Tibetan Royal Year of 2151 | Year of the Wood Dragon

ARCHIVE

Monthly Archives: September, 2022

རེས་གཟའ་ཟླ་བ། ༢༠༢༢།༠༩།༢༦

ཉན་པ།: Listen ཕབ་ལེན། Download བོད་མིར་ཆེ་མཐོང་ངང་སྨན་བཅོས་ཀྱི་མཐུན་རྐྱེན་སྦྱོར་སྤྲོད་དགོས་པའི་འབོད་སྐུལ། རྒྱ་ནག་དམར་ཤོག་ཚོགས་ཆེན་ཐེངས་ཉི་ཤུ་པའི་རྒྱལ་ཡོངས་འཐུས་མི་བདམས་ཐོན། རྒྱ་གཞུང་ལ་འཇིགས་སྣང་མེད་པར་གདོང་ལེན་གནང་དགོས་ཞེས་གསུངས་པ། བོད་ཀྱི་གཙང་པོའི་གནས་བབ་ཐེར་འདོན་གྱིས་འཛམ་གླིང་གཙང་པོའི་ཉིན་མོ་སྲུང་བརྩི། རྒྱལ་ཚོགས་ཀྱིས་བོད་ནང་གི་ནད་ཡམས་ཀྱི་གནས་སྟངས་ལ་ཞིབ་འཇུག་དགོས་པའི་ཞུ་སྙན། Monday 26/09/2022 CTA condemns China's mismanaged Zero-Covid Policy, calls for adequate medical assistance and Covid care to Tibetans Xi’s 'core' status reaffirmed as party unveils congress invitees Sikyong attends seminar on Tibet, Uyghur and Southern Mongolia in Tokyo Tibetans across India observe World River’s Day Tibetans hold protest in Geneva, calls for thorough investigation into China’s covid crackdown    

བོད་མིར་ཆེ་མཐོང་ངང་ནས་སྨན་བཅོས་སོགས་ཀྱི་གཞི་རྩའི་མཐུན་རྐྱེན་སྦྱོར་སྤྲོད་དགོས་པའི་འབོད་སྐུལ།

