Tibetan Royal Year of 2151 | Year of the Wood Dragon

བོད་མི་ལས་འགུལ་བ་བརྒྱད་ཅུ་ལྷག་གིས་རྒྱལ་ས་ལྡི་ལིའི་རྒྱ་ནག་གཞུང་ཚབ་ཏུ་རྒོལ་མཆོང་།

Tibetan News Headlines

  • Press watchdog RSF: China’s communist regime leads world in repression of journalistic rights
  • Sikyong Penpa Tsering meets President of South Tyrol, before leaving for Berlin
  • Xi Jinping faces strong protests from Tibetans and rights advocates in Paris
  • Nancy Pelosi honored with Presidential Medal of Freedom, US highest civilian award
  • Tibetan MMA fighter Rinchen Griffithsgolha makes history with first professional victory
  • History Feature: Panchen Rinpoche’s Footprints Across Tibet

རེས་གཟའ་ཟླ་བ། ༢༠༢༤།༠༥།༠༦

  • རྒྱ་ནག་ནི་གསར་འགོད་རང་དབང་གི་གནས་སྟངས་ཆེས་ཞན་ཤོས་ཡིན་པ་ཐེར་འདོན།
  • སྲིད་སྐྱོང་མཆོག་ལྷོ་ཊེ་རོལ་རང་སྐྱོང་མངའ་སྡེའི་སྲིད་འཛིན་དང་མཇལ་མོལ་གནང་རྗེས་འཇར་མ་ནིའི་རྒྱལ་ས་ Berlin དུ་ཕེབས་འབྱོར།
  • ཞི་ཅིན་ཕིང་ལ་ཧྥ་རན་སིར་བསླེབས་སྐབས་བོད་མིས་ངོ་རྒོལ།
  • ལྕམ་ Pelosi མཆོག་ཨ་རིའི་ལོ་རྒྱུས་ནང་གྲོས་ཚོགས་ཀྱི་ཚོགས་གཙོ་ཆེས་རླབས་ཆེན་ཞིག་ཡིན་པའི་ཆེ་བསྟོད།
  • བོད་མི་ཞིག་གིས་ཁུ་ཚུར་དྲག་རྩལ་གྱི་ཆེད་ལས་རྩེད་འགྲན་ནང་ཆེས་ཐོག་མ་མཉམ་ཞུགས་ཀྱིས་རྒྱལ་ཁ་ཐོབ་འདུག
  • བོད་ཀྱི་རྒྱལ་རབས་དང་ལོ་རྒྱུས། ༸པཎ་ཆེན་ཨེར་ཏེ་ནི་ཞིབ་འཇུག་ལས་ལེའུ་དྲུག་པ་བོད་ཁམས་ཞབས་ཀྱིས་བཅགས་པ།

དེ་རིང་བོད་མིའི་རང་དབང་སྒེར་ལངས་གསུམ་བཅུ་དུས་དྲན་ཐེངས་ ༦༤ དང་བསྟུན་བཙན་བྱོལ་ནང་གི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཆེ་ཤོས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་གོ་སྒྲིག་འོག་བོད་རིགས་ན་གཞོན་ཕོ་མོ་གྲངས་ ༨༠ ལྷག་གིས་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་རྒྱ་ནག་གཞུང་ཚབ་མདུན་དུ་རྒོལ་མཆོང་གནང་སྟེ་རྒྱ་ནག་གཞུང་གི་ངོས་ནས་བོད་དང་བོད་མིའི་ཐོག་འཛིན་པའི་སྲིད་བྱུས་ཁག་དང་ལྷག་པར་དུ་རྒྱ་ནག་གི་ལྟའི་སྲིད་གཞུང་དེས་བོད་མིའི་ངོ་བོ་རྩ་བརླག་གཏོང་ཐབས་སུ་སློབ་ཆུང་བྱིས་པ་ཚོ་ཕ་མ་སྤུན་མཆེད་དང་ཁ་བྲལ་བཏང་ནས་གཏན་འཇགས་སློབ་གྲྭར་བཙན་དབང་གིས་གཏོང་བཞིན་ཡོད་པར་ངོ་རྒོལ་གནང་སོང་། 

བོད་མི་ན་གཞོན་ལས་འགུལ་བ་ཚོས་བོད་ཀྱི་རྒྱལ་དར་འཕྱར་བ་དང་རང་ཉིད་ཀྱི་ངོ་གདོང་ལ་འབོད་ཚིག་འདྲ་མིན་བྲིས་ཏེ་རུ་ཁག་བགོས་འགྲེམས་ཀྱིས་ལྡི་ལིར་རྟེན་གཞི་བྱས་པའི་རྒྱ་ནག་གཞུང་ཚབ་མདུན་དུ་རྒོལ་མཆོང་གི་ལས་འགུལ་སྤེལ་ཡོད། ལས་འགུལ་ནང་ལྡི་ལི་རོ་ཧི་ནི་ས་གནས་དང་སྦ་རོ་ཊ། ཇལྣ་དྷར། ཅན་རྡི་གྷར་བཅས་ནས་ཆེད་མངགས་ཕེབས་པའི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་མི་དེ་དག་གི་སྐབས་དེར་སྐད་ཤུགས་ཆེན་པོའི་ཐོག་ནས་བོད་ཀྱི་བདག་པོ་བོད་མི་ཡིན། བོད་མིར་རང་དབང་དགོས། རྒྱ་མི་བོད་ནས་ཕྱིར་འཐོན་བྱེད་དགོས་ཞེས་སོགས་དགོས་འདུན་བཏོན་ཡོད། 

 

ལས་འགུལ་བ་ཕོ་མོ་གྲངས་བདུན་ཅུ་ལྷག་ཡོད་པ་དེ་དག་གིས་རུ་ཁག་བགོས་འགྲེམས་ཀྱིས་ཆུ་ཚོད་གཅིག་ལྷག་ཙམ་རིང་རྒྱའི་གཞུང་ཚབ་མདུན་དུ་ངོ་རྒོལ་སྐད་འབོད་གནང་བ་དང། ཁོང་རྣམ་པ་ཡོངས་རྫོགས་སྐོར་སྲུང་བས་འཛིན་བཟུང་བྱས་པར་བརྟེན་ད་ལྟའི་ཆར་ MandirMarg སྐོར་སྲུང་ལས་ཁུངས་སུ་དོ་དམ་འོག་བཀག་ཉར་བྱས་ཡོད་པ་རེད།

ཇན་ཏར་མན་ཏར་ཁུལ་གྱི་ལས་འགུལ་དེའི་སྐབས་ས་གནས་ཀྱི་རྒྱ་གར་བོད་དོན་རྒྱབ་སྐྱོར་ཁག་གཅིག་ནས་མཉམ་ཞུགས་གནང་བ་དང་བོད་དོན་ཐོག་རྒྱ་གར་གཞུང་མང་གཉིས་ཀྱི་ངོས་ནས་རྒྱབ་སྐྱོར་ཡོད་པའི་གཏམ་བཤད་སོགས་ཀྱང་གནང་ཡོད།  

ཐོག་མའི་འཆར་གཞིར་མི་མང་གི་ལས་འགུལ་དེ་རམ་ལི་ལཱ་ཞེས་པའི་ཐང་ཆེན་ནས་ཇན་ཏར་མན་ཏར་བར་གོམ་བགྲོད་གནང་རྒྱུ་ཡིན་ཀྱང་། རྒྱལ་ས་ལྡི་ལི་ནང་དེང་སྐབས་ཨོ་སི་ཊོ་ལི་ཡའི་སྲིད་བློན་ཕེབས་ཡོད་སྟབས་ཆོག་མཆན་ཞུས་པ་ནུས་མེད་དུ་བཏང་འདུག

གཞི་རྩའི་རྒྱལ་ས་ལྡི་ལིའི་གཞུང་འབྲེལ་གྱི་མཛད་སྒོ་དེ་དེ་རིང་སྔ་དྲོའི་ཆུ་ཚོད་དགུ་པའི་ཐོག་བོད་སྒར་བསམ་ཡས་གླིང་གི་བོད་ཁྱིམ་སློབ་གྲྭར་ཚོགས་ཡོད་པ་དང་། མཛད་སྒོའི་སྐུ་མགྲོན་གཙོ་བོར་ Aam Aadmi ཆབ་སྲིད་ཚོགས་པའི་གྲོས་ཚོགས་གོང་མའི་ཚོགས་མི་སྐུ་ཞབས་ Sanjay Singh ལགས་དང་ས་གནས་གྲོས་ཚོགས་ཀྱི་ཚོགས་མི་སྐུ་ཞབས་ Prahlad Singh Sawney ལགས་བཅས་ཆེད་ཕེབས་གནང་འདུག་པར་མ་ཟད། རྣམ་པ་གཉིས་ཀྱིས་བོད་དོན་ཐོག་མུ་མཐུད་རྒྱབ་སྐྱོར་གནང་རྒྱུའི་ཞལ་བཞེས་དང་། ལྷག་པར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཛད་འཕྲིན་ལ་ཡི་རང་བསྔགས་བརྗོད་སོགས་ཞུས་ཡོད།

ལྡི་ལི་སྐུ་ཚབ་དོན་གཅོད་བློ་བཟང་ཤཱསྟྲཱི་ལགས་དང་ས་གནས་གྲོས་ཚོགས་ཀྱི་ཚོགས་གཙོ་བཅས་ཀྱིས་མི་མང་ལ་བཀའ་སྤྱི་གཉིས་ཀྱི་གསུམ་བཅུ་དུས་དྲན་གྱི་གསུང་འཕྲིན་སྒྲོག་སྦྱང་གནང་ཡོད།  

 

འབྲེལ་ཡོད་གསར་གནས།

གསར་གནས།