Tibetan Royal Year of 2151 | Year of the Wood Dragon

རྒྱ་ནག་ནི་རྒྱལ་ཁབ་ཀྱི་ས་མཚམས་བརྒལ་ནས་དྲག་གནོན་བྱེད་མཁན་གྱི་རྒྱལ་ཁབ་ཆེས་སྡུག་ཤོས་ཡིན་པ་ཐེར་འདོན།

Tibetan News Headlines

  • Conversation with TWA members on Association’s mission, outreach, and youth engagement strategies

རེས་གཟའ་སྤེན་པ། ༢༠༢༤།༠༤།༢༧

  • བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ངོ་བོ་དང་ལས་དོན། གཞོན་སྐྱེས་མཉམ་ཞུགས་སྐོར་གླེང་མོལ།

རྒྱལ་སྤྱིའི་ཁྲོད་དྲག་གནོན་བྱེད་མཁན་གྱི་རྒྱལ་ཁབ་ཇི་ཙམ་ཡོད་མེད་ཞིབ་འཇུག་གནང་མཁན་ Freedom House ཞེས་རང་དབང་ཁང་པས་ཁ་སང་ཕྱི་ཟླ་ ༤ ཚེས་ ༦ ཉིན་ཕྱི་ལོ་ ༢༠༢༢ ལོའི་ཞིབ་འཇུག་སྙན་ཐོ་འདོན་སྤེལ་གནང་བར་འདས་ལོར་རང་ཉིད་ཀྱི་ས་མཚམས་བརྒལ་ནས་རང་དབང་ལུང་པའི་ནང་གནས་སྡོད་བྱེད་མཁན་ཐོག་དྲག་གནོན་སྤེལ་མཁན་གྱི་གཞུང་མང་དུ་ཕྱིན་ཡོད་པར་མ་ཟད། རྒྱ་ནག་ནི་ས་མཚམས་དང་བརྒལ་ནས་དྲག་གནོན་བྱེད་མཁན་གྱི་ནག་ཉེས་ཆེ་ཤོས་ཀྱི་རྒྱལ་ཁབ་ཅིག་ཡིན་པར་མངོན་གསལ་གནང་འདུག

ཨ་རིའི་རྒྱལ་ས་ Washington DC དུ་རྟེན་གཞིར་བྱས་པའི་ Freedom House འདོན་སྤེལ་གནང་བའི་ཞིབ་འཇུག་སྙན་ཐོའི་ནང་། རྒྱ་ནག་གཞུང་དང་། ཊར་ཀི། Tajikistan ཨི་ཇིཔ་ཊ་བཅས་རྒྱལ་ཁབ་བཞི་པོ་ནི་རང་རྒྱལ་ཁབ་ཀྱི་ས་མཚམས་ལས་བརྒལ་ནས་གཞུང་དང་ལྟ་བ་མི་མཐུན་མཁན་གྱི་མང་ཚོགས་ལ་དྲག་གནོན་བྱེད་མཁན་གྱི་ནག་ཉེས་ཅན་ཡིན་པར་ཐེར་འདོན་གནང་འདུག རྒྱ་ནག་གཞུང་གིས་ཕྱི་ལོ་ ༢༠༡༤ ནས་བཟུང་རྒྱལ་ཁབ་ཀྱི་ས་མཚམས་དང་བརྒལ་ནས་དྲག་གནོན་ཅན་གྱི་བྱ་སྤྱོད་ཀྱི་རྣམ་གྲངས་ ༢༥༣ ལྷག་ལག་བསྟར་བྱས་ཡོད་པ་བཅས། རྒྱལ་ཁབ་དེ་ནི་ས་མཚམས་བརྒལ་ནས་དྲག་གནོན་བྱེད་མཁན་གྱི་ནག་ཉེས་ཆེ་ཤོས་ཀྱི་རྒྱལ་ཁབ་ཅིག་ཡིན་པར་གསལ་བཏོན་གནང་འདུག

