Tibetan Royal Year of 2151 | Year of the Wood Dragon

ཨོ་གླིང་ཁུལ་གྱི་བོད་བརྒྱུད་ནང་བསྟན་ཆོས་ཚོགས་ཁག་གི་ཚོགས་འདུ་ཐོག་དོན་ཚན་བརྒྱད་ཅན་གྱི་བསྒྲགས་གཏམ་སྤེལ་བ།

Tibetan News Headlines

  • US religious freedom watchdog warns of sinicization and assimilation of Tibetan religious and cultural identities
  • US sanctions 31 China-based companies over Russia
  • Xi Jinping to meet French President Macron and EU Chief in Paris next week
  • CTA begins house allocation programmes for Tibetans not facilitated in the refugee settlements
  • Dharamshala hosts conference on promotion and preservation of Tibetan language

རེས་གཟའ་ཕུར་བུ། ༢༠༢༤།༠༥།༠༢

  • རྒྱ་གཞུང་གིས་བོད་བརྒྱུད་ནང་བསྟན་ལ་དམ་དྲག་བྱེད་ཤུགས་ཆེ་རུ་བཏང་ཡོད་པ་མངོན་གསལ་གནང་འདུག
  • ཨ་རིའི་གཞུང་གིས་རྒྱ་ནག་གི་བཟོ་ཚོང་ལས་ཁང་ ༣༡ ལ་སྲིད་དོན་ཉེས་ཆད་བཀལ་བ།
  • ཞི་ཅིང་ཕིང་གིས་ཕ་རན་སིའི་སྲིད་འཛིན་དང་ཡོ་རོབ་མཐུན་ཚོགས་ཀྱི་གཙོ་འཛིན་ཐུག་འཕྲད་བྱ་འཆར།
  • བོད་མི་སྡོད་ཁང་མེད་པ་རྣམས་ལ་རུབ་སྡོད་གཞིས་སྒར་ནང་སྡོད་ཁང་བགོས་འགྲེམས་ཀྱི་ལས་གཞི་དངོས་སུ་དབུ་འཛུགས།
  • བོད་ཀྱི་སྐད་ཡིག་སྲུང་སྐྱོབ་དང་དར་འཕེལ་སྐོར་བགྲོ་གླེང་དབུ་འཛུགས།

ཟླ་བ་འདིའི་ཚེས་ ༢༦ ཉིན་ཨོ་སི་ཊོ་ལི་ཡའི་སྐུ་ཚབ་དོན་ཁང་གི་གོ་སྒྲིག་འོག་ཡུལ་དེའི་ཆོས་ཚོགས་ཁག་གི་སྐུ་ཚབ་དང་དགེ་རྒན། དགེ་ཕྲུག་བརྒྱ་ལྷག་མཉམ་ཞུགས་གནང་སྟེ་གྲོང་ཁྱེར་སིཌ་ནིར་ཨོ་གླིང་ཁུལ་གྱི་བོད་བརྒྱུད་ནང་བསྟན་གྱི་ཆོས་ཚོགས་ཁག་གི་ཚོགས་འདུ་ཞིག་ཚོགས་པ་དང་འབྲེལ་ནས་དོན་ཚན་བརྒྱད་ཅན་གྱི་བསྒྲགས་གཏམ་ཞིག་སྤེལ་ཡོད་པར་མ་ཟད་ཚོགས་འདུའི་ཐོག་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གསུང་འཕྲིན་བཀའ་དྲིན་སྩལ་བ་དང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཀྱང་བརྙན་ཐུང་བརྒྱུད་ལམ་སྟོན་གསུང་བཤད་གནང་འདུག

བོད་མིའི་སྒྲིག་འཛུགས་ཀྱི་དྲ་གནས་སུ་གནས་ཚུལ་སྤེལ་བར་གཞིགས་ན། ཨོ་གླིང་གི་གྲོང་ཁྱེར་སིཌ་ནི་ཁུལ་དུ་བསྐོང་ཚོགས་གནང་བའི་བོད་བརྒྱུད་ནང་བསྟན་གྱི་ཆོས་ཚོགས་ཁག་གི་ཚོགས་འདུའི་ཐོག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་བསྐྱེད་ཆེན་པོ་བཞིའི་གལ་གནད་ངོས་འཛིན་ཞུ་རྒྱུ། རྒྱ་ནག་གི་དབང་བསྒྱུར་འོག་ཉེན་ཁ་འཕྲད་བཞིན་པའི་བོད་བརྒྱུད་ནང་བསྟན་རྒྱུན་འཛིན་དར་འཕེལ་གནང་རྒྱུ། མི་སྒེར་དང་སྤྱི་ཚོགས། དེ་བཞིན་འཛམ་གླིང་ཁྱོན་ཡོངས་ལ་ཕན་པའི་འགྲོ་བ་མིའི་རིན་ཐང་གོང་མཐོར་སླད་འབད་བརྩོན་བྱེད་རྒྱུ།བོད་བརྒྱུད་ནང་བསྟན་གྱི་བླ་སྤྲུལ་རྣམ་པའི་ཡང་སྲིད་ངོས་འཛིན་དང་། ཐོས་བསམ་སློབ་གཉེར་གནང་ཕྱོགས་རྣམས་ཆོས་ཕྱོགས་ཀྱི་གནང་སྒོ་ཡིན་པ་ལྟར། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཡང་སྲིད་ངོས་འཛིན་ཞུ་རྒྱུའི་དབང་ཚད་ཡོངས་རྫོགས་༸གོང་ས་མཆོག་ཁོ་ནར་ཡོད་པ། དེ་བཞིན་ཉུང་མཐར་ལོ་གཉིས་སམ་གསུམ་རེའི་ནང་ཆོས་ཚོགས་ཁག་གི་ཚོགས་འདུ་བསྐོང་བའི་གལ་གནད་ཆགས་ཡོད་པ་སོགས་ཀྱི་གྲོས་ཆོད་དོན་ཚན་བརྒྱད་འཁོད་པའི་བསྒྲགས་གཏམ་ཞིག་སྤེལ་ཡོད་པ་རེད། 

