Tibetan Royal Year of 2151 | Year of the Wood Dragon

བླ་མ་བཟོད་པ་རིན་པོ་ཆེའི་ཡང་སྲིད་མྱུར་དུ་འབྱོན་པའི་ཐུགས་སྨོན་མཛད་ཀྱི་ཡོད།

Tibetan News Headlines

  • French president urged to put human rights, Tibet at heart of Xi Jinping talks
  • Tibetan media marks World Press Freedom Day with call for access to Tibet
  • Dalai Lama grants audience to devotees from Nepal’s Tsum and Nubri 
  • A Tibetan monks mission to help the blind see lights in a remote Himalayan village: Feature
  • Tibet to provide financial aid to Nepal’s northern border districts for five years

རེས་གཟའ་པ་སངས། ༢༠༢༤།༠༥།༠༣

  • ཧྥ་རན་སི་དང་རྒྱ་ནག་གི་སྲིད་འཛིན་གྲོས་མོལ་སྐབས་བོད་ཀྱི་གནད་དོན་གཙོ་གྲས་སུ་གླེང་དགོས་པའི་ནན་སྐུལ།
  • འཛམ་གླིང་གསར་འགོད་རང་དབང་གི་ཉིན་མོ་སྲུང་བརྩི།
  • ༸གོང་ས་མཆོག་གིས་བཙུམ་དང་ནུབ་རིའི་དད་ལྡན་པ་ཁག་གཅིག་ལ་མཇལ་ཁ་བསྩལ་བ།
  • བོད་རང་སྐྱོང་ལྗོངས་ཟེར་བས་ལོ་ལྔའི་རིང་བྱང་བལ་ཡུལ་ས་མཚམས་ཁུལ་དུ་དཔལ་འབྱོར་རོགས་རམ་སྤྲོད་འཆར།

བླ་མ་བཟོད་པ་རིན་པོ་ཆེའི་ཐེག་ཆེན་འཛིན་སྐྱོང་ཚོགས་པའི་སློབ་མ་ཁག་གཅིག་བཞུགས་སྒར་དྷརྨ་སཱ་ལཱའི་༸རྒྱལ་བའི་ཕོ་བྲང་དུ་ཆེད་བཅར་གྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཉེ་ལམ་བླ་མ་བཟོད་པ་རིན་པོ་ཆེ་མཆོག་བལ་ཡུལ་དུ་དགོངས་པ་ཆོས་དབྱིངས་སུ་ཐིམ་ཚུལ་བསྟན་པའི་ཡིད་སྐྱོའི་གནས་ཚུལ་སྙན་སེང་དང་ཡང་སྲིད་མཆོག་སྤྲུལ་མྱུར་འབྱོན་དང་འབྲེལ་བའི་ལམ་སྟོན་ཞུས་ཡོད་པ་དང་། སྐབས་དེར་༸གོང་ས་མཆོག་གིས་བླ་མ་བཟོད་པ་རིན་པོ་ཆེ་ནི་བློ་འཁེལ་བའི་ཆོས་གྲོགས་ཤིག་ཆགས་ཡོད་སྟབས། བླ་མ་བཟོད་པ་རིན་པོ་ཆེའི་ཡང་སྲིད་མཆོག་སྤྲུལ་མྱུར་དུ་འབྱོན་པའི་ཐུགས་སྨོན་མཛད་བཞིན་ཡོད་ཅེས་བཀའ་སྩལ་འདུག་པར་མ་ཟད། བཟོད་པ་རིན་པོ་ཆེ་སྐུ་འཚོ་ཞིང་གཞེས་སྐབས་ལྟར་ཉེར་མཁོའི་མཐུན་རྐྱེན་དང་རྒྱབ་སྐྱོར་ཅི་དགོས་མཛད་ངེས་ཡིན་པར་བཀའ་སྩལ་བཟང་པོ་སྨིན་སྩལ་མཛད་འདུག

དེའང་ཁ་སང་ཐེག་ཆེན་འཛིན་སྐྱོང་ཚོགས་པའི་དྲ་རྒྱར་བླ་མ་བཟོད་པ་རིན་པོ་ཆེའི་ཐེག་ཆེན་འཛིན་སྐྱོང་ཚོགས་པའི་སློབ་མ་ཁག་གཅིག་ཁ་སང་ཕྱི་ཚེས་ ༢ ཉིན་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་ཆེད་བཅར་གྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་མཇལ་ཁ་དང་བཀའ་སློབ་ལམ་སྟོན་ཞུས་པའི་བརྙན་པར་འདོན་སྤེལ་གནང་བར་མགོན་པོ་༸གང་ཉིད་མཆོག་གིས་བླ་མ་བཟོད་པ་རིན་པོ་ཆེ་ནི་བློ་འཁེལ་བའི་ཆོས་གྲོགས་ཤིག་དང་དངོས་གནས་དྲང་གནས་ཧུར་ཐག་འབད་ཐག་བྱས་ཡོད་ལ། བློ་ཐུབ་ཆོས་གྲོགས་ཤིག་ཆགས་ཡོད་སྟབས། མགོན་པོ་༸གང་ཉིད་མཆོག་ད་དུང་དགུང་གྲངས་ལོ་བཅུ་བཅོ་ལྔ་ལྷག་༸སྐུ་འཚོ་བཞུགས་མཛད་ཐུབ་པའི་རིང་ལ་བླ་མ་བཟོད་པ་རིན་པོ་ཆེའི་ཡང་སྲིད་ཅིག་མུ་མཐུད་མྱུར་འབྱོན་ཐུབ་པར་ཐུགས་སྨོན་མཛད་བཞིན་ཡོད་ཅེས་བཀའ་སྩལ་འདུག

