Tibetan Royal Year of 2151 | Year of the Wood Dragon

བོད་མིར་དྲང་བདེན་ཡོང་བར་མུ་མཐུད་ནས་ངལ་བ་འཛེམས་མེད་ཀྱིས་ཕྱག་ལས་གནང་རྒྱུ་ཡིན་ཞེས་གསུངས་པ།

Tibetan News Headlines

  • US religious freedom watchdog warns of sinicization and assimilation of Tibetan religious and cultural identities
  • US sanctions 31 China-based companies over Russia
  • Xi Jinping to meet French President Macron and EU Chief in Paris next week
  • CTA begins house allocation programmes for Tibetans not facilitated in the refugee settlements
  • Dharamshala hosts conference on promotion and preservation of Tibetan language

རེས་གཟའ་ཕུར་བུ། ༢༠༢༤།༠༥།༠༢

  • རྒྱ་གཞུང་གིས་བོད་བརྒྱུད་ནང་བསྟན་ལ་དམ་དྲག་བྱེད་ཤུགས་ཆེ་རུ་བཏང་ཡོད་པ་མངོན་གསལ་གནང་འདུག
  • ཨ་རིའི་གཞུང་གིས་རྒྱ་ནག་གི་བཟོ་ཚོང་ལས་ཁང་ ༣༡ ལ་སྲིད་དོན་ཉེས་ཆད་བཀལ་བ།
  • ཞི་ཅིང་ཕིང་གིས་ཕ་རན་སིའི་སྲིད་འཛིན་དང་ཡོ་རོབ་མཐུན་ཚོགས་ཀྱི་གཙོ་འཛིན་ཐུག་འཕྲད་བྱ་འཆར།
  • བོད་མི་སྡོད་ཁང་མེད་པ་རྣམས་ལ་རུབ་སྡོད་གཞིས་སྒར་ནང་སྡོད་ཁང་བགོས་འགྲེམས་ཀྱི་ལས་གཞི་དངོས་སུ་དབུ་འཛུགས།
  • བོད་ཀྱི་སྐད་ཡིག་སྲུང་སྐྱོབ་དང་དར་འཕེལ་སྐོར་བགྲོ་གླེང་དབུ་འཛུགས།

ཁ་སང་ཕྱི་ཚེས་ ༡༩ ཉིན་ཨོ་སི་ཊི་ལི་ཡའི་གྲོས་ཚོགས་འཐུས་མིའི་སྐུ་ཚབ་ཚོགས་ཆུང་གིས་ཕྱི་དྲིལ་ལྷག་པ་ཚེ་རིང་དྲན་རྟེན་ཚོགས་ཁང་དུ་གསར་འགོད་ལྷན་ཚོགས་ཤིག་སྐོང་ཚོགས་བརྒྱུད་བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ་ལ་བསྔགས་བརྗོད་གནང་སྟེ་བོད་མིར་དྲང་བདེན་ཡོང་བར་མུ་མཐུད་ནས་ངལ་བ་འཛེམས་མེད་ཀྱིས་ཕྱག་ལས་གནང་རྒྱུ་ཡིན་པར་གསུངས་སོང་།