བོད་བརྒྱུད་ནང་བསྟན་གྱི་ཆོས་ཚོགས་ཁག་གི་ཚོགས་འདུ་ཐོག་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྩལ་བའི་གསུང་འཕྲིན་ནང་། ཨོ་གླིང་དུ་གནས་བཞུགས་ནང་པ་ཚོས་སྟོན་པ་གཅིག་གི་རྗེས་འཇུག་གི་འདུ་ཤེས་བཟུང་སྟེ་འཆམ་མཐུན་དང་། དད་པ་ཁོ་ན་མིན་པར་སྟོན་པའི་ལུང་རྟོགས་ཀྱི་བསྟན་པར་སློབ་གཉེར་གནང་སྟེ་དུས་རབས་ཉེར་གཅིག་པའི་ནང་པ་ཞིག་བྱེད་དགོས་པར་བཀའ་སྩལ་བ་དང་འབྲེལ། འཚེ་བ་དང་མཚོན་ཆ་མེད་པའི་ཞི་བདེ་ཅན་གྱི་འཛམ་གླིང་ཞིག་བསྐྲུན་ཐབས་སུ་འབད་དགོས་ཞེས་ལམ་སྟོན་བཀའ་དྲིན་ཆེ་བ་སྩལ་འདུག

ཕྱོགས་མཚུངས་སུ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཚོགས་འདུ་དང་འབྲེལ་ཏེ་བརྙན་ཐུང་བརྒྱུད་ཚོགས་བཅར་བ་རྣམས་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་སྐྱེད་ཆེན་པོ་བཞི་དང་སྤྱི་ཚོགས་དང་ཚོར་ཤེས། བཟང་སྤྱོད་ཀྱི་སློབ་གསོ། སཱི་ཤེས་ཡོན་སློབ་གསོའི་གལ་གནད་དང་། ཨོ་གླིང་ཁུལ་དུ་ཡོད་པའི་བོད་བརྒྱུད་ནང་བསྟན་གྱི་ཆོས་ཚོགས་ཁག་གིས་སཱི་ཤེས་ཡོན་སློབ་གསོ་དེ་བཞིན་ས་གནས་སློབ་གྲྭ་ཁག་གི་བསླབ་གཞིར་ཚུད་ཐབས་ཆེད་འབད་བརྩོན་གནང་དགོས་པར་ལམ་སྟོན་གནང་འདུག

ཚོགས་འདུའི་དབུ་འབྱེད་མཛད་སྒོར་སྐུ་མགྲོན་གཙོ་བོ་ཨོ་གླིང་ནང་པའི་ལྷན་ཚོགས་ཀྱི་ཚོགས་གཙོ་ Gawaine Powell Davies ལགས་ཀྱིས་༸གོང་ས་མཆོག་ལ་ཨོ་གླིང་ཆོས་ལུགས་རིས་མེད་ཀྱི་མི་མང་ནས་བརྩི་བཀུར་ཆེན་པོ་ཞུ་བཞིན་ཡོད་ཅེས་གསུངས་པ་དང་འབྲེལ། བོད་ནང་གཞི་རྩའི་རང་དབང་དང་ཆོས་དད་རང་དབང་མེད་པ་ནི་བློ་འཚབ་གནང་གཞི་ལས་མ་འདས་པ་དང་། བྱེ་བྲག་ཏུ་རྒྱ་ནག་གཞུང་གིས་བོད་བརྒྱུད་ནང་བསྟན་དང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་ཡང་སྲིད་ངོས་འཛིན་གནང་ཕྱོགས་ལ་ཐེ་བྱུས་བྱེད་བཞིན་པར་བློ་འཚབ་ཆེན་པོ་ཡོད་ཅེས་གསུངས་ཡོད།

གཞི་རྩའི་ཨོ་གླིང་གི་གྲོང་ཁྱེར་སིཌ་ནི་ཁུལ་དུ་བསྐོང་ཚོགས་གནང་བའི་བོད་བརྒྱུད་ནང་བསྟན་གྱི་ཆོས་ཚོགས་ཁག་གི་ཚོགས་འདུ་ཐོག་དེང་གི་དཀའ་ངལ་ཆེ་བའི་དུས་རབས་སུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་བསྐྱེད་ཆེན་པོ་བཞི་དང་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཀྱི་བསླབ་གཞིའི་གལ་གནད། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ནང་ཆོས་དང་ཚན་རིག་བར་གྱི་བགྲོ་གླེང་ཐད་རླབས་ཆེ་བའི་སྤྱི་སྨན་ཞབས་འདེགས་མཛད་ཚུལ། བོད་ནང་ཆོས་དད་རང་དབང་སྲུང་སྐྱོབ་དང་། ཆོས་ཚོགས་ཕན་ཚུན་དབར་འབྲེལ་ལམ་གོང་འཕེལ་དང་ཆོས་ཚོགས་ཁག་སྲ་བརྟན་གནང་ཐབས་སུ་ཚོགས་བཅར་བ་ནང་ཁུལ་དགོངས་ཚུལ་བརྗེ་ལེན་སོགས་ཀྱི་བརྗོད་གཞི་ཐོག་ལས་རིམ་ཁག་བསྐྱངས་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།