ཉེ་ཆར་ཕྱི་ཟླ་ ༨ ཚེས་ ༢༧ ཉིན་བཞུགས་སྒར་ཉེ་འཁྲིས་སུ་ཆགས་པའི་ Imperial Heights གསོལ་མགྲོན་ཁང་དུ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་ཆེན་ཐེངས་ ༡༨ པ་དབུ་འཛུགས་གནང་ཡོད་པ་ལྟར། དེ་རིང་ཕྱི་ཟླ་ ༩ ཚེས་ ༡ ཉིན་ཚོགས་ཆེན་གྱི་ཉིན་མཐའ་མའི་ཐོག་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྤྱི་ཁྱབ་དབུས་རྒྱུན་ལས་ཁང་གི་སྐབས་ ༡༨ པའི་རྒྱུན་ལས་གསར་འདེམས་དང་དམ་འབུལ་སོགས་ཀྱི་ལས་རིམ་ཁག་མཇུག་སྒྲིལ་གྱིས་མགོན་པོ་དོན་གྲུབ་ལགས་སླར་སྐབས་ ༡༨ པའི་སྤྱི་ཁྱབ་ཚོགས་གཙོར་བདམས་ཐོན་བྱུང་འདུག
གསར་འགོད་པས་དེ་རིང་བསྐྱར་དུ་འོས་འདེམས་བྱུང་བའི་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྤྱི་ཁྱབ་ཚོགས་གཙོ་མགོན་པོ་དོན་གྲུབ་ལགས་སུ་བཅར་འདྲི་ཞུས་པར་ཐེངས་འདིའི་ཚོགས་ཆེན་ཐོག་༸གོང་ས་མཆོག་གི་༸སྐུ་ཕྱྭའི་གནད་དོན་འབྲེལ་ནས་༸རྒྱལ་བའི་བཀའ་སྲུང་ཅི་སྒྲུབ་རྒྱུ་དང་བོད་མིའི་ཆིག་སྒྲིལ་གྱི་ནུས་པ་གོང་འཕེལ་དང་། དེ་བཞིན་རྒྱལ་སྤྱིའི་ཁྲོད་དུ་བོད་ཀྱི་ལོ་རྒྱུས་ཀྱི་ཐོག་ནས་རང་བཙན་གཙང་མའི་རྒྱལ་ཁབ་ཅིག་ཡིན་པ་མངོན་གསལ་གནང་སྟེ་གཞི་རྒྱ་ཆེ་བའི་ལས་འགུལ་སྤེལ་རྒྱུ་སོགས་ཀྱི་གྲོས་ཆོད་ཁག་གཅིག་གཏན་འབེབས་བྱུང་ཡོད་པ་གསུངས་སོང་།
མགོན་པོ་དོན་གྲུབ་ལགས་གཙོས་དེ་སྔ་སྐབས་ ༡༧ པའི་རྒྱུན་ལས་ ༤ སྐབས་ ༡༨ པའི་རྒྱུན་ལས་སུ་བསྐྱར་འདེམས་བྱུང་ཡོད་པ་དང་། རྒྱུན་ལས་གསུམ་གསར་པ་ཆགས་ཀྱི་འདུག་པ་དང་། སྤྱི་ཁྱབ་ཚོགས་གཙོ་མགོན་པོ་དོན་གྲུབ་ལགས་དང་ཚོགས་གཙོ་གཞོན་པ་བཀྲིས་དར་རྒྱས་ལགས། དེ་བཞིན་བསོད་ནམས་ཚེ་རིང་ལགས་སླར་དྲུང་ཆེར་བདམས་ཐོན་བྱུང་ཡོད་པ་རེད།
བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ངོས་ནས་ཇི་ལྟར་གསོལ་འདེབས་ཞུས་དོན་བཞིན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཚོགས་ཆེན་ཐེངས་ ༡༨ ཐོག་བཅར་བའི་ཚོགས་བཅར་ཡོངས་ལ་དམིགས་བསལ་གཟིམ་ཆུང་མཇལ་ཁ་སྩལ་ཡོད།
ཐེངས་འདིའི་ཚོགས་ཆེན་ཐོག་བྱང་ཨ་རི་དང་བལ་ཡུལ་སོགས་བཙན་བྱོལ་བོད་མིའི་གནས་ཡུལ་ས་གནས་ཁག་ ༤༥ ནས་ཚོགས་བཅར་བ་ཁྱོན་ ༡༠༧ མཉམ་ཞུགས་གནང་ཡོད་པ་དང་། ཚོགས་ཆེན་ཐོག་ཚོགས་པའི་སྒྲིག་གཞི་ལྟར་དབུས་ས་གཉིས་ཀྱི་ལས་སྡོམ་དང་རྩིས་ཁྲར་ཞིབ་བཤེར་དང་། དེ་སྔ་ཚོགས་ཆེན་སྐབས་ ༡༧ ཐོག་གཏན་འབེབས་གནང་བའི་གྲོས་ཆོད་ཁག་ལག་ལེན་ཐུབ་མིན་གྱི་ཞིབ་བཤེར། ༸གོང་ས་མཆོག་གི་སྐུ་ཕྱྭའི་གནད་དོན། མ་འོངས་ཆབ་སྲིད་དང་བོད་མིའི་ཆོས་རིག་མི་ཉམས་རྒྱུན་འཛིན། དེ་བཞིན་མང་གཙོའི་གོ་རྟོགས། སྤྱི་ཚོགས་ཞབས་ཞུའི་ལས་དོན་སྤེལ་ཕྱོགས་བཅས་གྲོས་གཞི་དོན་ཚན་ ༩ ཐོག་གོ་བསྡུར་གནང་ཡོད་པ་རེད།