ཨོ་སི་ཊི་ལི་ཡའི་གྲོས་ཚོགས་འོག་མའི་ཚོགས་གཞོན་ལྕམ་སྐུ་ Sharon Claydon མཆོག་གིས་སྣེ་ཁྲིད་གནང་སྟེ་ཡུལ་དེའི་གྲོས་ཚོགས་གོང་མའི་འཐུས་མི་ལྩམ་ Janet Elizabeth Rice ལགས་དང་ལྕམ་ Susan Templeman ལགས། དེ་བཞིན་ཨོ་སི་ཊི་ལི་ཡའི་གྲོས་ཚོགས་འོག་མའི་འཐུས་མི་ལྕམ་སྐུ་ Sophie Anna Scamps ལགས་བཅས་བཞི་ལས་གྲུབ་པའི་སྐུ་ཚབ་ཚོགས་ཆུང་དེ་ཉིད་ཁ་ཉིན་བཞུགས་སྒར་དུ་ཆེད་ཕེབས་ཀྱིས་ཁ་སང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དམིགས་བསལ་མཇལ་ཁ་ཞུས་ཏེ་ཉིན་གྲངས་བཞིའི་རིང་འཚམས་གཟིགས་གནང་བཞིན་ཡོད་པའི་ཁྲོད། ཁ་སང་སྐུ་ཚབ་ཚོགས་ཆུང་དེ་ཉིད་ཀྱིས་ཉིན་རྒྱབ་ཕྱག་ཚོད་ ༢།༣༠ ཡོལ་ཙམ་ལ་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་ལྷག་པ་ཚེ་རིང་དྲན་རྟེན་ཚོགས་ཁང་དུ་བོད་མིའི་བདེན་པའི་འཐབ་རྩོད་ལ་རྒྱབ་སྐྱོར་གྱི་གསར་འགོད་ལྷན་ཚོགས་སྐོང་ཚོགས་གནང་སྟེ་ཨོ་སི་ཊི་ལི་ཡའི་གྲོས་ཚོགས་འོག་མའི་གྲོས་ཚོགས་འཐུས་མི་ལྕམ་ Susan Templeman ལགས་ཀྱིས་ཁོང་རྣམས་ཡུལ་དེའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ངོ་བོའི་ཐོག་ནས་བཞུགས་སྒར་དུ་ཆེད་ཕེབས་ཀྱིས་༸གོང་ས་མཆོག་དང་མཇལ་འཕྲད་ཞུ་རྒྱུ་བྱུང་བར་ཧ་ཅང་དགའ་པོ་བྱུང་ཞེས་དང་། ང་ཚོའི་འཚམས་གཟིགས་འདིའི་ཐོག་ནས་བོད་མིའི་སྒྲིག་འཛུགས་གཙོས་བོད་དོན་དང་འབྲེལ་བའི་ཛ་དྲག་གི་གནད་དོན་ཁག་གི་ཐོག་གླེང་མོལ་གྱིས་གོ་རྟོགས་གཏིང་ཟབ་བྱུང་སྟེ་བོད་མིར་འཕྲད་བཞིན་པའི་ངལ་བ་ཁག་སེལ་བར་ཕྱག་རོགས་གང་གནང་དགོས་མིན་ལ་དགོངས་བཞེས་གནང་རྒྱུ་ཡིན་ཞེས་གསུངས་སོང་།

སྐབས་དེར་ཨོ་སི་ཊི་ལི་ཡའི་གྲོས་ཚོགས་གོང་མའི་འཐུས་མི་ལྕམ་སྐུ་ Janet Elizabeth Rice ལགས་ཀྱིས་ད་རེས་༸གོང་ས་མཆོག་དངོས་སུ་མཇལ་རྒྱུ་བྱུང་བ་དེས་ཁོང་ཚོར་རེ་བ་གསར་པ་ཞིག་བསྐྲུན་སོང་ཞེས་གསུངས་པ་དང་སྦྲགས། ཁོང་གིས་འདས་པའི་ལོ་མང་རིང་ནས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གཙོས་ཁོར་ཡུག་གནད་དོན་བཅས་ཀྱི་ཐོག་གྲོས་ཚོགས་ནང་གླེང་སློང་མང་དག་ཅིག་གནང་མྱོང་ཡོད་པ་དང་ཁོང་རྣམས་ནས་ཐེངས་འདིའི་འཚམས་གཟིགས་བརྒྱུད་རྒྱ་གཞུང་གིས་བོད་ནང་ཆེད་འཛུགས་བྱས་པའི་བཅའ་སྡོད་སློབ་གྲྭ་བརྒྱུད་བོད་རིགས་རྣམས་རྒྱ་རིགས་སུ་བསྒྱུར་ཐབས་དང་རྒྱལ་སྤྱིའི་ཁྲིམས་སྒྲིག་ཁག་ལ་བརྩི་མེད་རྡོག་རོལ་བཏང་དང་གཏོང་བཞིན་ཡོད་པ་སོགས་ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་དང་བོད་དོན་འཐབ་རྩོད་སྐོར་ཤེས་རྟོགས་གང་ཐུབ་གནང་སྟེ་ཕྱིར་རང་ཡུལ་དུ་ལོག་རྗེས་གྲོས་ཚོགས་འཐུས་མི་གཞན་ལ་དེ་དག་སྐོར་གོ་རྟོགས་སྤེལ་རྒྱུ་དང་། ལྷག་དོན་བོད་མིར་དྲང་བདེན་ཡོང་བར་མུ་མཐུད་ནས་ངལ་བ་འཛེམས་མེད་ཀྱིས་ཕྱག་ལས་གནང་རྒྱུ་ཡིན་པར་གསུངས་སོང་།

