Tibetan Royal Year of 2151 | Year of the Wood Dragon

༸རྒྱལ་ཡུམ་ཆེན་མོའི་རྩེད་འགྲན་མཐའ་མའི་རིམ་པ་གཉིས་པར་དྷ་ས་དང་དོན་གྲུབ་གླིང་རུ་ཁག་ཚུད་པ།

Tibetan News Headlines

  • བོད་ཀྱི་བེུད་། བལ་ཡུལ་ལྷ་མོ་ཚོགས་པའི་ཚོགས་མི་དང་གློག་བརྙན་འཁྲབ་སྟོན་པ་འཕྲིན་ལས་ལྷ་མོ་ལགས་དང་ལྷན་ཁོང་གི་སྒྱུ་སྩལ་གྱི་ལམ་བུའི་སྐོར་གླེང་མོལ།

རེས་གཟའ་ཉི་མ། ༢༠༢༤།༠༥།༠༥

  • Women of Tibet: In conversation with Thinley Lhamo, member of Nepal Tibetan opera and star in Nepalese film ‘Shambala’

༸རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་གཟེངས་རྟགས་རྐང་རྩེད་སྤོ་ལོའི་འགྲན་བསྡུར་ཐེངས་ ༢༧ པའི་རྩེད་འགྲན་མཐའ་མའི་འགྲན་བསྡུར་རིམ་པ་གཉིས་པ་ Semi Finals ནང་དྷ་ས་ཆིག་སྒྲིལ་རུ་ཁག་དང་དོན་གྲུབ་གླིང་རུ་ཁག་གཉིས་ཚུད་ཐུབ་པ་བྱུང་འདུགཁ་སང་ཕྱི་དྲོ་ཚོུད་ ༥་༣༠ ཐོག་སྤོན་ཊ་ཆོལ་གསུམ་བོད་མིའི་གཞིས་ཆགས་སུ་མཐའ་མའི་འགྲན་བསྡུར་རིམ་པ་དང་པོ་ Quarter Finals དབུ་འཛུགས་ཀྱིས་ཐོག་མ་དྷ་ས་ཆིག་སྒྲིལ་རུ་ཁག་དང་བལ་ཡུལ་རུ་ཁག་གཉིས་དབར་རྩེད་འགྲན་གནང་སྟེ་དྷ་སའི་རྩེད་འགྲན་པ་བྱང་ཆུབ་ལགས་དང་རིན་ཆེན་བཟང་པོ་ལགས་རྣམ་གཉིས་ཀྱིས་སྤོ་ལོ་རེ་རེ་བླུགས་མཐར་སྤོ་ལོ་གཉིས་དང་ཀླད་ཀོར་ཐོག་ནས་དྷ་ས་ཆིག་སྒྲིལ་རུ་ཁག་ལ་རྒྱལ་ཁ་ཐོབ་ཡོད།

དེ་བཞིན་རྩེད་འགྲན་གཉིས་པའི་སྐབས་དོན་གྲུབ་གླིང་རུ་ཁག་དང་ལ་དྭགས་བསོད་ནམས་གླིང་རུ་ཁག་དབར་རྩེད་འགྲན་གནང་སྟེ་དོན་གྲུབ་གླིང་རུ་ཁག་གི་རྩེད་འགྲན་པ་པདྨ་ལྷུན་གྲུབ་ལགས་ཀྱིས་སྤོ་ལོ་གཉིས་བླུགས་པ་དང་དེ་བཞིན་དོན་གྲུབ་ལགས་ཀྱིས་སྤོ་ལོ་གཅིག་བཅས་བླུགས་ཡོད། གཞན་ཡང་ལ་དྭགས་བསོད་ནམས་གླིང་རུ་ཁག་གི་རྩེད་འགྲན་པ་ཚེ་དབང་ལགས་ཀྱིས་སྤོ་ལོ་གཅིག་བླུགས་མཐར་ཁྱོན་སྤོ་ལོ་གསུམ་དང་གཅིག་གི་ཐོག་ནས་དོན་གྲུབ་གླིང་རུ་ཁག་ལ་རྒྱལ་ཁ་ཐོབ་ཡོད།གཞི་རྩའི་ཁ་སང་རྩེད་འགྲན་མཐའ་མའི་རིམ་པ་དང་པོའི་ཉིན་དང་པོ་དེ་ཡིན་པ་དང་། དེ་རིང་ཉིན་གཉིས་པའི་རྩེད་འགྲན་དང་པོ་དེ་སྦིར་རུ་ཁག་དང་སིམ་ལ་རུ་ཁག་གཉིས་དབར་རྩེད་འགྲན་གནང་རྒྱུ་དང་། གཉིས་པར་བདེ་སྐྱིད་གླིང་རུ་ཁག་དང་སྤོན་ཊ་ཆོལ་གསུམ་རུ་ཁག་དབར་རྩེད་འགྲན་གནང་རྒྱུ་ཡིན་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།