འཕགས་བོད་ས་མཚམས་དམག་སྡེའི་སྤྱི་ཁང་གསར་པ་དབུ་འབྱེད་དང་། གླེ་ཡི་དགོན་པ་གྲོང་སྡེའི་སྟོན་པའི་སྐུ་བརྙན་ཆེན་མོར་རབ་གནས།

Tibetan News Headlines

  • Kelsang Tharchin Reaches Dharamshala After Long Walk to Raise Awareness of Tibetan Language Preservation
  • China Launches New Reception Centre for Overseas Tibetans in Qinghai
  • NYNJ RTYC Stages 26th ‘10th Day’ Protest Outside Chinese Embassy
  • CTA Says China’s ‘Tell China’s Story Well’ Campaign Has Become ‘Tell China’s Lies Well’
  • UK Lawmakers Raise Concerns over Chinese Espionage Targeting Parliament
  • Nepal seeks stronger global action to address climate change impact on Himalayas at COP31
  • India Hits Back at Chinese Vloggers Over Alleged Anti-India Disinformation Campaign in Dhaka

ཪེས་གཟའ་ལྷག་པ། ༢༠༢༦།༡༡།༡༡

  • ཀ་ཁ་ག་ང་རྣམ་པར་རྒྱལ་གྱུར་ཅིག་ཅེས་པའི་ལ་དགས་ནས་རྡ་རམ་ས་ལ་བར་གྱི་གོམ་བགྲོད་ལས་འགུལ་མཇུག་སྒྲིལ།
  • ཟི་ལིང་གྲོང་ཁྱེར་དུ་མཚོ་སྔོན་ཞིང་ཆེན་རྒྱལ་ཕྱིའི་བོད་རིགས་སྤུན་ཟླའི་སྣེ་ལེན་ས་ཚིགས་ཟེར་བ་ཞིག་སྒོ་འབྱེད་བྱས་འདུག
  • ནིའུ་ཡོག་རྒྱ་ནག་གཞུང་ཚབ་མདུན་དུ་ཚེས་བཅུའི་ལས་འགུལ་སྤེལ་འདུག
  • རྒྱ་ནག་གི་ལོ་རྒྱུས་ཡག་པོ་ཤོད་དགོས་ཞེས་པ་དེ། དོན་དངོས་སུ་རྒྱ་ནག་གི་རྫུན་གཏམ་ཡག་པོ་བཤད་དགོས་པའི་གོ་དོན་ཡིན་པ་ཐེར་འདོན།
  • རྒྱ་ནག་གི་གསང་མྱུལ་གྱི་བྱ་སྤྱོད་ཐད་དབྱིན་ཡུལ་གྲོས་ཚོགས་འཐུས་མི་རྣམས་ནས་སེམས་འཚབ་ཀྱི་རྣམ་པ་མངོན་གསལ།
  • ཧི་མ་ལ་ཡའི་རི་རྒྱུད་ཀྱི་གནམ་གཤིས་འགྱུར་ལྡོག་གི་གནད་དོན་ལ་འགན་འཁུར་དགོས་གལ་ཡིན་པ་གསུངས་འདུག
  • རྒྱ་མི་བརྙན་ཐུང་བཟོ་མཁན་ཁག་ཅིག་གིས་རྒྱ་གར་ལ་དམའ་འབེབས་བཏང་བར་རྒྱ་གར་གཞུང་གིས་སྐྱོན་བརྗོད་ལན་འདེབས།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཁ་སང་ཕྱི་ཟླ་ ༨ ཚེས་ ༡༦ ཉིན་ལ་དྭགས་བཞི་བའི་ཚལ་༸རྒྱལ་བའི་ཕོ་བྲང་ནས་སྤྱི་ལེ་ ༧ ཙམ་གྱི་རྒྱང་ཐག་དུ་ཆགས་པའི་ལ་དྭགས་གླེ་རྒྱལ་སར་བོད་དང་རྒྱ་གར་གྱི་ས་མཚམས་ཀྱི་དམག་སྡེ་ ITBP ཡི་སྤྱི་ཁང་གསར་པའི་རྩིག་དམངས་དབུ་འབྱེད་བྱིན་རླབས་བཀའ་དྲིན་མཛད་པ་དང་། དེའི་རྗེས་སུ་གླེ་དགོན་པ་གྲོང་སྡེའི་སྟོན་པའི་སྐུ་བརྙན་ཆེན་མོར་རབ་གནས་མཛད་སོང་།

