Tibetan Royal Year of 2151 | Year of the Wood Dragon

༸གོང་ས་མཆོག་དབུ་བཞུགས་ཐོག་སེ་ར་ཐེག་ཆེན་གླིང་དུ་སེམས་དང་སྲོག་གི་ཚོགས་འདུ་ཐེངས་ ༣༠ དབུ་འཛུགས་གནང་པ།

Tibetan News Headlines

  • US religious freedom watchdog warns of sinicization and assimilation of Tibetan religious and cultural identities
  • US sanctions 31 China-based companies over Russia
  • Xi Jinping to meet French President Macron and EU Chief in Paris next week
  • CTA begins house allocation programmes for Tibetans not facilitated in the refugee settlements
  • Dharamshala hosts conference on promotion and preservation of Tibetan language

རེས་གཟའ་ཕུར་བུ། ༢༠༢༤།༠༥།༠༢

  • རྒྱ་གཞུང་གིས་བོད་བརྒྱུད་ནང་བསྟན་ལ་དམ་དྲག་བྱེད་ཤུགས་ཆེ་རུ་བཏང་ཡོད་པ་མངོན་གསལ་གནང་འདུག
  • ཨ་རིའི་གཞུང་གིས་རྒྱ་ནག་གི་བཟོ་ཚོང་ལས་ཁང་ ༣༡ ལ་སྲིད་དོན་ཉེས་ཆད་བཀལ་བ།
  • ཞི་ཅིང་ཕིང་གིས་ཕ་རན་སིའི་སྲིད་འཛིན་དང་ཡོ་རོབ་མཐུན་ཚོགས་ཀྱི་གཙོ་འཛིན་ཐུག་འཕྲད་བྱ་འཆར།
  • བོད་མི་སྡོད་ཁང་མེད་པ་རྣམས་ལ་རུབ་སྡོད་གཞིས་སྒར་ནང་སྡོད་ཁང་བགོས་འགྲེམས་ཀྱི་ལས་གཞི་དངོས་སུ་དབུ་འཛུགས།
  • བོད་ཀྱི་སྐད་ཡིག་སྲུང་སྐྱོབ་དང་དར་འཕེལ་སྐོར་བགྲོ་གླེང་དབུ་འཛུགས།

དེ་རིང་ཕྱི་ཟླ་ ༡༢ ཕྱི་ཚེས་ ༡༤ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཀྱིས་བྱེས་ཀྱི་གདན་ས་སེ་ར་ཐེག་ཆེན་གླིང་དུ་ཕྱི་ནང་མཁས་དབང་ ༢༤ ལྷན་ཞུགས་ཀྱིས་སེམས་དང་སྲོག་གི་ཚོགས་འདུ་ཐེངས་ ༣༠ དབུ་འཛུགས་གནང་ཡོད་པ་རེད།  _MG_2991  སྐབས་དེར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་༸གང་ཉིད་མཆོག་༸སྐུ་ན་ཕྲ་བའི་དུས་ནས་ཚན་རིག་ལ་དོ་སྣང་ཡོད་པ་ཙམ་དུ་མ་ཟད། ལྷག་དོན་བཙན་བྱོལ་དུ་ཞབས་སོར་འཁོད་རྗེས་དེང་དུས་ཚན་རིག་པ་དང་མཇལ་འཕྲད་ཀྱིས་རིམ་བཞིན་ནང་པའི་ཚན་རིག་དང་དེང་དུས་ཚན་རིག་དབར་སེམས་དང་སྲོག་གི་ཚན་རིག་ཐོག་བགྲོ་གླེང་གནང་ནས་དུས་ལྟ་བར་བྱུང་རིམ་ཁག་ཞིབ་རྒྱས་ངོ་སྤྲོད་མཛད་པ་དང་སྦྲགས།    སངས་རྒྱས་པའི་ཆོས་པ་སྤྱི་དང་སྒོས་སུ་དཔལ་ན་ལེནྡྲའིི་ཆོས་རྒྱུད་འཛིན་མཁན་ཚོར་དེང་དུས་ཚན་རིག་གི་རིག་གསར་ཁག་ལ་ཞིབ་འཇུག་གིས་ཕན་ཐོགས་ཡོད་པ་ཙམ་དུ་མ་ཟད། དེ་མཚུངས་སུ་དེང་དུས་ཀྱི་ཚན་རིག་པར་ནང་པའི་གཞུང་ནས་གསུང་པའི་མྱོང་ཚོར་དང་འབྲེལ་བའི་སེམས་དོན་རིག་པའི་སྐོར་ནས་ཕར་ཕན་ཐོགས་ཡོད་སྟབས།  དེང་ཆར་རིམབཞིན་གདན་ས་ཁག་གི་ནང་ལ་ཚན་རིག་སློབ་སྦྱོང་གི་ལམ་སྲོལ་བཙུགས་ཏེ་གྲུབ་འབྲས་མི་དམན་པ་བྱུང་ཡོད་པའི་བཀའ་བརྩལ་གནང་ཡོད་པ་རེད།

ད་དུང་མགོན་པོ་མཆོག་གིས་ཚག་གི་བགྲོ་གླེང་དེ་ལྟར་ཚོགས་པའི་དགོས་དམིགས་གཙོ_MG_2969་བོ་ནི་ཆོས་དད་ཡོད་མིན་ལ་མ་ལྟོས་པར་འགྲོ་བ་མིའི་རིགས་ལ་བདེ་སྐྱིད་བསྐྲུན་ཐབས་ཆེད་དུ་ཡིན་པའི་བཀའ་གནང་པ་མ་ཟད།  ད་ལྟ་ཚོགས་བཞིན་པའི་བགྲོ་གླེང་འདི་ནི་ཚན་རིག་དང་ནང་ཆོས་གཅིག་པོ་མིན་པར་དེང་དུས་དངོས་ཁམས་ཚན་རིག་དང་། ནང་པའི་སེམས་དོན་ཚན་རིག་བར་གྱི་བགྲོ་གླེང་ཞིག་ཡིན་སྐོར་བཀའ་སློབ་ཕེབས་འདུག   མགོན་པོ་༸གང་ཉིད་མཆོག་གིས་ད་ལན་གྱི་བགྲོ་གླེང་གི་ལས་དོན་འདིའི་ནང་མཉམ་ཞུགས་དང་འབད་བརྩོན་ཤུགས་ཆེ་གནང་མཁན་ཕྱི་རྒྱལ་གྱི་མཁས་པ་ཁ་ཤས་གཟུགས་གཞིའི་གནས་བབ་ཀྱི་རྐྱེན་པས་མཉམ་ཞུགས་གནང་ཐུབ་མེད་ཀྱང་། ཁོང་རྣམ་པས་བགྲོ་གླེང་ཐོག་ལྷན་ཞུགས་གནང་རྒྱུར་འབད་བརྩོན་གནང་པར་ཡི་རང་བསྔགས་བརྗོད་མཛད་པ་དང་སྦྲགས།  མ་འོངས་པར་བགྲོ་གླེང་ཐེངས་ ༣༤  དང་ ༣༥ སྐབ_MG_2989ས་ད་ལྟ་ཚོགས་ཞུགས་ཡོད་པ་ཁ་ཤས་མེད་པ་འགྱུར་སྲིད་པ་ཡིན་ཡང་།  འཛམ་གླིང་འདིའི་ནང་རྣམ་དཔྱོད་ཅན་གྱི་མི་ཡོད་པ་དེ་སྲིད་དུ་ང་ཚོའི་ལས་དོན་དེ་དུས་རབས་རྗེས་མ་རྣམས་ཀྱི་སྐབས་སུའང་མུ་མཐུད་རྒྱུན་སྐྱོང་བྱ་དགོས་ངེས་ཡིན་པར་བཀའ་བསྩལ་མཛད་ཡོད་པ་རེད།   རྩ་བའི་ད་ལན་གྱི་བགྲོ་གླེང་འདི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་གཙོས་པའི་ཕྱི་ནང་གི་མཁས་པ་ ༢༤  ཆེད་ཕེབས་ཀྱིས་ལྷན་ཞུགས་གནང་པ་དང་།  དེ་ཡང་ཟླ་བ་འདིའི་ཕྱི་ཚེས་ ༡༤  ནས་ ༡༧ བར་བཅས་ཉིན་བཞིའི་རིང་བགྲོ་གླེང་ཚོགས་གནང་གི་ཡོད་པ་རེད།

 

 

འབྲེལ་ཡོད་གསར་གནས།

གསར་གནས།