Tibetan Royal Year of 2151 | Year of the Wood Dragon

སྤྱི་འཐུས་ཚོགས་གཙོ་མཆོག་གིས་ཨ་རིའི་གྲོས་ཚོགས་འཐུས་མི་གཉིས་ནས་བོད་དོན་གླེང་བར་ཐུགས་རྗེ་ཆེ་ཞུའི་འཚམས་འདྲི་གནང་པ།

Tibetan News Headlines

  • བོད་ཀྱི་བེུད་། བལ་ཡུལ་ལྷ་མོ་ཚོགས་པའི་ཚོགས་མི་དང་གློག་བརྙན་འཁྲབ་སྟོན་པ་འཕྲིན་ལས་ལྷ་མོ་ལགས་དང་ལྷན་ཁོང་གི་སྒྱུ་སྩལ་གྱི་ལམ་བུའི་སྐོར་གླེང་མོལ།

རེས་གཟའ་ཉི་མ། ༢༠༢༤།༠༥།༠༥

  • Women of Tibet: In conversation with Thinley Lhamo, member of Nepal Tibetan opera and star in Nepalese film ‘Shambala’

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ཨ་རིའི་གྲོས་ཚོགས་འཐུས་མི་གཉིས་ནས་བོད་དོན་གླེང་སློང་ཤུགས་ཆེ་གནང་པར་ཐུགས་རྗེ་ཆེ་ཞུས་པ་དང་འབྲེལ། འབྱུང་འགྱུར་བོད་དོན་ལ་མུ་མཐུད་རྒྱབ་སྐྱོར་གནང་སྐྱོང་ཡོང་བའི་འབོད་སྐུལ་ཞུས་འདུག
བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་ཉེ་ཆར་ཨ་མི་རི་ཀའི་གྲོས་ཚོགས་ནང་དུ་ཡུལ་དེའི་མང་གཙོ་ཚོགས་པའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ Jim Mc Govern ལགས་དང་ཨ་རིའི་སྤྱི་མཐུན་ཚོགས་པའི་ལྕམ་སྐུ་ Ileana Ros- Lehtinen ལགས་རྣམ་གཉིས་ཀྱིས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུ་པར་མདུན་དུ་བཤམས་ཏེ་ཨ་རི་གཞུང་ནས་བོད་མིའི་མངོན་འདོད་དང་མི་རིགས་ངོ་བོ་སྲུང་སྐྱོབ་སླད་སྔར་ལྷག་རྒྱབ་སྐྱོར་ཤུགས་ཆེ་གནང་དགོས་པའི་ཞུ་འབོད་གནང་པར་དགའ་བསུ་ཞུས་པ་དང་སྦྲགས། མ་འོངས་པར་གྲོས་ཚོགས་འཐུས་མི་རྣམ་གཉིས་ནས་བོད་ཀྱི་གནད་དོན་ཐོག་གླེང་སློང་གནང་རྒྱུ་མ་ཟད། མགོན་མེད་ཉམ་ཆུང་གི་མགྲིན་ཚབ་གནང་སྟེ་བོད་ཀྱི་གནད་དོན་སེལ་ཆེད་རྒྱབ་སྐྱོར་མུ་མཐུད་གནང་རྒྱུའི་ཡིད་ཆེས་ཡོད་ཅེས་གསུངས་འདུག
དེ་བཞིན་སྤྱི་འཐུས་ཚོགས་གཙོ་མཆོག་གིས་གྲོས་ཚོགས་འཐུས་མི་གཉིས་པོ་ནས་སྐབས་དེའི་གྲོས་ཚོགས་ནང་དུ་བོད་ནང་གི་ཁོར་ཡུག་གནས་སྟངས་དང་། ལྷག་པར་དུ་རྒྱ་གཞུང་གིས་བོད་མིའི་ཆོས་དད་དང་འགྲུལ་བསྐྱོད་རང་དབང་སོགས་ལ་དམ་དྲག་གིས་སུན་གཙེར་བཟོ་བཞིན་པ་རྣམས་གསལ་བཏོན་གནང་སྟེ་བོད་མིའི་འཐབ་རྩོད་ལ་རྒྱབ་སྐྱོར་གྱི་རྣམ་པ་ཤུགས་ཆེ་གནང་ཡོད་པར་འགྲེལ་བརྗོད་གནང་འདུག དེ་བཞིན་གྲོས་ཚོགས་འཐུས་མི་ལྕམ་སྐུ་ Ileana ལགས་ནས་སེམས་ཚོར་ཆེན་པོས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བོད་ནང་གདན་ཞུ་དགོས་པའི་གནད་དོན་གླེང་པ་དེས་ཚོགས་གཙོ་སྐུ་སྒེར་ལ་སེམས་འགུལ་ཧ་ཅང་ཆེན་པོ་ཐེབས་ཡོད་པ་དང་། དེ་ནི་གཞིས་ལུས་བོད་རིགས་སྤུན་ཟླ་ཡོངས་ཀྱི་ལྡོག་ཏུ་མེད་པའི་མངོན་འདོད་ཡིན་པ་མ་ཟད། ལྷག་དོན་བོད་ནང་གི་བོད་མི་རྣམས་ནས་མགོན་པོ་༸གང་ཉིད་མཆོག་གི་ཞལ་མཇལ་རྒྱུ་དང་གསུང་ཐོས་རྒྱུ་ཆེད་དུ་ཡུན་རིང་ནས་སྐོམ་པ་ཆུ་འདོད་ལྟར་ངང་སྒུག་ཞུ་བཞིན་ཡོད་ཅེས་གསུངས་འདུག
རྩ་བའི་སྐུ་ཞབས་ Jim Mc Govern ལགས་ནི་དེ་སྔ་ཕྱི་ལོ་ ༢༠༡༥ ཟླ་ ༡༡ ནང་ཨ་རིའི་གྲོས་ཚོགས་ཚོགས་གཙོ་ཟུར་པ་ལྕམ་ Nancy Pelosi མཆོག་དང་ལྷན་དུ་བོད་ནང་དུ་འཚམས་གཟིགས་ལ་ཕེབས་མྱོང་ཡོད་པ་དང་། ཁོང་ནི་ཡུན་རིང་ནས་བོད་དོན་ལ་རྒྱབ་སྐྱོར་གནང་མཁན་གཙོ་གྲས་ཤིག་ཡིན་པ་མ་ཟད། ༸གོང་ས་མཆོག་ལ་ཆེས་དད་གུས་ཆེ་བའི་ཨ་རིའི་གྲོས་ཚོགས་འཐུས་མི་ཞིག་ཡིན་པ་རེད། དེ་བཞིན་ལྕམ་ Ileana Ros Lehtinen ལགས་ནི་ཨ་རིའི་སྤྱི་མཐུན་ཚོགས་པའི་གྲོས་ཚོགས་འཐུས་མི་དང་ཨ་རི་ Florida མངའ་སྡེ་ནང་གི་གྲོས་ཚོགས་འཐུས་མི་རྒན་གྲས་ཤིག་ཆགས་ཀྱི་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།