རྙིང་གྲས་ཅནྡིནི་ཅོཀ Chandni Chowk གཉིས་ཀྱི་ས་ཚིགས་དེ་ཟས་རིགས་སྣ་འཛོམས་མཆོད་སའི་ཚོང་ལས་ཀྱི་ལྟེ་གནས་བཟོ་རྒྱུ་ཡིན་པ་གཞུང་འབྲེལ་གསལ་བསྒྲགས་གནང་འདུགདེ་ཡང་རྒྱལ་ས་ལྡི་ལིའི་སྤྱི་ཁྱབ་བློན་ཆེན་དང་ཁོང་གི་ཆབ་སྲིད་ཚོགས་པས་ཕྱི་ལོ་ ༢༠༢༢ དང་ ༢༠༢༣ གྱི་སྔོན་རྩིས་ནང་ཟས་རིགས་སྣ་འཛོམས་ཀྱི་ཚོང་ལས་དང་མི་སེར་གང་མང་ལ་ལས་ཀའི་གོ་སྐབས་བསྐྲུན་རྒྱུར་དམིགས་ཏེ་བོད་མིའི་གཞིས་སྒར་བསམ་ཡས་གླིང་ངམ་ཡོངས་གྲགས་སུ་མཇ་ནུ་ཀ་ཊི་ལ་དང་རྒྱལ་ས་ལྡི་ལིའི་དབུས་ཁུལ་གྱི་ཁྲོམ་རྭ་རྙིང་གྲས་ཅནྡིནི་ཅོཀ་གཉིས་ཟས་རིགས་སྣ་འཛོམས་མཆོད་སའི་ལྟེ་གནས་བཟོ་རྒྱུའི་ངོ་སྤྲོད་དང་སྦྲགས། ཟ་ཁང་ཚོང་ལས་ཡར་རྒྱས་འཛུགས་བསྐྲུན་དང་འབྲེལ་བའི་ལས་གཞི་དང་པོ་དེ་ཆགས་ཀྱི་ཡོད་པ་དང་། འབྱུང་འགྱུར་གྱི་ལོ་ལྔའི་ནང་ཚུད་མི་མང་ས་ཡ་གཉིས་ཙམ་ལ་ལས་ཀའི་གོ་སྐབས་བསྐྲུན་འཆར་ཡོད་པ་བརྗོད་འདུག རྩ་བའི་ལྡི་ལི་བསམ་ཡས་གླིང་བོད་མིའི་གཞིས་སྒར་དེ་ནི་ ༡༩༥༠ ལོར་ཆེད་འཛུགས་གནང་བ་ཞིག་དང་། ༢༠༠༤ ལོར་དེབ་སྐྱེལ་བྱས་པ་ཞིག་ཆགས་ཀྱི་ཡོད་པ་མ་ཟད། ལྡི་ལི་བསམ་ཡས་གླིང་ལྟ་བུ་མཚོན་ན། རྒྱ་གར་དང་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་གནས་བཞུགས་བོད་རིགས་རྣམས་ས་གནས་གཞན་ལ་ཕེབས་སྐབས་ཀྱི་རྒྱུ་འགྲུལ་དང་་ངལ་གསོ་སའམ་བོད་རིགས་འཛོམས་སའི་ས་གནས་ཤིག་དང་། ལྷག་པར་དུ་ལོ་ཤས་ནས་བཟུང་རྒྱ་གར་བ་མཐོ་སློབ་འགྲིམ་མཁན་དང་ཡུལ་སྐོར་བ་འཛོམས་སའི་ས་ཚིགས་ཤིག་ཏུ་གྱུར་ཏེ་ཉིན་ལྟར་ཁྲོམ་གཞུང་མི་མང་དང་སྤྲོ་འཆམ་པའི་ཁེངས་ནས་ཡོད་པའི་བོད་པའི་ས་གནས་གལ་ཆེན་ཞིག་ཡིན་པ་རེད། འདི་ག་རླུང་འཕྲིན་ཁང་ནས་ལྡི་ལི་བསམ་ཡས་གླིང་གི་བརྒྱ་དཔོན་ཀརྨ་རྡོ་རྗེ་ལགས་དང་ཁུལ་དེའི་ཟ་ཁང་སྦྱིན་བདག་ཅིག་ལ་ཐེངས་འདིའི་ས་གནས་གཞུང་གི་ལས་གཞི་གསར་པ་དེ་དང་འབྲེལ་བའི་བཀའ་འདྲི་ཁག་ཅིག་ཞུས་པ་གསན་སྣང་ཡོང་བ་ཞུ།

རེས་གཟའ་ཉི་མ། ༢༠༢༢།༠༧།༢༤