དེ་བཞིན་ཚོགས་ཆུང་ནང་ཡོད་པའི་ཨོ་སི་ཊི་ལི་ཡའི་གྲོས་ཚོགས་འོག་མའི་ཚོགས་གཙོ་གཞོན་པ་ལྕམ་ Sharon Claydon མཆོག་གིས་རྒྱ་གཞུང་གིས་དྲག་གནོན་ལ་ལྟོས་མེད་བོད་མི་རྣམས་ཀྱི་སྙིང་སྟོབས་དང་དཀའ་ངལ་གདོང་ལེན་གནང་ཐབས་ཀྱི་ཆོད་སེམས་ནི་གཞན་དང་མི་འདྲ་བའི་ཆེས་བསྔགས་བརྗོད་འོས་པ་ཞིག་དང་སྒོས་བཙན་བྱོལ་ནང་རྟེན་གཞི་བྱས་པའི་བོད་མིའི་སྒྲིག་འཛུགས་དེ་ཉིད་མང་གཙོ་ཡང་དག་པའི་ཐོག་རང་ཉིད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་རིག་དང་སྐད་ཡིག་བཅས་པ་ཉམས་པ་སོར་ཆུད་དང་མི་ཉམས་གོང་འཕེལ་སླད་འབད་བརྩོན་ཤུགས་ཆེར་གནང་བཞིན་པ་དེས་ཨོ་སི་ཊི་ལི་ཡའི་གཞུང་མང་གཉིས་གཙོས་འཛམ་གླིང་ནང་གི་མང་གཙོའི་རྒྱལ་ཁབ་ཀུན་ལ་དམིགས་དཔེ་བཟང་པོ་དང་རེ་བ་གསར་པ་ཞིག་བསྐྲུན་གྱི་ཡོད་པར་བསྔགས་བརྗོད་གནང་སོང་།

ཨོ་སི་ཊི་ལི་ཡའི་གྲོས་ཚོགས་འོག་མའི་འཐུས་མི་ལྕམ་ Sophie Anna Scamps ལགས་ཀྱིས་ཁོང་བཞུགས་སྒར་དུ་ཕེབས་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུས་པའི་བོད་མིའི་སྒྲིག་འཛུགས་ཀྱི་བསྟི་གནས་སུ་འཚམས་གཟིགས་གནང་རྒྱུ་བྱུང་བར་ཧ་ཅང་དགའ་ཚོར་ཆེན་པོ་བྱུང་ཞེས་དང་། ཁོང་ལྟར་བུར་མཚོན་ན་ཡུལ་དེའི་གྲོང་ཁྱེར་ Sydney ནང་གི་གྲོས་ཚོགས་འཐུས་མི་ཞིག་ཆགས་ཀྱི་ཡོད་པས་ཁུལ་དེར་གནས་སྡོད་བོད་མི་ཚོས་རང་ཉིད་ཀྱི་རིག་གཞུང་ལ་སྤོབས་པ་ཆེན་པོ་གནང་སྟེ་དེ་དག་སྲུང་སྐྱོང་གནང་བར་ཁུལ་དེའི་གྲོས་ཚོགས་འཐུས་མིའི་ངོས་ནས་རྒྱབ་སྐྱོར་གང་ཐུབ་ཞུས་དང་ཞུ་མུས་ཡིན་ཞེས་འགྲེལ་བརྗོད་གནང་བར་མ་ཟད། ཨོ་སི་ཊི་ལི་ཡ་དང་བོད་མིའི་སྒྲིག་འཛུགས་གཉིས་མང་གཙོ་ཚད་ལྡན་གྱི་སྒྲིག་འཛུགས་ཤིག་ཡིན་པའི་ཆ་ནས་ཕན་ཚུན་དབར་འགྲོ་བ་མིའི་ཐོབ་ཐང་གཙོས་གཞི་རྩའི་རང་དབང་དང་འབྲེལ་ནས་ཐུན་མོང་གི་འབྲེལ་བ་ཞིག་ཡོད་ཅེས་གསུངས་སོང་།

གཞི་རྩའི་ཨོ་སི་ཊོ་ལི་ཡའི་གྲོས་ཚོགས་འཐུས་མིའི་སྐུ་ཚབ་ཚོགས་ཆུང་ནས་ཁ་ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུས་པའི་བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་དང་ལྷན་དུ་མཇལ་འཕྲད་གནང་བ་དང་ཁ་སང་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་གཙོས་བོད་མིའི་གཞུང་འབྲེལ་མིན་པའི་ཚོགས་ཁག་གི་སྐུ་ཚབ། དེ་བཞིན་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་བཅས་སུ་འཚམས་གཟིགས་ཀྱིས་དེ་རིང་འགྲོ་ཕན་སྨན་རྩིས་ཁང་གཙོས་ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་སོགས་ལ་གཟིགས་སྐོར་གནང་སྟེ་སང་ཕྱི་ཚེས་ ༢༡ ཉིན་གྱི་སྔ་དྲོ་ཕྱིར་ཕེབས་ཀྱི་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།