བོད་མིའི་སྒྲིག་འཛུགས་ཀྱིས་རྒྱ་ནག་གི་གཉན་རིམས་ཀླད་ཀོར་གྱི་སྲིད་བྱུས་འོག་མང་ཚོགས་ལ་ཕན་ལས་གནོད་ཆེ་བ་བྱུང་བ་དང་། ལྷག་པར་བོད་ནང་གི་ཏོག་དབྱིབས་གཉན་རིམས་ཁྱབ་གདལ་གྱི་གནས་སྟངས་ལས་རྒྱ་ནག་གི་གཉན་རིམས་ཀླད་ཀོར་གྱི་སྲིད་བྱུས་དེར་དོན་འབྲས་རྩ་བ་ནས་སོན་མེད་པ་གསལ་པོ་ཡིན་པར་སྐྱོན་བརྗོད་དང་སྦྲགས། བོད་མི་རྣམས་ལ་གུས་བརྩི་ལྡན་པའི་ཐོག་ནས་སྨན་བཅོས་སོགས་ཀྱི་གཞི་རྩའི་མཐུན་རྐྱེན་སྦྱོར་སྤྲོད་དགོས་པའི་ཞུ་སྐུལ་གནང་འདུགརྒྱ་ནག་གི་གཉན་རིམས་ཀླད་ཀོར་གྱི་སྲིད་བྱུས་འོག་བོད་ནང་གི་བོད་མི་རྣམས་འུ་ཐུག་ཐབས་ཟད་ཀྱི་གནས་སུ་གྱར་མུས་ཁྲོད་དེ་རིང་བོད་མིའི་སྒྲིག་འཛུགས་བཀའ་ཤག་གིས་གཞུང་འབྲེལ་གསར་འགོད་བསྒྲགས་གཏམ་ཞིག་གནང་བའི་ནང་། རྒྱ་གཞུང་གི་ངོས་ནས་གཉན་རིམས་ཀླད་ཀོར་ཟེར་བའི་སྲིད་བྱུས་ལག་བསྟར་འོག་བོད་ནང་གི་བོད་མི་རྣམས་ཀྱི་བདེ་འཇགས་ལ་སྣང་མེད་གཏོང་བཞིན་ཡོད་སྟབས་བོད་མི་རྣམས་ཀྱིས་རང་ཉིད་ཀྱི་བདེ་འཇགས་བློས་བཏང་གནང་སྟེ་བོད་མི་རྣམས་ལ་སྨན་བཅོས་ཀྱི་མཐུན་རྐྱེན་མེད་པ་དང་།  ཟས་མི་འདང་བ། རིམས་ནད་ཕོག་མཁན་དང་མི་ཕོག་མཁན་བོད་མི་སྟོང་ཕྲག་མང་པོ་མཉམ་ བཞག་བྱས་པ། རྒྱལ་ས་ལྷ་སའི་ཕྱི་རོལ་གྱི་བོད་མི་མང་དག་ཅིག་ཉིན་ལྟར་བརྟག་དཔྱད་བྱས་ནས་ནད་རྟགས་གང་ཡང་མེད་ཀྱང་རང་ཡུལ་དུ་ཕྱིར་ལོག་གནང་བར་བཀག་སྡོམ་བྱེད་བཞིན་རྐྱེན་འ་ཆད་འུ་ཐུག་གནས་སུ་གྱར་བ་མངོན་གསལ་གནང་བའི་ཁར་ས་གནས་སྲིད་གཞུང་གིས་ཀྱང་འཐུས་ཤོར་ཕྱིན་པར་ངོས་ལེན་ཞུས་ཏེ་དགོངས་སེལ་ཞུས་པ་སོགས་ཀྱི་གནད་དོན་ཞིབ་རྒྱས་ངོ་སྤྲོད་དང་འབྲེལ། རྒྱ་ནག་གཞུང་གི་ངོས་ནས་ས་གནས་བོད་མི་རྣམས་ཀྱི་ལྷག་བསམ་བཟོད་མེད་ཀྱིས་ས་གནས་ཀྱི་དངོས་ཡོད་གནས་སྟངས་མངོན་གསལ་གནང་བ་རྣམས་ལ་དང་ལེན་བྱེད་དགོས་པ་དང་།བོད་མི་རྣམས་ལ་གུས་བརྩི་ལྡན་པའི་ཐོག་ནས་སྨན་བཅོས་སོགས་ཀྱི་གཞི་རྩའི་མཐུན་རྐྱེན་ཁག་དུས་ཐོག་ཏུ་མཁོ་སྤྲོད་ཡོང་བའི་ཞུ་སྐུལ་གནང་འདུག དེ་བཞིན་ད་ལྟའི་གཉན་འཕྲང་ཅན་གྱི་དུས་སྐབས་འདིར་བོད་ནང་གི་བོད་མི་རྣམས་ལ་རིམས་ནད་ལ་གདོང་ལེན་སླད་ཕྱི་ཕྱོགས་ཀྱི་སྨན་དང་རོགས་སྐྱོར་སོགས་སྦྱོར་སྤྲོད་ཀྱི་ཆོག་མཆན་སྤྲོད་དགོས་པ་དང་། ལྷག་པར་བོད་མིའི་སྒྲིག་འཛུགས་ལ་དེ་སྔ་གཉན་རིམ་སྔོན་འགོག་གི་ཉམས་མྱོང་ཡོད་པ་ལྟར་དེ་དག་བོད་ནང་ལག་བསྟར་གནང་བཅུག་དགོས་པའི་འབོད་སྐུལ་གནང་བར་མ་ཟད། བོད་མིའི་སྒྲིགས་འཛུགས་ཀྱི་ངོས་ནས་བོད་ནང་གི་བོད་མི་ཚོའི་ཆེད་གསོ་རིག་ནུས་གསོའི་སྨན་དང་ཡོ་ཆས། སྨན་ཞབས་པ། དེ་བཞིན་དང་བླངས་ཞབས་ཞུ་བ་སོགས་རོགས་སྐྱོར་སོགས་གང་དགོས་ངེས་ཞུར་གྲ་སྒྲིག་ཨང་གསར་ཡིན་སྐོར་གསུངས་འདུག