Tibetan Royal Year of 2151 | Year of the Wood Dragon

དྲྭ་ལམ་ནས་༸གོང་ས་མཆོག་གི་བརྙན་མཇལ་བར་དགའ་ཚོར་གནང་རྐྱེན་བོད་པའི་དགེ་རྒན་ཞིག་འཛིན་བཟུང་།

Tibetan News Headlines

  • UK’s Ministry of Defence ‘hacked by China’
  • French lawmakers targeted by Chinese cyberattack demand sanctions, amid Xi visit
  • Bharat Tibbat Sahyog Manch celebrates concluding ceremony of its 25th anniversary
  • Tibet house Japan organizes Tibet festival at Tsukiji Hongwanji temple
  • Rights group protests world’s leading press freedom predators visit to France
  • Alalamo: ‘Gyaling Sey’, by Acho Namgyal

རེས་གཟའ་མིག་དམར། ༢༠༢༤།༠༥།༠༧

  • རྒྱ་གཞུང་གིས་ཨིན་ཡུལ་རྒྱལ་སྲུང་ལྷན་ཁང་ལ་སོ་ཉུལ་བྱས་པ་མངོན་གསལ།
  • ཕྷ་རན་སིའི་གྲོས་ཚོགས་འཐུས་མི་ཁག་གཅིག་གིས་རྒྱ་ནག་གི་དྲ་ལམ་གཏོར་རྒོལ་བ་རྣམས་ལ་སྲིད་དོན་ཉེས་ཆད་བཀལ་དགོས་པའི་འབོད་སྐུལ།
  • རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པ་དབུ་བརྙེས་ནས་ལོ་ ༢༥ འཁོར་བའི་དུས་དྲན་མཇུག་སྒྲིལ་གྱི་མཛད་སྒོ་འཚོགས་པ།
  • ཉི་འོང་ནང་བོད་ཀྱི་དུས་སྟོན་སྲུང་བརྩི།
  • གསར་འགོད་རང་དབང་ལ་དྲག་གནོན་བྱེད་མཁན་ཆེས་སྡུག་ཤོས་རྒྱལ་ཁབ་ཀྱི་འགོ་ཁྲིད་ France ནང་བསླེབས་པར་ངོ་རྒོལ་བྱས་འདུག
  • ཨ་ལ་ལ་མོ་དམིགས་བསལ་ལས་རིམ། སྟོད་གཞས་རྒྱ་གླིང་སྲས།

ཉེ་ལམ་ཕྱི་ཟླ་ ༤ ཚེས་ ༡༠ ཉིན་བོད་རྔ་བ་ཁུལ་གྱི་འབྲིང་རིམ་སློབ་གྲྭ་ཞིག་གི་ཞོགས་ཚོགས་སུ་དགེ་སློབ་ཚང་འཛོམས་སྐབས་བོད་དགེ་ཞིག་གིས་དེང་སྐབས་རྒྱ་ནག་གི་དྲྭ་ལམ་དུ༸གོང་ས་མཆོག་གི་བརྙན་པར་ཡང་ཡང་མཇལ་ཐུབ་རྒྱུ་བྱུང་བ་དེ་ནི་ཧ་ཅང་སྐལ་པ་བཟང་པོ་ཞིག་རེད་ཅེས་གསུངས་ཡོད་སྟབས་རྒྱ་གཞུང་གིས་ཁོང་འཛིན་བཟུང་བཙན་ཁྲིད་བྱས་ཏེ་ད་ལྟའི་ཆར་བཀག་ཉར་འོག་ཡོད་པ་རེད་འདུག

རྒྱ་ནག་གཞུང་གིས་རྣམ་ཀུན་ནས་བོད་ནང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུ་པར་ལ་བཀག་སྡོམ་ཆེས་ཆེར་བྱས་དང་བྱེད་བཞིན་ཡོད་པས་༸སྐུ་པར་སྒྲིག་གཤོམ་དང་ཉར་ཚགས་གནང་མཁན་བོད་མི་ཚོར་ཁྲིམས་ཆད་ལྕི་མོ་བཏང་བར་མ་ཟད་དྲྭ་ལམ་དུ་༸གོང་ས་མཆོག་དང་འབྲེལ་བའི་གནས་ཚུལ་བརྒྱུད་སྤེལ་རིགས་ལ་དོ་དམ་ནན་པོ་བྱེད་བཞིན་ཡོད་པ་རེད། འོན་ཏང་ཉེ་ལམ་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་༸གོང་ས་མཆོག་དང་འབྲེལ་བའི་བརྙན་པར་ཞིག་རྒྱ་ཁྱབ་ཏུ་སོང་སྟབས་མགོན་པོ་༸གང་ཉིད་མཆོག་ལ་མཚན་སྨད་སྐུར་འདེབས་ཞུ་མཁན་མང་དག་ཅིག་བྱུང་བའི་ཁྲོད་རྒྱ་ནག་གཞུང་གིས་དེ་འབྲེལ་གྱི་མཆན་པར་རིགས་རྒྱ་ནག་གི་སྤྱི་ཚོགས་དྲྭ་རྒྱར་ཤུགས་ཆེར་སྤེལ་བཞིན་པར་མ་ཟད། གནས་ཚུལ་ལོག་འགྲེལ་ཁྲོད་མགོན་པོ་༸གང་ཉིད་མཆོག་ལ་མཚན་སྨད་དུ་མ་ཞུ་བཞིན་ཡོད་པ་རེད།

བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་གནས་ཚུལ་སྤེལ་བར། རྔ་བ་ཁུལ་གྱི་འབྲིང་རིམ་སློབ་གྲྭ་ཞིག་ནས་འཛིན་བཟུང་བྱས་པའི་བོད་པའི་དགེ་རྒན་ཁོང་གིས་ཞོགས་ཚོགས་ཐོག་ད་ལྟ་རྒྱ་ནག་གི་དྲྭ་ལམ་ཁག་ཏུ་༸རྒྱལ་བ་རིན་པོ་ཆེ་དང་རྒྱ་གར་གྱི་བྱིས་པ་ཞིག་གི་བརྙན་ཐུང་སྤེལ་བཞིན་པ་དེ་སྐལ་པ་བཟང་པོ་རེད། ང་ཚོ་བོད་མི་ཚོར་ཁོང་དངོས་སུ་མཇལ་རྒྱུའི་སྐལ་པ་བཟང་པོ་མེད་ན་ཡང་། ལོག་ཕྱོགས་ནས་ཁོང་གི་བརྙན་མཇལ་རྒྱུ་ཡོད་པ་དེ་ནི་ང་ཚོའི་བསོད་ནམས་རེད། ༸རྒྱལ་བ་རེན་པོ་ཆེ་མགྱོགས་མྱུར་བོད་ལ་ཕེབས་ཐུབ་པའི་རྟགས་མཚན་ཡག་པོ་རེད། དགེ་སློབ་ཚང་མས་གསོལ་བ་སྨོན་ལམ་ཡག་པོ་ཐོབས་དང་། ཁོང་ལ་དངོས་སུ་མཇལ་བ་དང་གཅིག་པ་རེད། མ་གཞི་ཁོང་གི་བརྙན་ཐུང་དེ་ནི་ཁོང་ལ་མི་དགའ་མཁན་ཚོས་བསམ་བཞིན་དུ་བཟོས་པ་ཞིག་ཡིན་པ་ལས་ཁོང་ནི་སངས་རྒྱས་སྐྱོན་གྱིས་མ་གོས་པ་ཞིག་རེད་ཅེས་བཀོད་ཡོད་པ་རེད། 

རྩ་བའི་ཉེ་ལམ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་གྱི་བྱིས་པ་ཞིག་ལ་ཐུགས་བརྩེ་ཆེན་པོས་བྱམས་སྐྱོང་མཛད་ཕྱོགས་ཀྱི་བརྙན་ཐུང་ཞིག་གི་རྐྱེན་པས་བརྒྱུད་ལམ་ཁག་ཏུ་༸གོང་ས་མཆོག་ལ་མཚན་སྨད་སྐུར་འདེབས་ཞུ་མཁན་མང་དག་ཅིག་བྱུང་ཡོད་པ་དང་། གནད་དོན་དེར་དཔྱད་ཞིབ་པ་ཁག་གཅིག་གིས་འདི་ལོའི་ཕྱི་ཟླ་ ༢ ཚེས་ ༢༨ ཉིན་བཞུགས་སྒར་དུ་༸གོང་ས་མཆོག་གིས་རྒྱ་གར་གྱི་སློབ་མ་རྣམས་ལ་བཀའ་སློབ་སྩལ་བའི་མཛད་རིམ་དངོས་དེ་ཚོགས་པའི་རྗེས་སུ་རྒྱ་ནག་གི་བརྒྱུད་ལམ་ཁག་ལ་བརྙན་དེ་བརྒྱུད་སྐུལ་ཤུགས་ཆེར་བྱས་པར་མ་ཟད།  ཟླ་བ་འདིའི་ཚེས་ ༡ དང་ ༨ སོ་སོར་འཕྲུལ་སྒྲ་དང་ངོ་དེབ་གཉིས་ཀྱི་ཐོག་མིང་བྱང་རྫུན་བཟོ་བྱས་ནས་བརྙན་ཐུང་དེ་བརྒྱུད་སྤེལ་ཐོག་མར་བྱས་རྗེས་རིམ་པས་རྒྱ་གར་གྱི་བརྒྱུད་ལམ་ཁག་ཏུ་སྤེལ་བ་བྱུང་ཡོད་། དེའི་ཁྲོད་ཟླ་བ་འདིའི་ཚེས་ ༧ ཉིན་འཕྲུལ་སྒྲ་དྲ་ལམ་ཐོག་ནས་༸གོང་ས་མཆོག་གི་སྐོར་ལ་གཅོད་འབྲེལ་བྱས་པའི་བརྙན་ཐུང་སྤེལ་མཁན་ Yin Sun@NiSiv4 ཞེས་པས་འཕྲིན་ཐུང་ཞིག་འདོན་སྤེལ་བྱས་ཡོད་ཚུལ་འགྲེལ་བརྗོད་བྱས་ཡོད།

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཀྱང་རྒྱ་གར་གྱི་རྒྱལ་ས་ལྡི་ལི་ནང་གི་གསར་འགོད་པ་རྣམས་ལ་གནས་ཚུལ་དེ་བརྒྱུད་ལམ་ཁག་ཏུ་འུར་སྒྲོག་ཆེན་པོ་བཟོ་མཁན་དེ་རྒྱ་ནག་གཞུང་རང་ཡིན་པ་གསལ་པོ་རེད་ཅེས་གསུངས་ཡོད།

འབྲེལ་ཡོད་གསར་གནས།

གསར་གནས།