རང་དབང་ཁང་པའི་ཞིབ་འཇུག་སྙན་ཐོའི་ནང་ ༢༠༡༤ ལོ་ནས་བཟུང་འཛམ་གླིང་གི་རྒྱལ་ཁབ་ ༩༡ ནང་དུ་སྲིད་གཞུང་མི་འདྲ་བ་ ༣༨ ནས་རང་དབང་ལུང་པ་སོགས་ཀྱི་རྒྱལ་ཁབ་གཞན་དུ་གནས་སྡོད་བྱེད་མཁན་ནམ་རྒྱལ་ཁབ་གཞན་དུ་གྱར་བའི་བཙན་བྱོལ་བ་རྣམས་ལ་ཁྲིམས་འགལ་གྱི་ནག་ཉེས་བཙུགས་པ། བཙན་ཁྲིད་བྱས་པ། དོ་དམ་བཀག་ཉར་བྱས་པ། ཁྲིམས་འགལ་གྱིས་ཕྱིར་འབུད་བཏང་བ་སོགས་དྲག་གནོན་དང་འཇིགས་སྐུལ་གྱི་རྣམ་གྲངས་ཉུང་མཐར་ ༨༥༤ ལག་བསྟར་བྱས་ཡོད་པར་མ་ཟད། འཕྲུལ་ལས་མ་ལག་སོགས་ཀྱི་བརྒྱུད་ནས་གསང་ཉུལ་དང་ལྟ་སྲུང་། ནང་མི་སྤུན་མཆེད་རྣམས་ལ་ཉེ་ཆད་དང་སྡིགས་ར་སྐུལ་བ་སོགས་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་གཏོང་བཞིན་པའི་བྱ་སྤྱོད་ཀྱི་རྣམ་པ་གྲངས་ལས་འདས་པ་ཞིག་བྱུང་ཡོད་པ་མངོན་གསལ་གནང་འདུག་པར་མ་ཟད། ཕྱི་ལོ་ ༢༠༢༢ ལོ་གཅིག་པུར་རྒྱལ་ཁབ་འདྲ་མིན་གྱི་གཞུང་ ༢༠ ཡིས་རྒྱལ་ཁབ་ཀྱི་ས་མཚམས་དང་བརྒལ་ནས་དྲག་གནོན་ཅན་གྱི་བྱ་སྤྱོད་ཀྱི་རྣམ་གྲངས་༧༩ ལག་བསྟར་བྱས་ཡོད་པ་བཀོད་འདུག

སྤྱིར་ཉེ་ལམ་བཞུགས་སྒར་དུ་རྟེན་གཞི་བྱས་པའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་བསྟེ་གནས་ཁང་གིས་ཀྱང་ཕྱི་ལོ་༢༠༢༢ ལོའི་ཞིབ་འཇུག་སྙན་ཐོ་འདོན་སྤེལ་གནང་བའི་ནང་དུའང་ཕྱི་ལོ་ ༢༠༢༢ ཀྱི་ལོ་དེ་ནི་ཉེ་བའི་དུས་ཀྱི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཛ་དྲག་ཆེ་ཤོས་སུ་ལྷུང་བའི་དུས་ཚོད་ཅིག་ཡིན་པ་གསལ་འདོན་དང་སྦྲགས། རྒྱ་གཞུང་གིས་རང་དབང་ལུང་པ་སོགས་རྒྱལ་ཁབ་གཞན་དུ་གནས་པའི་བོད་མི་རྣམས་ཀྱི་བྱ་སྤྱོད་ལ་སྟངས་འཛིན་བྱ་བར་དམིགས་ནས་རྒྱལ་མཚམས་ལས་བརྒལ་བའི་གཉའ་གནོན་གྱི་ལས་འགུལ་འོག་གདུག་རྩུབ་ཆེ་བའི་སྲིད་བྱུས་ཐེར་འདོན་བྱེད་མཁན་གྱི་བཙན་བྱོལ་བོད་མི་ལས་འགུལ་བ་མང་དག་ཅིག་ལ་གནོན་ཤུགས་སྤྲོད་བཞིན་ཡོད་པར་མ་ཟད། ལྷག་དོན་བོད་ནང་དུ་ཕ་མ་དང་ཉེ་འབྲེལ་ཡོད་མཁན་ཚོར་དངོས་ཤུགས་བརྒྱུད་གསུམ་གྱི་ཐོག་ནས་དམ་བསྒྲགས་བྱེད་བཞིན་ཡོད་ཅེས་འགྲེལ་བརྗོད་གནང་ཡོད། པར་ཁག་ Freedom House དང་། Reuters

འབྲེལ་ཡོད་གསར་གནས།

གསར་གནས།