དེའི་བར་ན་བཞུགས་སྒར་དུ་རྟེན་གཞི་བྱས་པའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་ཁ་སང་སྤེལ་བའི་གནས་ཚུལ་ལ་གཞིགས་ན། བོད་ནང་རྒྱ་གཞུང་གིས་གཉན་རིམས་ཀླད་ཀོར་གྱི་སྲིད་བྱུས་ལག་བསྟར་འོག་བོད་མི་རྣམས་ལ་ཕན་ལས་གནོད་ཆེ་བ་བྱུང་ཡོད་པ་མངོན་གསལ་དང་འབྲེལ། ས་གནས་སྲིད་གཞུང་གི་ངོས་ནས་རིམས་ནད་འགོག་ཐབས་ཐད་ལ་འཐུས་ཤོར་ཆེན་པོ་ཕྱིན་ཡོད་པའི་ནོར་འཁྲུལ་ངོས་ལེན་གྱིས་མང་ཚོགས་ལ་དགོངས་སེལ་ཞུས་ཟིན་པའི་རྗེས་སུའང། བོད་ནང་གནས་སྟངས་ཡར་རྒྱས་འགྲོ་རྒྱུ་ལས་ལྡོག་སྟེ་རྒྱ་གཞུང་གིས་རིམས་ནད་སྐོར་གྱི་དཀྲོག་གཏམ་སྤེལ་མཁན་ལ་རྡུང་རྡེག་ཚ་གནོན་ཞེས་པའི་ལས་འགུལ་འོག་བོད་མི་ ༨༠༠ མིན་ཙམ་ལ་ཉེས་ཆད་བཏང་སྟེ་མང་ཚོགས་ཀྱི་སྨྲ་བརྗོད་རང་དབང་ལ་དམ་དྲག་དང་ཉེས་ཆད་གཏོང་མུས་ཡིན་པ་སོགས་ཆེས་མངོན་གསལ་གནང་ཡོད།བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་དེ་སྔ་ལྷ་ས་སྲིད་གཞུང་གིས་དགོངས་སེལ་ཞུས་པ་དེས་དེ་སྔོན་གཞུང་ཕྱོགས་ནས་རིམས་ནད་སྔོན་འགོག་གི་ལས་དོན་ཐོག་མཐའ་བར་གསུམ་དུ་ཚགས་ཚུད་ངང་སྤེལ་བཞིན་ཡོད་པའི་དྲིལ་བསྒྲགས་ཡང་ཡང་བྱས་པ་རྣམས་རྫུན་གཏམ་འབའ་ཞིག་ཡིན་པར་ཡོངས་གསལ་བྱས་ཡོད་པ་དང་། མི་མང་གི་སྐྱོན་བརྗོད་དང་ལེན་བྱས་ཏེ་དགོངས་སེལ་ཞུས་པ་དང་ནོར་འཁྲུལ་ཡོ་བསྲང་བྱས་པ་དེ་ནི་སྲིད་གཞུང་ཚད་ལྡན་ཞིག་གི་སྤྱོད་ཚུལ་ཡིན་ཀྱང་། དེ་རྗེས་ཀྱི་བྱ་སྤྱོད་རྣམས་ལ་བལྟས་ན་རྒྱ་གཞུང་གི་ངོས་ནས་དགོངས་སེལ་ཞུས་པ་དེ་མི་མང་མགོ་སྐོར་གཏོང་ཐབས་ཀྱི་འཁྲབ་སྟོན་ཙམ་ལས་ལྷག་བསམ་རྣམ་དག་ཅིག་མིན་པའི་དོགས་གཞི་ཇེ་ཆེར་ཕྱིན་ཡོད་སྐོར་གསུངས་ཏེ། རྒྱ་གཞུང་གིས་རང་གི་ནོར་འཁྲུལ་ངོས་ལེན་ཞུས་པ་བཞིན་མི་མང་གི་བསམ་ཚུལ་ལ་ལྷག་བསམ་རྣམ་དག་གིས་བདག་སྤྲོད་བྱས་ནས་བོད་མི་ཚོའི་དཀའ་སྡུག་སེལ་ཐབས་བྱེད་དགོས་པ་ལས་མང་ཚོགས་མགོ་སྐོར་བཏང་སྟེ་མུ་མཐུད་དམ་དྲག་རྒྱ་སྐྱེད་དང་ཉེས་མེད་ལ་ཁྲིམས་ཆད་གཏོང་བའི་བྱ་སྤྱོད་འདི་རིགས་འཕྲལ་དུ་མཚམས་འཇོག་དགོས་པའི་འབོད་སྐུལ་ནན་པོ་གནང་འདུགརྩ་བའི་ཟླ་ ༩ ཚེས་ ༡༧ ཉིན་བོད་ཀྱི་རྒྱལ་ས་ལྷ་སའི་འགོ་ཁྲིད་ཀྱིས་མང་ཚོགས་རྣམས་ལ་དགོངས་དག་ཐུགས་བདེན་ཞུས་པའི་གནས་སྟངས་འོག་མང་ཚོགས་དཀའ་སྡུག་མྱོང་བཞིན་པའི་གནས་སྟངས་ལ་བཟང་ཕྱོགས་ཀྱི་འགྱུར་ལྡོག་གང་ཡང་ཕྱིན་པ་དང་། སྤྱི་ཚོགས་དྲ་ལམ་སོགས་བཀག་སྡོམ་དང་ཉེས་ཆད་བཏང་སྟེ་མང་ཚོགས་ཀྱི་སྨྲ་བརྗོད་རང་དབང་བརྩི་མེད་རྡོག་རོལ་མུ་མཐུད་གཏོང་བཞིན་པའི་ཁྲོད། བོད་མི་གཅིག་ཁང་སྟེང་ནས་མཆོང་ནས་རང་སྲོག་བཅད་པའི་བརྙན་པར་ཕྱིར་འགྱར་བྱུང་བར་མ་ཟད། བོད་མི་གཞན་འགའ་ཞིག་ཀྱང་དེ་ལྟར་རང་སྲོག་བཅད་པའི་གནས་ཚུལ་ཐོས་རྒྱུ་འདུག དེ་བཞིན་ཕ་མ་རྣམས་སྲིད་གཞུང་གིས་བཙན་དབང་འོག་ཟུར་བཀག་ཁང་དུ་ཁྲིད་རྗེས་ཁྱིམ་དུ་ལོ་ ༣ ཡས་མས་ཀྱི་དབང་པོ་སྐྱོན་ཅན་གྱི་ཕྲུ་གུ་ཞིག་ལུས་ཡོད་པ་སོགས་མཐོང་རྒྱུ་འདུག

