Tibetan Royal Year of 2151 | Year of the Wood Dragon

བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་འགན་འཛིན་ལྷན་ཚོགས་ཐེངས་ ༥༣ དབུ་འཛུགས།

Tibetan News Headlines

  • His Holiness the Dalai Lama confers Mahakala Blessing (Gonpo Jenang)
  • In depth: Taiwan’s new government policy on Tibet and China

རེས་གཟའ་སྤེན་པ། ༢༠༢༤།༠༥།༡༨

  • ༸གོང་ས་མཆོག་གིས་མགོན་པོའི་རྗེས་གནང་གི་ཆོས་འབྲེལ་བཀའ་དྲིན་སྩལ་བ།
  • ཐེ་ཝན་གཞུང་འཛིན་གསར་པས་བོད་དང་རྒྱ་ནག་ཐོག་འཛིན་པའི་སྲིད་བྱུས་སྐོར།

ལོ་ལྟར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དབུས་ས་གཉིས་ཀྱི་རྒྱུན་ལས་རྣམ་པ་ལྷན་འཛོམས་ཐོག་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་འདུ་ཚོགས་སྲོལ་ལྟར་འདི་ལོ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་འགན་འཛིན་ལྷན་ཚོགས་ཐེངས་ ༥༣ ལ་དྭགས་བསོད་ནམས་གླིང་བོད་མིའི་གཞིས་སྒར་གྱི་ཚོགས་ཁང་དུ་བསྐོང་ཚོགས་གནང་ཡོད་པ་རེད།

དེ་རིང་ཕྱི་ཚེས་ ༧ ཉིན་དབུ་འཛུགས་གནང་བའི་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་འགན་འཛིན་ལྷན་ཚོགས་ཐེངས་ ༥༣ པ་དེ་ཕྱི་ཚེས་ ༡༢ བར་ཚོགས་ཀྱི་ཡོད་པ་དང་། ལྷན་ཚོགས་ཐོག་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་རྒྱུན་ལས་རྣམ་པ་དང་རྒྱ་བལ་འབྲུག་གསུམ་གྱི་ཁྱབ་ཁོངས་ས་གནས་ཁག་ ༣༧ ནས་ཚོགས་བཅར་བ་ ༨༧ མཉམ་ཞུགས་གནང་འདུག

བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་འགན་འཛིན་ལྷན་ཚོགས་དང་འབྲེལ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྤྱི་ཁྱབ་ཚོགས་གཙོ་མགོན་པོ་དོན་གྲུབ་ལགས་སུ་བཅར་འདྲི་འགའ་ཞུས་པར་ལྷན་ཚོགས་སྐབས་སུ་རྐང་དབུས་ས་གཉིས་ཀྱི་འདས་ལོ་གཅིག་གི་ལས་དོན་དང་རྩིས་ཁྲར་བསྐྱར་ཞིབ་དང་། དེ་སྔའི་ལྷན་ཚོགས་ཐོག་གཏན་འབེབས་གནང་བའི་གྲོས་ཆོད་ཁག་ལ་བསྐྱར་ཞིབ། དེ་བཞིན་༸གོང་ས་མཆོག་གི་༸སྐུ་ཕྱཱ་དང་འབྲེལ་བའི་ཞབས་ཞུའི་ལས་དོན་ཇི་དགེ་ཞུ་ཐབས། བོད་རང་བཙན་འཐབ་རྩོད་དང་འབྲེལ་བའི་ལས་འགུལ་སྤེལ་ཕྱོགས་སོགས་གྲོས་གཞི་ཁག་གཅིག་གི་ཐོག་གྲོས་བསྡུར་གནང་གི་ཡོད་སྐོར་གསུངས་སོང་།

རྩ་བའི་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ལས་དོན་ཁྲོད་ལོ་རེ་རེ་ལ་འགན་འཛིན་ལྷན་ཚོགས་ཐེངས་རེ་རེ་དང་། ལོ་གསུམ་རེའི་མཚམས་སུ་ཚོགས་ཆེན་གཅིག་བཅས་ཚོགས་སྲོལ་ཡོད་པ་དང་། རིང་མིན་ཕྱི་ཟླ་ ༡༡ ནང་ཁེ་ན་ཌའི་གྲོང་ཁྱེར་ཊོ་རོན་ཊོར་བྱང་ཨ་རི་ཁུལ་གྱི་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་འགན་འཛིན་ལྷན་ཚོགས་འཚོགས་གཏན་ཁེལ་འདུག

འབྲེལ་ཡོད་གསར་གནས།

གསར་གནས།