ཉན་པ།: Listen ཕབ་ལེན། Download ཉེ་ཆར་མཇུག་སྒྲིལ་ཟིན་པའི་བཙན་བྱོལ་བོད་མིའི་འཕྲོད་བསྟེན་བསྐྱར་ཞིབ་ཚོགས་འདུ་ཐེངས་བདུན་པའི་སྐོར། Sunday 24/07/2022 Interview with CTA’s health secretary Palden Dhondup on recently concluded 7th health review meeting

༸གོང་ས་མཆོག་ལ་དྭགས་སླེའི་ཆོས་ལུགས་ཁག་གི་ལྷ་ཁང་གནས་གཟིགས་མཛད་པ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་རླབས་ཆེན་ཐུགས་བསྐྱེད་དམ་བཅའ་བཞིའི་ནང་ནས་འཛམ་གླིང་ཆོས་ལུགས་ཕན་ཚུན་དབར་མཐུན་སྒྲིལ་གོང་སྤེལ་འདི་བཞིན་དེ་རིང་མགོན་པོ་༧གང་ཉིད་མཆོག་གིས་ཞི་བའི་ཚལ་ཕོ་བྲང་ནས་སླེའི་ཁྲོམ་གཞུང་ཁུལ་དུ་ཡོད་པའི་ཁ་ཆེ་དང་། ཡེ་ཤུའི་བཅས་ཀྱི་ལྷ་ཁང་སོ་སོར་གནས་གཟིགས་ཆིབས་བསྒྱུར་བཀྲིན་མཛད་པ་མ་ཟད། རྒྱུན་དུ་སྤྱི་ཚོགས་མཐུན་སྒྲིལ་དང་། གོ་ལ་གཅིག་འགྱུར་གྱི་འདུ་ཤེས་བསྐྲུན་ཐབས་སོགས་དགོངས་པ་རྒྱ་གང་ཆེར་བཞེས་དགོས་པ་སོགས་ཀྱི་ལམ་སྟོན་བཀྲིན་སྩལ་གནང་མཛད་ཡོད་པ་རེད།དེ་རིང་སྔ་དྲོའི་ཕྱག་ཚོད་ ༨ ནས་དབུ་འཛུགས་ཀྱིས་མགོན་པོ་༧གང་ཉིད་མཆོག་ཐོག་མར་སླེའི་ཇོ་ཁང་དུ་ཆེད་ཕེབས་མཛད་དེ་སྐབས་དེར་༧གང་ཉིད་མཆོག་གིས་དད་ལྡན་ནང་པ་ཚོར་ལ་དྭགས་མི་མང་ནས་དད་པ་དམ་ཚིག་གཡོ་མེད་ཡོད་པ་དང་འབྲེལ། ༧གང་ཉིད་མཆོག་ནས་ཀྱང་བསྟན་འགྲོའི་ཞབས་འདེགས་སྒོ་གང་ས་ནས་འགྲུབ་པའི་སེམས་སྐྱེད་ཐུགས་སྨོན་གནང་གི་ཡོད་སྐོར་བཀའ་བཞེས་སྨིན་སྩལ་དང་སྦྲགས། རྒྱུན་དུ་བཤད་སྒྲུབ་གཉིས་ཀྱི་ཐོག་ནས་སངས་རྒྱས་ཀྱི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་བྱ་དགོས་པ་ལས་ལུས་ལ་ཆོས་གོས་གྱོན་པ་ཙམ་གྱི་ཕན་ཐོག་མེད་པའི་ལམ་སྟོན་ཡང་བཀའ་སྩལ་སོང་།མགོན་པོོ་༧གང་ཉིད་མཆོག་ཇོ་ཁང་གི་མཛད་འཆར་གྲུབ་མཚམས་སུ་སླེའི་ཁྲོམ་གཞུང་དབུས་སུ་ཡོད་པའི་སུ་ནིའི་ལྷ་ཁང་དང་དེ་རྗེས་ཤི་ཡ་ཁ་ཆེ་ཆོས་ལུགས་ཀྱི་ཨི་མམ་བ་ར་ལྷ་ཁང་བཅས་སུ་གནས་གཟིགས་མཛད་པ་དང་འབྲེལ། ༧གང་ཉིད་མཆོག་གིས་ཆོས་ལུགས་གང་འདྲ་ཞིག་ཡིན་རུང་བྱམས་སྙིང་རྗེའི་ལམ་སྟོན་གནང་གི་ཡོད་པར་དེ་མིན་ཆོས་ལུགས་ཀྱི་མིང་ཐོག་ནས་ཕན་ཚུན་གསོད་རེས་བྱེད་པ་སོགས་ནི་སེམས་ངོར་མི་ཤོང་པ་ཞིག་དང་། དཔེར་ན་ཁྱིམ་མཚེས་རྒྱལ་ཁབ་ཨ་ཕི་གྷ་ནིས་ཏན་ནང་དུ་ཤི་ཡ་དང་སུན་ནིའི་བར་གསོད་རེས་བྱེད་ཀྱི་ཡོད་པ་དེ་ནི་སེམས་སྐྱོ་དགོས་པའི་གནད་དོན་ཞིག་ཡིན་པ་དེ་ལྟ་བུའི་གནས་སྟངས་ཀྱི་རྐྱེན་པས་མགོན་པོ་༧གང་ཉིད་མཆོག་ནས་ཐུགས་བསྐྱེད་དམ་བཅའ་འདི་བཞིན་ཆོས་ལུགས་ཕན་ཚུན་མཐུན་སྒྲིལ་གོང་སྤེལ་ཡོང་ཐབས་དེ་ཡིན་ཅེས་བཀའ་སྩལ་མཛད་པ་མ་ཟད། སྤྱིར་སྟངས་ཆོས་ལུགས་སོ་སོར་ལྟ་གྲུབ་མི་འདྲ་བ་ཡོད་ཀྱང་དམིགས་ཡུལ་གཞན་ཕན་གྲུབ་ཐབས་གཅིག་མཚུངས་ཡིན་པའི་ལམ་སྟོན་སོགས་སྩལ་ཡོད།དེ་འབྲེལ་ཤི་ཡ་ཁ་ཆེའི་ལྷ་ཁང་དེའི་ཚོགས་གཙོ་གཞོན་པས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དྭགས་སུ་ག་དུས་ཆིབས་བསྒྱུར་གནང་བ་ཡིན་ནའི་ང་ཚོའི་ལྷ་ཁང་ནང་ཆེད་ཕེབས་གནང་གི་ཡོད་པ་དེ་ནི་སྐལ་པ་བཟང་པོ་ཞིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད་པ་དང་། ༧གང་ཉིད་མཆོག་ཁུལ་འདིར་ཆིབས་བསྒྱུར་གནང་བའི་བརྒྱུད་ང་ཚོ་ལ་དྭགས་མི་མང་དབར་མཛའ་བརྩེ་གོང་འཕེལ་དང་ཕན་ཚུན་གཅིག་ཕན་གཅིག་གྲོགས་སོགས་ཀྱི་མཐུན་ལམ་གོང་ཐོར་འགྲོ་རྒྱུར་ཕན་ཐོགས་ཧ་ཅང་ཆེན་པོ་འདུག་ཅེས་གསུངས་སོང་།དེ་རིང་གི་མཛད་འཆར་མཐའ་མའི་སྐབས་༸གོང་ས་མཆོག་ནས་མོ་ར་ཝི་ནྱའི་ཡི་ཤུའི་ལྷ་ཁང་དུ་གནས་གཟིགས་ཆིབས་བསྒྱུར་གནང་ཡོད་པ་དང་། ལྷ་ཁང་དེ་ཉིད་ལོ་ངོ་ ༡༣༧ སོང་བའི་ལྷ་ཁང་ཞིག་དང་དེའི་ནང་ཡི་ཤུའི་ཆོས་དཔོན་ཚོས་མགོན་པོ་༧གང་ཉིད་མཆོག་སྐུ་ཚེ་ཞབས་པད་ཡུན་རིང་བརྟན་པ་དང་། ཐུགས་ཀྱི་བཞེད་དགོངས་མཐའ་དག་འགྲུབ་པ། ལྷག་པར་དུ་༧གང་ཉིད་ཀྱི་ཞབས་པུས་སྐུ་ངལ་གང་མགྱོགས་དྲག་སྐྱེད་ཡོང་བའི་ཐུགས་སྨོན་གནང་ཡོད་པ་རེད། དེ་བཞིན་མགོན་པོ་༧གང་ཉིད་མཆོག་གིས་སྐབས་དེར། སྤྱིར་ཡི་ཤུ་བ་ཚོས་སྤྱི་ཚོགས་གོང་འཕེལ་ཆེད་ཞབས་འདེགས་རླབས་ཆེན་ཞིག་ཞུས་ཡོད་པའི་སྐོར་དང་། དེ་སྔོན་གྱི་ཡེ་ཤུའི་ཆོས་དཔོན་དངོས་སུ་མཇལ་འཕྲད་གནང་མྱོང་ཡོད་པ་མ་ཟད། ལྷག་པར་དུ་ཚན་རིག་པ་སོགས་གྲོགས་པོ་མང་པོ་ངོ་ཤེས་བརྒྱུད་ཡེ་ཤུའི་ཆོས་ལུགས་ལ་གཟིགས་སྣང་ཡག་པོ་ཡོད་སྐོར་འགྲེལ་བརྗོད་དང་སྦྲགས། ང་ཚོ་ཚང་མ་འཛམ་གླིང་འདིའི་ནང་མཉམ་གནས་བྱེད་རྒྱུ་ཡིན་སྟབས། དཀའ་ངལ་ཆུང་ཙག་རིགས་ལ་གཡོལ་སྟེ། ཆེ་ས་ནས་གོ་ལ་གཅིག་འགྱུར་གྱི་འདུ་ཤེས་ཡོང་ཐབས་སུ་འབད་བརྩོན་བྱ་དགོས་སྐོར་དང་། རང་ཉིད་གནས་སའི་ས་གནས་ཀྱི་ཉམ་ཐག་རིགས་ལ་རྒྱུན་དུ་ནས་རོགས་ཕན་ཡོང་ཐབས་གནང་དགོས་པ་སོགས་ཀྱི་ལམ་སྟོན་མཛད་ཡོད།དེ་རིང་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་སླེའི་ས་གནས་ཆོས་ལུགས་ཁག་གི་ལྷ་ཁང་དུ་གནས་གཟིགས་མཛད་སྐབས། སླེའི་གཡས་གཡོན་གྱི་མང་ཚོགས་དང་། ལྷག་པར་དུ་ཕྱི་རྒྱལ་དང་རྒྱ་གར་གྱི་ས་ཕྱོགས་གང་ས་ནས་ཕེབས་པའི་ཡུལ་སྐོར་སྤྲོ་འཆམ་པ་རྣམས་ནས་མགོན་པོ་༧གང་ཉིད་མཆོག་གི་ཞལ་མཇལ་དང་། སྣེ་ལེན་ཕེབས་བསུ་ཞུ་མཁན་མང་ཚོགས་སྟོང་ཕྲག་བརྒལ་བ་འདུ་འཛོམས་བྱུང་འདུག་པ་མ་ཟད། རེས་གཟའ་ཟླ་བའི་ཉིན་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་སླེ་གྲོང་ཁྱེར་ནས་སྤྱི་ལེ་ ༡༨ ཙམ་གྱི་སར་ཡོད་པའི་ཁྲིག་སེ་དགོན་པར་ཆིབས་བསྒྱུར་སྩལ་གནང་མཛད་རྒྱུ་ཡིན་པ་རེད་འདུག སྐུ་པར་བདག་དབང་དགའ་ལྡན་ཕོ་བྲང་།  

རེས་གཟའ་སྤེན་པ། ༢༠༢༢།༠༧།༢༣

ཉན་པ།: Listen ཕབ་ལེན། Download ༸གོང་ས་མཆོག་གིས་ལ་དྭགས་གླེ་རུ་ཡོད་པའི་ཆོས་ལུགས་ཚང་མའི་ལྷ་ཁང་དུ་གནས་གཟིགས་མཛད་པ། གསོན་གནས་རིག་གཞུང་ལས་འཆར་སྐོར་གླེང་བ། Saturday 23/07/2022 Dalai Lama visits various religious sites in Leh Living Culture Doc Forum: In conversation with Tenzin Wangchuk, TibetTV Director

Latest news