རྒྱ་ནག་དམར་ཤོག་ཚོགས་ཆེན་ཐེངས་ ༢༠ པའི་རྒྱལ་ཡོངས་འཐུས་མི་བདམས་ཟིན་པ།

ཟླ་བ་རྗེས་མར་འཚོགས་ལ་ཉེ་བའི་རྒྱ་ནག་དམར་ཤོག་ཚོགས་ཆེན་ཐེངས་ ༢༠ པའི་ནང་མཉམ་ཞུགས་བྱེད་མཁན་རྒྱལ་ཡོངས་འཐུས་མི་རྣམས་ཀྱི་མིང་གསལ་འདོན་དང་འབྲེལ། རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གི་སྲོག་ཤིང་གི་གནས་བབ་ཡང་བསྐྱར་ནན་བྱས་འདུགདེ་ཡང་ཁ་སང་ཕྱི་ཚེས་ ༢༥ ཉིན་རྒྱ་ནག་གི་གཞུང་འབྲེལ་ཤིན་ཧུའ་གསར་ཁང་གིས་སྤེལ་བའི་གནས་ཚུལ་ནང་། རིང་མིན་ཟླ་བ་ ༡༠ པའི་ཚེས་ ༡༦ ཉིན་འཚོགས་ལ་ཉེ་བའི་རྒྱ་ནག་དམར་ཤོག་ཚོགས་ཆེན་ཐེངས་ ༢༠ པའི་ནང་མཉམ་ཞུགས་བྱེད་མཁན་རྒྱལ་ཡོངས་འཐུས་མི་ཁྱོན་ ༢༢༩༦ བདམ་པའི་ལས་དོན་ཡོངས་རྗོགས་བདེ་བླག་ངང་ལེགས་འགྲུབ་ཟིན་སྐོར་དང་འབྲེལ། ཞི་ཅིན་ཕིང་གི་མིང་དེ་ཨང་ ༣༦ ཐོག་བཀོད་པ་མ་ཟད། རྒྱལ་ཡོངས་འཐུས་མི་དེ་དག་དམར་ཤོག་ཚོགས་པའི་རྩ་ཁྲིམས་གཞིར་བཟུང་གྱི་འདེམས་ཡོད་སྐོར་དང་། དེའང་ བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་འདེམས་བསྐོའི་ལས་དོན་ཡོངས་སུ་ལེགས་འགྲུབ་བྱུང་ཡོད་སྐོར་བཀོད་འདུག རྩ་བའི་ལོ་བཅུ་རའི་ནང་ཐེངས་གཉིས་རེ་ལས་ཚོགས་སྲོལ་མེད་པའི་རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་ཆེན་དེ་ཚོགས་ལ་རན་པ་དང་བསྟུན། ཁ་སང་སྤྱི་ཚོགས་དྲ་ལམ་ཁག་དང་། ལྷག་པར་བརྒྱུད་ལམ་ཁག་གི་ནང་དུ་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་བཟང་བཙོན་གྱི་གནས་སྟངས་འོག་ཡོད་ལུགས་དང་། ཁོང་གི་དམག་གི་དབང་ཆ་འཕྲོག་ཟིན་ལུགས་ཀྱི་གནས་ཚུལ་བཀོད་དེ་ཁྱབ་བརྡལ་ཆེན་པོ་ཕྱིན་ཡོད་པ་རེད།འོན་ཀྱང་གནད་དོན་དེའི་ཐོག་དཔྱད་ཞིབ་པ་ཁག་གཅིག་གིས་གནས་ཚུལ་དེ་བདེན་པ་མིན་སྐོར་བརྗོད་ཡོད་པ་མ་ཟད། ཨ་རིར་གནས་བཞུགས་བོད་དང་རྒྱ་ནག་གི་གནད་དོན་དབྱེ་ཞིབ་པ་ཀུན་དགའ་བཀྲ་ཤིས་ལགས་ཀྱིས་དེ་རིང་རང་ཉིད་ཀྱི་ངོ་དེབ་ཐོག་གནས་ཚུལ་དེའི་སྐོར་ལ་དཔྱད་ཞིབ་གནང་བའི་ནང་དུའང་། རྒྱ་ནག་དམར་ཤོག་ཚོགས་པས་ཏང་གི་ཚོགས་ཆེན་ཐེངས་ ༢༠ པའི་ནང་མཉམ་བཞུགས་བྱེད་མཁན་རྒྱལ་ཡོངས་འཐུས་མི་༢༠༠༠ ལྷག་ཙམ་བདམ་པའི་མིང་གཞུང་ནང་ཞི་ཅིན་ཕིང་གི་མིང་གསལ་འདོན་བྱུང་བ་དེ་ལས་ཤུགས་ཀྱིས་གནས་ཚུལ་དེ་ཉིད་ཕལ་ཆེར་བདེན་པ་མིན་པའི་གཟིགས་ཚུལ་འགྲེལ་བརྗོད་གནང་འདུགདེ་བཞིན་འདི་ག་རླུང་འཕྲིན་ཁང་གིས་ཐེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོད་སྐལ་བཟང་རྒྱན་མཚན་ལགས་སུ་ཞི་ཅིན་ཕིང་དང་འབྲེལ་བའི་གནས་ཚུལ་དེ་བྱུང་དོན་ཐོག་བཀའ་འདྲི་ཞུ་སྐབས་ཞི་ཅིན་ཕིང་གི་དབང་སྒྱུར་འོག་རྒྱ་ནག་རྒྱལ་ཁབ་ནང་རང་དབང་མེད་པའི་ཐོག་དབང་ཆ་གཅིག་སྡུད་ཀྱིས་མང་གཙོ་ལ་ཁ་གཏད་བཅོག་པའི་རྒྱལ་སྤྱིའི་ཐོག་སྲིད་བྱུས་འཛིན་སྟངས་དང་། རྒྱ་ནག་ནང་ཁུལ་ལ་ལྐོག་ཟ་རུལ་སུངས་གཙང་སེལ་གྱི་སྲིད་བྱུས་འོག་ཆབ་སྲིད་ཀྱི་ལྟ་བ་མི་མཐུན་པ་མང་པོ་ཞིག་གོ་གནས་ནས་གནས་དབྱུང་བཏང་བ་མ་ཟད། བཙོན་འཇུག་གི་ཁྲིམས་ཆད་བཏང་བ་དང་། དེ་བཞིན་ཏོག་དབྱིབས་གཉན་རིམས་ལ་ཁག་དཀྲིས་ཏེ་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་སོགས་མདོར་ན་རྒྱ་ནག་ནང་དཔལ་འབྱོར་དང་ཆབ་སྲིད་ཀྱི་ཁོར་ཡུག་ཧ་ཅང་ཉམས་རྒུད་དུ་སོང་བར་བརྟེན་ནང་ཁུལ་གྱི་འགལ་ཟླའི་དབང་གིས་དེ་ལྟར་བྱུང་བ་ཞིག་ཡིན་པ་འགྲེལ་བརྗོད་གནང་བྱུང་།གཞི་རྩའི་བརྒྱུད་ལམ་ཁག་གི་ནང་ཁ་སྔོན་ཕྱི་ཚེས་ ༡༥ དང་ ༡༦ བཅས་ཉིན་གཉིས་རིང་ཨུཛ་བེགྷིས་ཏན་ནང་ Shanghai Cooperation Organisation ཞེས་པའི་ཚོགས་ཆེན་དེ་གྲུབ་མཚམས་སུ་ཞི་ཅིན་ཕིང་སླར་རྒྱ་ནག་ནང་དུ་ལོག་པའི་རྗེས་མང་ཚོགས་ཀྱིས་མཐོང་རྒྱུ་མེད་གནས་ཚུལ་བྱུང་འཕྲལ་ད་ལྟ་སྤྱི་ཚོགས་དྲ་ལམ་ཐོག་ཁྱབ་བཞིན་པའི་གནས་ཚུལ་དེ་བྱུང་ཡོད་པ་དང་། ཁག་གཅིག་གིས་ད་ལྟའི་འཆར་རྒྱ་ནག་ནང་ཏོག་དབྱིབས་ཀྱི་དཀའ་ངལ་ཤུགས་ཆེ་འཕྲད་བཞིན་པའི་ཁྲོད་ཞི་ཅིན་ཕིག་བཟུར་བཀག་ལ་ཡོད་པའི་འགྲེལ་བརྗོད་བྱེད་བཞིན་ཡོད་པ་རེད།