༸གོང་ས་མཆོག་གིས་ད་དུང་མགོན་པོ་༸གང་ཉིད་མཆོག་བླ་མ་བཟོད་པ་རིན་པོ་ཆེའི་ཡང་སྲིད་ངོས་འཛིན་མཛད་རྒྱུའི་དུས་ལ་བབ་ཡོད་མེད་ཀྱི་ཕྱག་མོ་བསྐྱོན་རྒྱུ་དང་། ས་གནས་རྒྱ་གར་དང་བལ་ཡུལ། བོད། དེ་མིན་ཕྱི་རྒྱལ་གྱི་ཡུལ་ལུང་གང་དུ་ཕེབས་ཡོད་མེད་སོགས་དང་འབྲེལ་བའི་ཕྱག་མོ་ཞིབ་ནན་མཛད་རྒྱུ་ཡིན་ཞེས་དང་། བླ་མ་བཟོད་པ་ནི་ཞེ་དྲགས་ཡག་པོ་ཡིན། ཡང་སྲིད་འཁྲུལ་བྲལ་ཞིག་ཕེབས་ཏེ་བསྟན་པའི་བྱ་བ་མཛད་ཐུབ་པར་མགོན་པོ་༸གང་ཉིད་མཆོག་ལ་མཛད་འགན་ཡོད་ཅེས་བཀའ་སྩལ་འདུག

མགོན་པོ་༸གང་ཉིད་མཆོག་གིས་གཞན་ཡང་བླ་མ་བཟོད་པ་རིན་པོ་ཆེ་སྐུ་འཚོ་ཤིང་གཞེས་པའི་སྐབས་བསྟན་པའི་བྱ་བ་བསྒྲུབས་པ་དང་དགེ་འདུན་གྱི་སྡེ་སྐྱོང་བར་སེམས་འཁུར་ཆེན་པོ་གནང་ཡོད། ང་ཚོའི་ངོས་ནས་བླ་མ་སྐུ་འཚོ་ཤིང་གཞེས་པའི་སྐབས་ལྟར་རིན་པོ་ཆེའི་དགོངས་པ་བསྒྲུབ་དགོས་ཞེས་ལམ་སྟོན་མཛད་པར་མ་ཟད་༸གོང་ས་མཆོག་གིས་ཀྱང་བཟོད་པ་རིན་པོ་ཆེ་སྐུ་འཚོ་ཤིང་གཞེས་སྐབས་ཇི་ལྟར་མཛད་པ་བཞིན་ཉེར་མཁོའི་མཐུན་རྐྱེན་དང་རྒྱབ་སྐྱོར་ཅི་དགོས་མཛད་ངེས་ཡིན་པར་བཀའ་སྩལ་བཟང་པོ་སྨིན་སྩལ་མཛད་འདུག

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མཐར་མཇུག་ཏུ་བླ་མ་བཟོད་པ་རིན་པོ་ཆེའི་ཡང་སྲིད་ལ་ངོས་འཛིན་མཛད་ཟིན་པའི་རྗེས་སུ་སློབ་གཉེར་འཐུས་ཚང་ཕུལ་དགོས་གནད་ཡིན་པ་དང་། མགོན་པོ་༸གང་ཉིད་མཆོག་དགུལ་ལོ་བགྲེས་པོར་ཕེབས་ཀྱང་བླ་མ་བཟོད་པ་རིན་པོ་ཆེའི་ཡང་སྲིད་མཚོན་པའི་གཞོན་སྐྱེས་རྣམས་ཀྱི་མཛད་འགན་བཞེས་ངེས་ཡིན་པའི་བཀའ་སྩལ་འདུག

རྩ་བའི་ཕྱི་ཟླ་ ༤ ཚེས་ ༡༣ ཉིན་ྋསྐྱབས་རྗེ་བླ་མ་བཟོད་པ་རིན་པོ་ཆེ་མཆོག་བལ་ཡུལ་ཙུམ་གྲོང་གསེབ་རི་མགོར་བཞུགས་ཞག་མཛད་ཀྱང་ལ་དུག་གམ་ས་མཐོ་མི་འཕྲོད་པའི་དབང་གིས་༸སྐུ་གཟུགས་བདེ་མིན་གྱིས་ Karuna  སྨན་ཁང་དུ་སྨན་པ་གཙོ་གྲས་ཀྱིས་སྨན་བཅོས་ཇི་ལྟར་ཞུས་ཀྱང་ཕན་འབྲས་མ་སོན་པས་བལ་ཡུལ་ནང་གི་སྔ་དྲོ་ཆུ་ཚོད་ ༩༌༣༠ སྟེང་དགོངས་པ་གཞན་དོན་དུ་གཤེགས་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།