Tibetan Royal Year of 2151 | Year of the Wood Dragon

རྒྱལ་སྤྱིའི་བོད་རིགས་ཆེད་ལས་པའི་འདུ་འཛོམས་ཐེངས་གཉིས་པ།

Tibetan News Headlines

  • Himachal Government schools to implement SEE learning
  • Dalai Lama grants an audience to Tibet supporters from Japan
  • Mass relocations of Tibetans not voluntary, villagers coerced by extreme pressure: HRW
  • Three-day Tibetan settlement cooperative’s conference begins in Dharamshala
  • Idea to Execution: Dalai Lama College hosts EntrepExpo

རེས་གཟའ་ལྷག་པ། ༢༠༢༤།༠༥།༢༢

  • ཧི་མཱ་ཅལ་མངའ་སྡེའི་ནང་ SEE ཤེས་ཡོན་ལག་བསྟར་དབུ་འཛུགས་གནང་རྒྱུའི་མཛད་སྒོ་ཞིག་འཚོགས་སོང་།
  • ༸གོང་ས་མཆོག་གིས་ཉི་འོང་སྐུ་ཚབ་ཁག་གཅིག་ལ་མཇལ་ཁ་བསྩལ་བ།
  • རྒྱ་གཞུང་གིས་ཚད་ལས་བརྒལ་བའི་གནོན་ཤུགས་འོག་བོད་མི་རྣམས་བཙན་གྱིས་གཞིས་སྤོས་བྱེད་བཞིན་པ་ར་སྤྲོད་གནང་འདུག
  • བོད་མིའི་མཉམ་འབྲེལ་བསྐྱར་ཞིབ་ཚོགས་ཆེན་ཐེངས་གཉིས་པ་དབུ་འཛུགས་གནང་བ།
  • ཏྰ་ལའི་བླ་མའི་མཐོ་རིམ་སློབ་གཉེར་ཁང་གིས་ཉིན་གྲངས་གཉིས་རིང་ཚོང་རིགས་ཁྲོམ་སྟོན་གནང་འདུག

ཕྱི་ལོ་ ༢༠༢༤ ཕྱི་ཟླ་ ༡ ཕྱི་ཚེས་ ༡༢ ནས་ ༡༤ བར་ཉིན་གྲངས་གསུམ་གྱི་རིང་རྒྱ་གར་ལྷོ་ཕྱོགས་སྦེང་ལོར་ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་དུ་ན་གཞོན་ནུས་སྤེལ་ལས་གཞི་ཚན་པའི་གོ་སྒྲིག་འོག་རྒྱ་གར་གྱི་རྒྱལ་ས་ཆེ་ཁག་ནང་ཆེད་ལས་འདྲ་མིན་ཐོག་ཕྱག་ལས་གནང་བཞིན་པའི་བོད་རིགས་ཆེད་ལས་པའི་འདུ་འཛོམས་ཤིག་བསྐོང་ཚོགས་གནང་ཡོད། 

བོད་རིགས་ཆེད་ལས་པའི་འདུ་འཛོམས་ཐེངས་གཉིས་པའི་དབུ་འབྱེད་མཛད་སྒོར་སྐུ་མགྲོན་གཙོ་བོར་བཀའ་ཟུར་བསྟན་པ་ཚེ་རིང་མཆོག་དང་ན་གཞོན་ནུས་སྤེལ་ལས་གཞི་ཚོགས་པ་ཐོག་མར་གསར་འཛུགས་གནང་མཁན་བོད་མི་མང་སྤྱི་འཐུས་དབུ་དཀར་ཚང་གཡུ་སྒྲོན་ལགས། དེ་བཞིན་ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་གི་དབུ་འཛིན་དང་བོད་རིགས་ཆེད་ལས་པ་ ༤༥ ཙམ་ལྷན་ཞུགས་གནང་འདུག

སྐབས་དེར་བཀའ་ཟུར་བསྟན་པ་ཚེ་རིང་མཆོག་དང་སྤྱི་འཐུས་དབུ་དཀར་ཚང་དབུ་སྒྲོན་ལགས་རྣམ་གཉིས་ཀྱིས་ས་གནས་དང་སྤྱི་ཚོགས་གང་འདྲ་ཞིག་གི་ནང་ཕྱག་ལས་གནང་ཡང་བོད་ཀྱི་གནས་སྟངས་དང་ང་ཚོའི་སྤྱི་ཚོགས་ཞེས་པའི་བསམ་བློ་དེ་སླེབས་དགོས་གལ་ཡིན་པའི་སྐོར་གསུངས་ཡོད་པ་རེད། 

རྩ་བའི་རྒྱལ་སྤྱིའི་བོད་རིགས་ཆེད་ལས་པའི་འདུ་འཛོམས་འདི་ནི་སྤྱི་ཚོགས་འདྲ་མིན་ནང་ཕྱག་ལས་གནང་བཞིན་པའི་བོད་རིགས་ཆེད་ལས་པ་ཕན་ཚུན་དབར་འབྲེལ་བ་ཚུགས་ཐབས་དང་། ཆེད་ལས་པ་དང་གཞོན་སྐྱེས་ཀྱི་ནུས་སྟོབས་གོང་འཕེལ་གཏོང་ཐབས། སྤྱི་ཚོགས་ལ་ཕན་པའི་ཐུན་མོང་གི་ལས་དོན་སྒྲུབ་ཐབས་སོགས་ཀྱི་ཐོག་གྲོས་བསྡུར་སྦྱངས་བཤད་གནང་རྒྱུ་སོགས་ལ་དམིགས་པ་ཞིག་ཡིན་འདུག་པ་དང་། ད་རེས་འདུ་འཛོམས་ཐོག་བཅར་བའི་ཚོགས་བཅར་རྣམས་ནས་རང་ཁ་རང་སོའི་བསམ་བློ་གཞི་རྩར་བཟུང་སྟེ་ཚོགས་དུས་ཀྱི་འགྲོ་གྲོན་ཁག་སོ་སོ་རང་ཉིད་ནས་བཏང་ཀྱི་ཡོད།

འབྲེལ་ཡོད་གསར་གནས།

གསར་གནས།