རྒྱ་གཞུང་ལ་འཇིགས་སྣང་མེད་པར་གདོང་ལེན་གནང་དགོས་ཀྱི་རེད་ཅེས་གསུངས་པ།

གཟའ་འཁོར་སྔོན་མའི་འགོ་སྟོད་ནས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ཤར་ཨེ་ཤ་ཡའི་རྒྱལ་ཁབ་ཉི་ཧོང་ནང་གཞུང་འབྲེལ་འཚམས་གཟིགས་གནང་བཞིན་ཡོད་པ་ལྟར་ཕྱི་ཚེས་ ༢༣ ཉིན་སྲིད་སྐྱོང་མཆོག་རྒྱ་ནག་དམར་པོའི་བཙན་བཟུང་འོག་གནས་པའི་བོད་དང་ཡུ་གུར། ལྷོ་སོག་བཅས་ཀྱི་སྐུ་ཚབ་ལས་གྲུབ་པའི་ཐུན་མོང་གི་གཞི་རྟེན་འཚོལ་བ་ཞེས་པའི་ལྷན་ཚོགས་ཐོག་ལྷན་ཞུགས་ཀྱིས་ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་དང་། རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་དྲག་པོའི་སྲིད་བྱུས་ཁག་ཐེར་འདོན་གནང་བ་དང་སྦྲགས་ཏེ། ཉི་ཧོང་གིས་གཙོས་པའི་རྒྱལ་སྤྱིའི་རྒྱལ་ཁབ་རྣམས་ཀྱིས་རྒྱ་ནག་གཞུང་ལ་འཇིགས་སྣང་གང་ཡང་མེད་པར་གདོང་ལེན་གནང་དགོས་ཀྱི་རེད་ཅེས་གསུངས་འདུགཉི་ཧོང་སྐུ་ཚབ་དོན་ཁང་དང་། Free Tibet Network ཞེས་པའི་ཚོགས་པ་ཐུན་མོང་གིས་གོ་སྒྲིག་ཞུས་པའི་ལྷན་ཚོགས་ཐོག་ཉི་ཧོང་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ Shimomura Hakubun ལགས་དབུས་གྲོས་ཚོགས་འཐུས་མི་ཁག་གཅིག་དང་། ཉི་ཧོང་ཡུ་གུར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ Uda Kerimu ལགས། ནང་སོག་ཚོགས་པའི་སྐུ་ཚབ་སྐུ་ཞབས་ Olhunud Daichin ལགས། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་ཉི་ཧོང་སྐུ་ཚབ་དོན་གཅོད་ཨརྱ་ཚེ་དབང་རྒྱལ་པོ་ལགས།  དེ་བཞིན་གནད་ཡོད་མི་སྣ་དང་ཚོགས་སྐྱིད་ཁག་གི་སྐུ་ཚབ་སོགས་ཁྱོན་ཚོགས་བཅར་བ་བརྒྱ་ཙམ་ལྷན་ཞུགས་གནང་འདུགསྐབས་དེར་སྲིད་སྐྱོང་མཆོག་གིས་ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་ཆེ་ཤོས་ནི་རྒྱ་ནག་གཞུང་གིས་བོད་ནང་གི་བོད་ཕྲུག་སློབ་མ་རྣམས་ཀྱི་ངོས་ནས་འདོད་མོས་མེད་བཞིན་དུ་རང་ཉིད་ཀྱི་ནང་མི་དང་ཁ་བྲལ་བཏང་སྟེ་རྒྱ་ནག་གཞུང་གིས་ཆེད་གཉེར་བྱས་པའི་གཏན་སློབ་ཁག་ལ་གཏོང་བཞིན་ཡོད་པ་དེ་ཡིན་པ་དང་། སྲིད་བྱུས་དེ་ནི་བོད་ནང་མི་སེར་སྤེལ་ཡུལ་གྱི་སྲིད་བྱུས་རྒྱ་སྐྱེད་དང་བོད་ཀྱི་ཐུན་མིན་སྐད་ཡིག་གཙོས་རིག་གཞུང་ཁག་རྩ་མེད་བཟོ་ཐབས་བྱེད་བཞིན་ཡོད་སྐོར་གསུངས་ཡོད།    རྒྱ་གཞུང་གིས་ཕྱི་ལོ་ ༢༠༡༦ ནས་ ༢༠༢༢ བར་མི་མང་གི་ངོས་ནས་ཆོག་མཆན་མེད་པར་བོད་མི་གྲངས་ས་ཡ་གཅིག་ཙམ་གྱི་རིགས་རྫས་དཔེ་མཚོན་བསྡུ་རུབ་བྱས་པའི་གནས་སྟངས་དང་། ཉེ་ཆར་བོད་ནང་གཉན་རིམས་ཁྱབ་གདལ་ཆེས་ཆེར་འགྲོ་བཞིན་པའི་དུས་སྐབས་འདིར་རྒྱ་ནག་གཞུང་གིས་སྟངས་འཛིན་ཚགས་ཚུད་མ་བྱས་པར་བརྟེན་བོད་མི་རྣམས་ལ་ཟས་བཅུད་དང་སྨན་བཅོས་ཀྱི་ཐུན་རྐྱེན་འཐུས་ཚང་རག་གི་མེད་པའི་གནས་སྟངས་སོགས་འགྲེལ་བརྗོད་གནང་འདུག   ལྷག་དོན་སྲིད་སྐྱོང་མཆོག་གིས་ཕྱིའི་རྣམ་པའི་ཐོག་ནས་དཔལ་འབྱོར་དང་དམག་དོན་གང་གི་ཆ་ནས་རྒྱ་ནག་འདི་དབང་ཐང་ཆེན་པོ་ཞིག་ཏུ་མཐོང་གི་ཡོད་ཀྱང་། དོན་དམ་ལ་ཞི་ཅིན་ཕིང་གི་དབང་ཆ་གཅིག་བསྡུས་རིང་ལུགས་རྒྱ་སྐྱེད་གཏོང་བཞིན་པའི་ཁྲོད་འདིར་རྒྱ་ནག་གི་འགོ་ཁྲིད་ཕན་མཚུན་དབར་ཡིད་ཆེས་ཡོད་པའི་རྣམ་པ་དང་ཕྱི་ལས་ནང་གི་བདེ་འཇགས་ལ་དོ་སྣང་ཆེ་བ་བྱེད་དགོས་པའི་གནས་སྟངས་ཤིག་ཆགས་ཡོད་པ་སོགས་འགྲེལ་བརྗོད་དང་སྦྲགས། ཉི་ཧོང་གཙོས་རྒྱལ་སྤྱིའི་རྒྱལ་ཁབ་ཚོས་རྒྱ་ནག་གཞུང་ལ་འཇིགས་སྣང་གི་འཚོ་བ་གང་ཡང་མེད་པར་གདོང་ལེན་གནང་དགོས་ཞེས་གསུངས་འདུག  སྐབས་དེར་སྲིད་སྐྱོང་མཆོག་གིས་ད་དུང་ལོ་རྒྱུས་ཐོག་བོད་དེ་རྒྱ་ནག་གི་ཆ་ཤས་ནམ་ཡང་མིན་པའི་གནས་བབ་དང་། བོད་མཐོ་སྒང་གི་ཁོར་ཡུག་སྲུང་སྐྱོབ་གནང་རྒྱུའི་གལ་གནད་སོགས་ཀྱི་ཐོག་གསུངས་པར་མ་ཟད་ཉི་ཧོང་གཞུང་དང་གྲོས་ཚོགས་ནས་རྒྱ་ནག་གི་བཙན་བཟུང་འོག་ཡོད་པའི་བོད་དང་ཡུ་གུར། ལྷོ་སོག་མི་མང་གི་དཀའ་ངལ་གསལ་ཐབས་སླད་ཉི་ཧོང་གཞུང་གི་ཁྱབ་ཁོངས་སུ་དམིགས་བསལ་འབྲེལ་མཐུད་པ་ཞིག་བསྐོ་གཞག་ཡོང་བའི་འབོད་སྐུལ་ཞུས་འདུགགཞི་རྩའི་སྲིད་སྐྱོང་མཆོག་གིས་ཕྱི་ཚེས་ ༢༢ ཉིན་ཉི་ཧོང་གི་ Reitaku གཙུག་ལག་སློབ་གཉེར་ཁང་དང་ཅི་སྦཱ་བཟོ་རིག་སློབ་གཉེར་ཁང་གི་དགེ་ལས་སློབ་ཕྲུག་རྣམས་ལ་རྒྱལ་སྤྱིའི་ཐོག་བོད་ཀྱི་གནད་དོན་སྐོར་གསུང་བཤད་དང་། ཁ་ཉིན་ཕྱི་ཚེས་ ༢༤ ཉིན་ས་གནས་ཀྱི་བོད་མི་རྣམས་ལ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་བྱུས་དང་བཀའ་ཤག་སྐབས་ ༡༦ པའི་ལས་དོན་གནང་ཕྱོགས་སོགས་ཀྱི་ཐོག་གསུང་བཤད་དང་དྲི་བ་དྲིས་ལན་གནང་བ་དང་ཆབས་ཅིག ཁ་སང་ཉི་ཧོང་བོད་ཀྱི་སྐུ་ཚབ་དོན་གཅོད་ལས་ཁུངས་སུ་ཁུལ་དེར་ཡོད་པའི་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་ ༡༣ ཙམ་གྱི་སྐུ་ཚབ་དང་ལྷན་དུ་མཇལ་འཕྲད་གནང་འདུག