མགོན་པོ་དོན་གྲུབ་ལགས་སླར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྤྱི་ཁྱབ་ཚོགས་གཙོར་བདམས་ཐོན།
Tibetan News Headlines
- Hokkaido Shimizu Town Delegation Visits Tibet House Japan, Presents First Harvest of the Region for His Holiness the Dalai Lama
- Tibet Advocacy Group Calls on US to Restore Tibetan Broadcasting Services to Counter Chinese Propaganda and Censorship
- China-Linked UK Businessman Tried to Hire Ex-Met Detective to Investigate MPs Critical of Beijing
- Nvidia CEO Jensen Huang Admits Affair with Suspected Chinese Spy; Company Launches Investigation
- Tibetan Representative Jigme Tsultrim Briefs India’s Minority Commission Chairperson on Tibetan Settlements in South India
- China Expands Media Influence in Thailand Through Partnerships, Propaganda and Diplomatic Pressure, RSF Reports
- History Feature: Tsarong Dasang Damdul
ཪེས་གཟའ་ཟླ་བ། ༢༠༢༦།༡༡།༠༩
- ཉི་ཧོང་གྲོང་སྡེ་ཞིག་གི་སྐུ་ཚབ་ཚོ་ཁག་ནས་ས་གནས་དེའི་ལོ་ཏོག་ཐོན་སྐྱེད་ཐོག་མ་༸གོང་ས་མཆོག་ལ་འབུལ་བཞེས་གནང་འདུག
- རྒྱ་ནག་གི་འཁྱོག་བཤད་དྲིལ་བསྒྲགས་ལ་གདོང་ལེན་སླད་ཨ་རི་གཞུང་གིས་བོད་སྐད་རླུང་འཕྲིན་ཁང་ལ་རྒྱབ་སྐྱོར་བྱེད་དགོས་གལ་ཡིན་པ་གསུངས་འདུག
- དབྱིན་ཡུལ་ཚོང་པ་ཞིག་གིས་སོ་མྱུལ་བ་གླ་གཡར་བརྒྱུད་རྒྱ་ནག་གི་ཆེད་དུ་དབྱིན་ཡུལ་གྲོས་ཚོགས་འཐུས་མི་ཁག་གཅིག་ལ་གསང་ཉུལ་བྱས་པ་མངོན་གསལ།
- Nvidia ཁེ་ལས་ཁང་གི་འགན་འཛིན་གྱིས་དོགས་གཞི་ཅན་གྱི་རྒྱ་རིགས་བུད་མེད་སོ་བ་ཞིག་དང་ནང་འབྲེལ་བྱུང་བའི་ཁས་ལེན་བྱས་རྗེས། ཁེ་ལས་ཁང་གིས་ཁོའི་བྱ་སྤྱོད་ལ་ཞིབ་བཤེར་འགོ་འཛུགས།
- ལྷོ་སྤྱི་ཡིས་རྒྱ་གར་གཞུང་གི་གྲངས་ཉུང་མི་རིགས་ལྷན་ཚོགས་ཀྱི་ཚོགས་གཙོ་དང་མཇལ་འཕྲད་གནང་བ།
- རྒྱ་གཞུང་གིས་ Thailand ནང་གི་གསར་འགོད་རང་དབང་ལ་དམ་དྲག་ཆེན་པོ་བྱེད་བཞིན་པ་གསལ་སྟོན།
- བོད་ཀྱི་ལོ་རྒྱུས་ཁྲོད་མི་སྣ་གྲགས་ཅན་ངོ་སྤྲོད། དམག་སྤྱི་ཚ་རོང་ཟླ་བཟང་དགྲ་འདུལ་ལགས་ཀྱི་སྐོར།