སྐུ་པར། དགའ་ལྡན་ཕོ་བྲང་།

དེ་ཡང་དགོན་པ་གྲོང་སྡེའི་དབུ་སྐྱོང་གཙོས་བའི་དད་ལྡན་མང་ཚོགས་སྟོང་ཚོ་བརྒལ་བ་ནས་༸གོང་ས་མཆོག་ལ་ཕེབས་བསུ་སྣེ་ལེན་ཟབ་རྒྱས་ཞུས་སོང་བ་དང་། འདི་ག་གསར་འགོད་པས་གླེ་དགོན་པའི་ Nezer ནེ་ཛར་ཚོགས་པའི་འཛིན་སྐྱོང་ཀྱི་ཚོགས་མི་ཚེ་རིང་རྡོ་རྗེ་ལགས་སུ་བཀའ་འདྲི་ཞུས་པར། ལ་དྭགས་དགོན་པ་གྲོང་སྡེའི་འཛིན་སྐྱོང་ལྷན་རྒྱས་དང་ལ་དྭགས་ཡོངས་ཀྱི་དད་ལྡན་སྦྱིན་བདག་གི་བཀའ་དྲིན་ལས་སངས་རྒྱས་ཀྱི་སྐུ་བརྙན་ཕུ་ཀྲི་༨༧ ཡོད་པ་དེ་ཕྱི་ལོ་ ༢༠༡༨ ནས་བཞེངས་རྒྱུ་འགོ་འཛུགས་བྱས་པ་དང་། ཕྱི་ལོ་ ༢༠༡༩ ལོར་འཛམ་གླིང་སྤྱི་ལ་ནད་ཡམས་ཀྱི་དཀའ་ངལ་བྱུང་བའི་རྐྱེན་གྱིས་ལོ་གཉིས་ཙམ་གྱི་རིང་ལས་དོན་སྐྱོང་མ་ཐུབ་པར། ཕྱི་ལོ་ ༢༠༢༤ ལོར་སངས་རྒྱས་ཀྱི་སྐུ་བརྙན་བཞེངས་བསྒྲུབ་ཟིན་ཡོད་སྐོར་གསུངས་སོང་། ད་རིང་འདིར་༸སྐུ་མདུན་ཡིད་བཞིན་ནོར་བུ་དངོས་སུ་ཞབས་སོར་འཁོད་པ་དང་། གཞན་ཡང་ཕྱོགས་བཞི་བླ་མ་གཙོས་པའི་ཟངས་དཀར་དགོན་པ། དཔེ་ཐུབ་དགོན་པ། ཏོག་དགོན་པ། ས་ཕུད་དགོན་པ་བཅས་ཀྱི་ཕྱོགས་བཞིའི་དགེ་འདུན་རྣམས་ཕེབས་བཞུགས་ཀྱིས་༸སྐུ་མདུན་ཡིད་བཞིན་ནོར་བུས་རབ་གནས་རྒྱས་པར་མཛད་པ་ནི་སྐལ་པ་བཟང་པོ་བྱུང་ཞེས་འགྲེལ་བརྗོད་གནང་སོང་།

སྐུ་པར། དགའ་ལྡན་ཕོ་བྲང་།

གཞི་རྩའི་༸གོང་ས་མཆོག་འདི་ལོའི་ཕྱི་ཟླ་ ༦ ཚེས་ ༢༨ ནས་ལ་དྭགས་བཞི་བའི་ཚལ་དུ་སྐུ་ལྷོད་བཞུགས་མཛད་མུས་ཡིན་པ་དང་། མཛད་འཆར་ལྟར་ན་ཕྱི་ཟླ་ ༧ ཚེས་ ༢༣ ཉིན་ལ་དྭགས་མང་སྤྲོ་དབྱར་ཆོས་ཆེན་མོར་ཆིབས་བསྒྱུར་མཛད་རྒྱུ་ཡིན་པ་དང་། ཟླ་བ་འདིའི་ཚེས་ ༣༠ ཉིན་ལ་དྭགས་ནང་ཚོགས་དང་དགོན་ཚོགས་ཀྱི་སྣེ་ཁྲིད་འོག་དད་ལྡན་མི་མང་ཡོངས་ནས་ཞི་བའི་ཚལ་༸རྒྱལ་བའི་ཕོ་བྲང་དུ་༸གོང་ས་མཆོག་ལ་བརྟན་བཞུགས་ལྟར་འབུལ་ཞུ་རྒྱུ་ཡིན་པ་རེད་འདུག

སྐུ་པར། དགའ་ལྡན་ཕོ་བྲང་།
སྐུ་པར། དགའ་ལྡན་ཕོ་བྲང་།

འབྲེལ་ཡོད་གསར་གནས།

གསར་གནས།