བོད་ཀྱི་གཙང་པོའི་གནས་བབ་ཐེར་འདོན་གྱིས་འཛམ་གླིང་གཙང་པོའི་ཉིན་མོ་སྲུང་བརྩི།

ལོ་ལྟར་ཕྱི་ཟླ་དགུ་པའི་རེས་གཟའ་ཉི་མ་བཞི་པར་ World River’s Day ཞེས་འཛམ་གླིང་གཙང་པོའི་ཉིན་མོར་སྲུང་བརྩི་ཞུ་ཡི་ཡོད་པ་ལྟར་ཁ་སང་ཕྱི་ཚེས་ ༢༥ ཉིན་འདི་ལོའི་གཙང་པོའི་ཉིན་མོ་ཁེལ་བ་དང་བསྟུན་བོད་རང་བཙན་སློབ་ཕྲུག་ཚོགས་པ་དང་བོད་ཀྱི་བུད་མེད་ལྷན་ཚོགས་གཉིས་ཀྱིས་བོད་ནང་གི་གཙང་པོའི་གནས་བབ་སྐོར་ཐེར་འདོན་གནང་སྟེ་འཛམ་གླིང་གཙང་པོའི་ཉིན་མོ་སྲུང་བརྩི་ཞུས་ཡོད།བོད་རང་བཙན་སློབ་ཕྲུག་ཚོགས་པས་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་ India International Centre ལྟེ་གནས་ཁང་དུ་ Brahmaputra: Lifeline of North-East India ཞེས་པའི་བརྗོད་གཞིའི་ཐོག་ཆེད་ལས་པ་གདན་ཞུས་ཀྱིས་གནམ་གཤིས་འགྱུར་ལྡོག་གིས་ཡར་ཀླུངས་གཙང་པོར་ཤུགས་རྐྱེན་དང་གཞིས་བཞུགས་ཁོར་ཡུག་ལས་འགུལ་བའི་སྐོར། དེ་བཞིན་རྒྱ་ནག་གིས་བོད་ཀྱི་གཙང་པོའི་ཐོག་ཏུ་ཆུ་མཛོད་གསར་རྒྱག་བྱས་པ་དེས་གཙང་རྒྱུན་ལ་ཤུགས་རྐྱེན་ཇི་ཐེབས་སོགས་ཀྱི་བརྗོད་གཞིར་གཏམ་བཤད་གནང་ཡོད།ལས་འགུལ་འགན་འཛིན་བསྟན་འཛིན་ལེགས་ལྡན་ལགས་ཀྱིས་རླུང་འཕྲིན་ཁང་ལ་ཡར་རླུངས་གཙང་པོ་དེ་རྒྱ་གར་བྱང་ཤར་གཙོས་བྷང་ལ་དེ་ཤའི་མང་ཚོགས་ས་ཡ་མང་པོའི་འཚོ་བའི་རྟེན་གཞིར་གྱུར་ཡོད་པ་དང་སྒོས་རྒྱ་ནག་གིས་བོད་ཀྱི་གཙང་པོར་ཆུ་མཛོད་གསར་རྒྱག་བྱས་ཏེ་གཙང་པོའི་སྒྲོམ་གཞིར་བསྒྱུར་བ་བཏང་ནས་གནོད་སྐྱེལ་གྱི་ཡོད་སྟབས། རྒྱ་གར་དང་བཙན་བྱོལ་གྱི་གཞོན་སྐྱེས་ཚོར་དེ་འབྲེལ་གོ་རྟོགས་ཆེད་གཏམ་བཤད་ཀྱི་ལས་རིམ་གོ་སྒྲིག་ཞུས་ཡོད་པ་དང་། ལྷག་པར་གཏམ་བཤད་ལས་རིམ་ཐོག་བོད་ཕྲུག་གཙོས་རྒྱ་གར་གྱི་ཁོར་ཡུག་ཚོགས་པའི་ཚོགས་མི་སོགས་ཕེབས་ཡོད་པར་བརྟེན་ཁོང་རྣམས་དང་ལྷན་སླད་མར་ལས་འགུལ་སྤེལ་སྐབས་ནུས་པ་མཉམ་སྤུངས་ཇི་ལྟར་གནང་དགོས་མིན་ཐད་གོ་བསྡུར་བྱུང་སོང་ཞེས་གསུངས་སོང་། དེ་བཞིན་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱིས་བཞུགས་སྒར་མེག་གྷན་གྱི་བཞི་མདོར་བོད་ནང་གི་གཙང་པོའི་གལ་གནད་སྐོར་གོ་རྟོགས་ཇེ་མཐོར་གཏོང་སླད་མང་ཚོགས་ལ་དྲི་གླེང་གི་ལས་འགུལ་ཞིག་སྤེལ་རྒྱུར་གྲ་སྒྲིག་གནང་ཡོད་ཀྱང་། ཉིན་འགྱོངས་ཆར་རླུང་དྲག་འཚུབ་ཆེ་བའི་རྐྱེན་གྱིས་སྔོན་འཆར་ལྟར་ལས་འགུལ་སྤེལ་ཐུབ་མེད་པ་དང་མཐར་བུད་མེད་ལྷན་ཚོགས་ཀྱི་ལས་ཁུངས་ཕྱི་རོལ་དུ་འཛམ་གླིང་གཙང་པོའི་ཉིན་མོའི་འཕྲེད་དར་འཕྱར་ཏེ་སྤྱི་བསྒྲགས་སྒྲོག་སྦྱང་གནང་བའི་ཐོག་ནས་ཉིན་མོ་དེ་སྲུང་བརྩི་ཞུས་ཡོད།བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཞོན་ཚེ་རིང་སྒྲོལ་མ་ལགས་ཀྱིས་བུད་མེད་ལྷན་ཚོགས་ཀྱིས་འཛམ་གླིང་ཁོར་ཡུག་གི་དཔོན་རིགས་ཚོར་གནམ་གཤིས་འགྱུར་ལྡོག་དང་ལྷག་དོན་རྒྱ་ནག་གིས་བོད་ཀྱི་ཆུ་བོར་ཆུ་མཛོད་གསར་རྒྱག་བྱས་པ་སོགས་ཀྱི་ཐད་ཐུགས་སྣང་གནང་དགོས་པའི་འབོད་བསྐུལ་ཞུས་པར་མ་ཟད་མང་ཚོགས་ཚོས་ཀྱང་རང་ཉིད་ཀྱི་ཉེ་འགྲམ་གྱི་གཙང་པོར་སྲུང་སྐྱོབ་གནང་རྒྱུའི་འགན་ཡོད་སྐོར་གསུངས་སོང་། རྒྱ་གཞུང་གིས་བོད་ནང་གི་གཞིས་བཞུགས་བོད་མི་ཁོར་ཡུག་ལས་འགུལ་བའི་འབོད་སྒྲར་ཉན་འཇོག་གང་ཡང་མེད་པར་རྡུང་རྡེག་བཏང་ནས་འཛིན་བཟུང་བྱས་ཡོད་སྟབས་བོད་ཀྱི་ཆུ་བོ་དེ་བོད་མི་ཙམ་མིན་པར་རྒྱ་ནག་ལའང་རྩ་ཆེན་པོ་ཆགས་ཡོད་པས་བོད་ཀྱི་ཆུ་བོར་དུས་ད་ལྟ་ནས་བཟུང་དོ་སྣང་སྔར་ལྷག་བྱེད་དགོས་གལ་ཡིན་སྐོར་སོགས་གསུངས་ཡོད།

