Tibetan Royal Year of 2151 | Year of the Wood Dragon

༸གོང་ས་མཆོག་གིས་དགེ་ཚུལ་སློང་གི་སྡོམ་འབོག་དབུ་འཛུགས་མཛད་པ།

Tibetan News Headlines

  • UK’s Ministry of Defence ‘hacked by China’
  • French lawmakers targeted by Chinese cyberattack demand sanctions, amid Xi visit
  • Bharat Tibbat Sahyog Manch celebrates concluding ceremony of its 25th anniversary
  • Tibet house Japan organizes Tibet festival at Tsukiji Hongwanji temple
  • Rights group protests world’s leading press freedom predators visit to France
  • Alalamo: ‘Gyaling Sey’, by Acho Namgyal

རེས་གཟའ་མིག་དམར། ༢༠༢༤།༠༥།༠༧

  • རྒྱ་གཞུང་གིས་ཨིན་ཡུལ་རྒྱལ་སྲུང་ལྷན་ཁང་ལ་སོ་ཉུལ་བྱས་པ་མངོན་གསལ།
  • ཕྷ་རན་སིའི་གྲོས་ཚོགས་འཐུས་མི་ཁག་གཅིག་གིས་རྒྱ་ནག་གི་དྲ་ལམ་གཏོར་རྒོལ་བ་རྣམས་ལ་སྲིད་དོན་ཉེས་ཆད་བཀལ་དགོས་པའི་འབོད་སྐུལ།
  • རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པ་དབུ་བརྙེས་ནས་ལོ་ ༢༥ འཁོར་བའི་དུས་དྲན་མཇུག་སྒྲིལ་གྱི་མཛད་སྒོ་འཚོགས་པ།
  • ཉི་འོང་ནང་བོད་ཀྱི་དུས་སྟོན་སྲུང་བརྩི།
  • གསར་འགོད་རང་དབང་ལ་དྲག་གནོན་བྱེད་མཁན་ཆེས་སྡུག་ཤོས་རྒྱལ་ཁབ་ཀྱི་འགོ་ཁྲིད་ France ནང་བསླེབས་པར་ངོ་རྒོལ་བྱས་འདུག
  • ཨ་ལ་ལ་མོ་དམིགས་བསལ་ལས་རིམ། སྟོད་གཞས་རྒྱ་གླིང་སྲས།

ལོ་ལྟར་ཆོ་འཕྲུལ་སྨོན་ལམ་ཆེན་མོའི་སྔ་རྗེས་གང་རུང་ལ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དགེ་ཚུལ་སློང་གི་སྡོམ་འབོག་སྩོལ་བཞིན་ཡོད་པ་ལྟར། དེ་རིང་སྔ་དྲོ་མགོན་པོ་༸གང་ཉིད་མཆོག་གིས་རབ་བྱུང་པ་ ༧༣ དགེ་ཚུལ་གྱི་སྡོམ་པ་བཀའ་དྲིན་སྩལ་ཡོད་པ་རེད།

༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་མདུན་ནས་དགེ་ཚུལ་སློང་གི་སྡོམ་པ་ཞུ་མཁན་གྲྭ་བཙུན་ ༥༠༠ ལྷག་པ་ཡོད་པ་དང་། དགེ་ཚུལ་སློང་གི་སྡོམ་པ་དེ་བཞིན་དེ་རིང་སྟེ་བོད་ཟླ་ ༡ པོའི་ཚེས་ ༡༡ ནས་ ༡༢ བར་རམ་ཕྱི་ལོ་ ༢༠༢༣ ཟླ་ ༣ ཚེས་ ༢ ནས་ ༤ བར་ཉིན་གྲངས་གསུམ་གྱི་རིང་སྒྲུབ་གཏན་འཁེལ་བ་ལྟར་དེ་རིང་སྔ་དྲོ་མགོན་པོ་༸གང་ཉིད་མཆོག་གིས་རབ་བྱུང་པ་ ༧༣ ཐུགས་བརྩེ་བ་ཆེན་པོས་དགེ་ཚུལ་གྱི་སྡོམ་པ་བཀའ་དྲིན་སྩལ་ཡོད་པ་རེད།

རྩ་བའི་དེ་སྔོན་དགའ་ལྡན་ཕོ་བྲང་ཡིག་ཚང་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་མདུན་ནས་དགེ་ཚུལ་སློང་གི་སྡོམ་པ་ཞུ་མཁན་རྣམས་ཀྱི་ཆེད་གསལ་བསྒྲགས་ཤིག་སྤེལ་དོན་ལྟར། ཁ་སང་ཕྱི་ཚེས་ ༡ ཉིན་གྱི་ཉིན་རྒྱབ་ཕྱག་ཚོད་ ༢།༣༠ ཐོག་དེ་འབྲེལ་ཐོ་འགོད་ཟིན་པའི་བསྒྲུབ་བྱ་རྣམས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་བསྐོང་ཚོགས་ཀྱིས་སྡོམ་པ་སྤྱིའི་ངོ་སྤྲོད་དང་། སྡོམ་པ་དངོས་གཞི་ཞུ་ཚེ་ཀུན་སློང་འཁྱེར་ཕྱོགས་སོགས་ཀྱི་ཐོག་ལམ་སྟོན་གནང་ཡོད་པ་རེད་འདུག

འདི་ག་རླུང་འཕྲིན་ཁང་ནས་དེ་སྔོན་༸དཔལ་ལྡན་དགའ་ལྡན་ཕོ་བྲང་ཡིག་ཚང་གི་༸རྒྱལ་བའི་གསུང་འབུམ་ཕྱོགས་སྒྲིག་སྡེ་ཚན་གྱི་འགན་འཛིན་ཡང་སྟེང་རིན་པོ་ཆེ་མཆོག་ལ་སྡོམ་པ་གཉིས་ཀྱི་གལ་གནད་དང་འབྲེལ་བཅར་འདྲི་ཞུས་པར་སྡོམ་པ་དེ་གཉིས་ནི་སངས་རྒྱས་ཀྱི་བསྟན་པ་དང་འབྲེལ་བའི་སྡོམ་པ་གལ་ཆེ་ཆགས་ཡོད་པ་མ་ཟད། སངས་རྒྱས་ཀྱི་བསྟན་པ་གནས་དང་མི་གནས་དེ་བསྙེན་རྫོགས་ཀྱི་སྡོམ་པ་ཚུལ་བཞིན་དུ་སྲུང་མཁན་གྱི་འདུལ་བ་འཛིན་པའི་དགེ་སློང་གནས་དང་མི་གནས་ལ་རག་ལུས་ཡོད་པ་གསུངས་ཡོད།

འབྲེལ་ཡོད་གསར་གནས།

གསར་གནས།