Tibetan Royal Year of 2151 | Year of the Wood Dragon

ཐའེ་ཝན་སྐུ་ཚབ་དོན་གཅོད་ནས་ཐའེ་ཝན་ནང་སྲིད་བློན་ཆེན་དང་ལྷན་དུ་མཇལ་འཕྲད་གནང་བ།

Tibetan News Headlines

  • More than 1700 Tibetan monks in Ngaba forced to attend boarding school
  • Uzra Zeya, Pema Khandu join well-wishers in wishing the Dalai Lama a speedy recovery
  • Dharamshala hosts Tibetan youth convention to foster Tibetan democracy
  • Uttarakhand CM visits Dhondupling Clement town to hear Modi’s ‘Mann Ki Baat’
  • China’s Panchen visits Jokhang Temple in ‘Chinese city of Lhasa’
  • Potala XI Odisha wins first-Ever APFA gold cup tournament

རེས་གཟའ་ཟླ་བ། ༢༠༢༤།༠༧།༠༡

  • རྔ་བ་ཁུལ་གྱི་གྲྭ་ཕྲུག་ ༡༧༠༠ ལྷག་བཙན་དབང་གི་སློབ་འཇུག་བྱས་པ་སོགས་ཀྱི་བོད་མིའི་ཐོག་ཕྱོགས་གང་ས་ནས་དམ་བསྒྲགས་ཤུགས་ཆེ་བྱེད་བཞིན་པ།
  • ༸གོང་ས་མཆོག་གི་ཞབས་པུས་བརྗེ་འགྱུར་གྱི་གཤག་བཅོས་ལེགས་གྲུབ་བྱུང་བ།
  • བོད་རིགས་ན་གཞོན་འདུ་འཛོམས་ཐེངས་དང་པོ་དབུ་འཛུགས།
  • ཨུ་ཏྟར་ཁན་ཌི་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་དོན་གྲུབ་གླིང་བོད་མིའི་གཞིས་ཆགས་སུ་ཆེད་ཕེབས་གནང་བ།
  • རྒྱ་དམར་གྱི་པཎ་ཆེན་རྒྱལ་མཚན་ནུར་བུ་ལྷ་སའི་ཇོ་ཁང་དུ་གནས་གཟིགས།
  • ཨོ་རི་ས་གཞིས་ཆགས་ལ་ཨ་ཕ་གསེར་གྱི་ཕོར་པའི་རྐང་སྤོལ་རྩེད་འགྲན་གྱི་མཐའ་མའི་རྒྱལ་ཁ་ཐོབ་པ།

ཟླ་འདིའི་ཕྱི་ཚེས་ ༡༨ ཉིན་ཐའེ་ཝན་སྐུ་ཚབ་དོན་གཅོད་སྤྱི་ཟུར་སྐལ་བཟང་རྒྱལ་མཚན་ལགས་ནས་ཐའེ་ཝན་ནང་སྲིད་ལས་ཁུངས་ཀྱི་བློན་ཆེན་གཞོན་པ་ Sawyer Mars ལགས་དང་། ལས་ཁུངས་དེའི་ཕྱི་མི་ཞིབ་བཤེར་ལས་ཁུངས་ཀྱི་འགན་འཛིན་ Lee His-Zen གཉིས་དང་ལྷན་དུ་ཐུག་འཕྲད་གནང་འདུག

Representative met with Taiwan Deputy Home Minister

དེ་ཡང་བོད་མིའི་སྒྲིག་འཛུགས་ཀྱི་དྲ་གནས་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། མཇལ་འཕྲད་སྐབས་སུ་སྐུ་ཚབ་དོན་གཅོད་སྐལ་བཟང་རྒྱལ་མཚན་ལགས་ནས་ཐའེ་ཝན་ནང་བོད་མི་རྣམས་ལ་གནས་སྡོད་ཆོག་མཆན་ཐོབ་དཀའ་བའི་སྐོར་དང་། ཐའེ་ཝན་ཤེས་རིག་ལས་ཁུངས་ཀྱིས་རྒྱལ་ཁབ་ཀྱི་ཐོབ་ཐང་མེད་པའི་ཕྱི་རྒྱལ་སློབ་མ་ཚོར་འགྲུལ་བཞུད་ཀྱི་མཐོང་མཆན་སྤྲོད་རྒྱུར་བཀག་སྡོམ་བྱས་པའི་རྐྱེན་གྱིས་བོད་རིགས་སློབ་མ་རྣམས་ལ་དཀའ་ངལ་འཕྲད་བཞིན་ཡོད་སྐོར་སོགས་དང་འབྲེལ་ནས་བཀའ་མོལ་གནང་ཡོད་པ་རེད་འདུག

བློན་ཆེན་གཞོན་པ་ Sawyer Mars ལགས་ཀྱིས་གནད་དོན་དེ་དག་ངོས་ལེན་གནང་སྟེ། ཐའེ་ཝན་ནང་སྲིད་བློན་ཆེན་ Liu Shyh-Fang ནས་ལས་བྱེད་ཚོར་གནས་སྡོད་བོད་མིའི་དཀའ་ངལ་དེ་དག་ལ་གདོང་ལེན་བྱ་དགོས་པའི་བཀའ་ཁྱབ་བཏང་ཟིན་ཡོད་པ་གསུངས་འདུག

ཚོགས་འདུ་དེའི་རྗེས་སུ་ཐའེ་ཝན་ཕྱི་མི་ཞིབ་བཤེར་ལས་ཁུངས་ཀྱིས་ལམ་སེང་སྐུ་ཚབ་དོན་གཅོད་ལས་ཁུངས་ལ་ཐའེ་ཝན་གཞུང་གིས་བོད་མིའི་སློབ་ཕྲུག་ཚོར་སློབ་གཉེར་གྱི་མཐོང་མཆན་སྔོན་ཚུད་ནས་ཐོབ་ཆོག་པ་དང་། ཐའེ་ཝན་བོད་མི་གནས་སྡོད་པ་ཚོར་སྡོད་གནས་ཆོག་མཆན་མ་རྫོགས་གོང་དུ་ཕར་འགྱངས་ཆོག་པའི་བཀའ་འཁྲོལ་སྤྲད་ཟིན་པའི་བརྡ་ལན་གནང་ཡོད་པ་རེད་འདུག

དེའི་སྐོར་ཐའེ་ཝན་སྐུ་ཚབ་དོན་གཅོད་སྤྱི་ཟུར་སྐལ་བཟང་རྒྱལ་མཚན་ལགས་སུ་བཀའ་འདྲི་ཞུས་པར་ཁོང་གིས་ད་ལྟའི་ཐའེ་ཝན་ནང་སྲིད་བློན་ཆེན་གཞོན་པ་དང་མཇལ་འཕྲད་དེས་བོད་མིའི་སློབ་ཕྲུག་དང་ཆོས་ཚོགས་ཁག་གི་དགེ་འདུན་པ་ཚོར་མཐོང་མཆན་གྱི་དུས་ཡུན་ཕར་འགྱངས་ཐུབ་ཡོད་པ་དང་འབྲེལ་ནས་དཀའ་ངལ་ཁག་གཅིག་སེལ་ཡོད་པར་གྲུབ་འབྲས་གང་ལ་གང་ཙམ་བཟང་པོ་ཐོན་ཡོད་པ་སོགས་གསུངས་སོང་།

འབྲེལ་ཡོད་གསར་གནས།

གསར་གནས།