རྒྱལ་ཚོགས་ཀྱིས་བོད་ནང་གི་ནད་ཡམས་ཀྱི་གནས་སྟངས་ལ་ཞིབ་འཇུག་དགོས་པའི་ཞུ་སྙན་ཕུལ་འདུག

སུད་སི་དང་ལིག་ཏེན་སིཊཡན་བོད་རིགས་མི་མང་གི་སྒྲིག་འཛུགས་ཀྱིས་རྒྱལ་ཚོགས་ལ་རྒྱ་ནག་གཞུང་གིས་ཏོག་དབྱིབས་ནད་ཡམས་རྩ་མེད་ཀྱི་སྲིད་བྱུས་ལ་ཁག་དཀྲིས་ཏེ་བོད་ཀྱི་རྒྱལ་ས་ལྷ་ས་གཙོས་བོད་ནང་གི་ས་ཁུལ་ཁག་ཏུ་བོད་མི་མང་ཚོགས་ཐོག་དྲག་གནོན་དང་སྨན་བཅོས་སོགས་ཀྱི་མཐུན་རྐྱེན་འཐུས་ཚང་སྦྱོར་གྱི་མེད་པའི་གནད་དོན་ཐད་ལ་ནན་ཏན་གྱིས་ཞིབ་འཇུག་གནང་དགོས་པ་གཙོས་དོན་ཚན་གསུམ་ཅན་གྱི་ཞུ་གཏུག་གི་སྙན་ཞུ་ཞིག་རྒྱལ་ཚོགས་ཀྱི་ཆེས་མཐོའ་འགྲོ་བ་མིའི་ཐོབ་ཐང་གཙོ་འཛིན་མཆོག་གི་མཚན་ཐོག་ལ་ཕུལ་འདུག སུད་སི་གྲོང་ཁྱེར་ཇི་ནི་ཝ་ནང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐེངས་ ༥༡ འཚོགས་བཞིན་པ་དང་བསྟུན་ཕྱི་ཚེས་ ༢༣ ཉིན་སུད་སི་དང་ལིག་ཏེན་སིཊཡན་བོད་རིགས་མི་མང་གི་སྒྲིག་འཛུགས་ཀྱིས་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་གི་གཙོ་འཛིན་སྐུ་ཞབས་ Volker Turk མཆོག་ལ་དོན་ཚན་གསུམ་ཅན་གྱི་བོད་དོན་ཞུ་གཏུག་གི་སྙན་ཞུ་ཞིག་ཕུལ་ཡོད་པ་དང་། རྒྱ་ནག་གཞུང་གིས་ཏོག་དབྱིབས་ནད་ཡམས་རྩ་མེད་ཀྱི་སྲིད་བྱུས་ལ་ཁག་དཀྲིས་ཏེ་བོད་ཀྱི་རྒྱལ་ས་ལྷ་ས་གཙོས་བོད་ནང་གི་ས་ཁུལ་ཁག་ཏུ་བོད་མི་མང་ཚོགས་ཐོག་དྲག་གནོན་དང་དྲ་ཐོག་བརྒྱུད་ས་གནས་དངོས་ཀྱི་གནས་ཚུལ་སྤེལ་མཁན་རྣམས་འཛིན་བཟུང་བཀག་ཉར་བྱས་པ་དང། དེ་བཞིན་ཟུར་བཀག་ཁང་དང་ནད་གསོ་ཁང་གི་གནས་སྟངས་ཧ་ཅང་ཞན་པོ་ཡོད་པར་མ་ཟད་སྨན་བཅོས་དང་ཞལ་ལག་སོགས་དགོས་ངེས་ཅན་གྱི་མཐུན་རྐྱེན་འཐུས་ཚང་སྦྱོར་གྱི་མེད་པའི་གནད་དོན་ཐོག་ལ་ནན་ཏན་གྱིས་ཞིབ་འཇུག་གནང་དགོས་པ་སོགས་ཞུ་གཏུག་གི་སྙན་ཞུ་ཞིག་ཕུལ་འདུག སུད་སི་དང་ལིག་ཏེན་སིཊཡན་བོད་རིགས་མི་མང་གི་སྒྲིག་འཛུགས་ཀྱི་ཚོགས་གཙོ་ཀརྨ་ཆོས་སྐྱིད་ལགས་ཀྱིས་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐེངས་ ༥༡ འཚོགས་བཞིན་པ་བསྟུན་ནས་ད་ལྟའི་བོད་ནང་གི་ཏོག་དབྱིབས་ནད་ཡམས་ཁྱབ་གདལ་གྱི་ཛ་དྲག་གནས་སྟངས་གཙོས་རྒྱ་ནག་གཞུང་གིས་བོད་ནང་མི་རིགས་མཉམ་སྲེ་སྲིད་བྱུས་འོག་བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག གོམས་སྲོལ་དང་བཅས་པ་རྩ་མེད་བཟོས་ཏེ་བོད་རྒྱ་སྒྱུར་གྱི་སྲིད་བྱུས་ལག་བསྟར་བྱེད་བཞིན་ཡོད་སྐོར་དང་། ལྷག་པར་དུ་རྒྱ་གཞུང་གིས་བཙན་ཁྲིད་བྱས་པའི་འོག་གར་ཡོད་ཤེས་རྟོགས་མེད་པར་གྱུར་བའི་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་གནས་སྟངས་བཅས་འཁོད་པའི་དོན་ཚན་གསུམ་ཅན་གྱི་ཞུ་གཏུག་གནང་ཡོད་སྐོར་གསུངས་སོང་།

རེས་གཟའ་ཉི་མ། ༢༠༢༢།༠༩།༢༥

ཉན་པ།: Listen ཕབ་ལེན། Download དབྱར་གནས་ཀྱི་དེ་བྱུང་དབྱར་གནས་པའི་དགོས་དམིགས་སྐོར་གླེང་མོལ། Sunday 25/09/2022 Origin and History of 'Yarney' Annual Summer Retreat    

རེས་གཟའ་སྤེན་པ། ༢༠༢༢།༠༩།༢༤

ཉན་པ།: Listen ཕབ་ལེན། Download ༸གོང་ས་མཆོག་གིས་དབུས་བསྟན་བདག་བླ་ཆེན་ཁག་གིས་ཏོག་དབྱིབས་གཉན་རིམས་ཁྱབ་གདལ་ཁྲོད་དཀའ་སྡུག་མྱོང་བཞིན་པའི་གཞིས་ལུས་བོད་མིར་སྩལ་བའི་བཀའ་སློབ་ཕྱོགས་སྒྲིག Saturday 24/09/2022 Message by HHDL and Tibetan religious leaders as Tibetans suffer from China's zero Covid policy    

རེས་གཟའ་པ་སངས། ༢༠༢༢།༠༩།༢༣

ཉན་པ།: Listen ཕབ་ལེན། Download ༸གོང་ས་མཆོག་གིས་ཞི་བདེ་དང་བདེ་སྐྱིད་ལྡན་པའི་འཛམ་གླིང་ཞིག་བསྐྲུན་རྒྱུ་ནི་ང་ཚོ་ཐུན་མོང་གི་འགན་ཡིན་པར་བཀའ་སྩལ་བ།། སྤྱི་ཟུར་བློ་བཟང་ཤཱསྟྲཱི་ལགས་ལྡི་ལི་སྐུ་ཚབ་དོན་གཅོད་ལ་བསྐོ་གཞག ཆབ་སྲིད་བཙོན་ཟུར་དགེ་བཤེས་ཕུན་ཚོགས་དར་རྒྱས་ལགས་ཕོ་སྐྲན་རྐྱེན་གྱིས་འདས་གྲོངས། རྒྱལ་ཚོགས་ལ་གཉན་རིམས་ཁྱབ་གདལ་ཁྲོད་བོད་མིའི་དཀའ་སྡུག་སྐོར་ཞུ་འབོད། པཱ་ལགས་ཞེས་པའི་གཏམ་བརྗོད་དེ་རྒྱ་གར་རྒྱལ་ཡོངས་དང་ཡོ་རོབ་ས་ཁུལ་ཉེར་གཉིས་ནང་གཟིགས་འབུལ་ཞུ་རྒྱུ། དེང་ཆར་བྱུང་རབས་ཙམ་མིན་པར་གཞུང་ཆེན་ཐོག་ཡིག་འཇོག་བྱེད་མཁན་མང་དུ་འགྲོ་བཞིན་པ་ནི་གཏམ་བཟང་རེད་ཅེས་གསུངས་པ། Friday 23/09/2022 Creating a happy and peaceful world should be our common goal: HHDL to youth leaders Lobsang Shastri appointed as new Representative of HHDL at Delhi Bureau Former political prisoner Geshe Phuntsok Dhargye passes away UN Rights Council urged to intervene over China’s handling of Covid lockdown in Tibet Tibetan theatre production ‘Pah-Lak' to tour India and Europe Two new book on 'Kyirong Jowo' releases in Dharamshala    

Latest news