Tibetan Royal Year of 2151 | Year of the Wood Dragon

༸གོང་ས་མཆོག་ཡོ་རོབ་ལཊ་ཝི་ཡའི་རྒྱལ་ས་རི་གྷ་ནང་༸ཞབས་སོར་བདེ་བར་འཁོད་འདུག

Tibetan News Headlines

  • Tibetan delegation embark on an official visit to Taiwan
  • Sikyong Penpa Tsering begins final leg of his Europe visit to France
  • Chinese undercover agent breaks silence on espionage operations, including information gathering on Tibetans
  • UK Religious Freedom Envoy hears testimonies about threat to freedom of religion and belief from Tibetans and other minorities
  • Tibetan student topper dedicates accomplishment to the Dalai Lama as he reaches 90
  • 29th Gyalyum Chenmo in begins in Hunsur with the host beating Odisha Phuntsokling 2-0

རེས་གཟའ་ཕུར་བུ། ༢༠༢༤།༠༥།༡༦

  • བོད་མིའི་སྐུ་ཚབ་ཁག་གཅིག་ཐེ་ཝན་ནང་གཞུང་འབྲེལ་ཕྱོགས་བསྐྱོད་གནང་བཞིན་པ།
  • སྲིད་སྐྱོང་མཆོག་ཧྥ་རན་སིར་ཉིན་གསུམ་རིང་ཕྱོགས་ཕེབས་གནང་བཞིན་པ།
  • རྒྱ་རིགས་སོ་མྱུལ་བ་ཞིག་གིས་རྒྱ་ནག་གཞུང་གིས་ཨོ་གླིང་གཙོས་རྒྱལ་སྤྱིའི་ཁྲོད་སྤེལ་བཞིན་པའི་བྱ་སྤྱོད་ཐེར་འདོན།
  • དབྱིན་ཡུལ་ནང་དུ་ཆོས་དད་རང་དབང་ཐོག་གྲོས་བསྡུར་ལས་རིམ་ཞིག་འཚོགས་གནང་འདུག
  • རྒྱལ་ཡོངས་ཡིག་རྒྱུགས་ནང་བརྒྱ་ཆ་ ༩༥.༢ སོན་པ་དེ་འདི་ལོར་༸གོང་ས་མཆོག་དགུང་གྲངས་ ༩༠ བདག་གིས་བཞེས་པར་ཕྱག་རྟགས་ཡིན།
  • རྒྱལ་ཡུམ་ཆེན་མོའི་དྲན་རྟེན་རྐང་རྩེད་སྤོ་ལོའི་རྕེད་འགྲན་ཐེངས་ ༢༩  དབུ་འཛུགས།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཡོ་རོབ་ཨི་ཊ་ལི་ནང་གི་མཛད་འཕྲིན་ཁག་ལེགས་པར་གྲུབ་སྟེ། དེ་རིང་སྔ་ཚོུད་ ༨།༠༠ ཙམ་ལ་ཡུལ་དེའི་གྲོང་ཁྱེར་ Pisa ནས་མཁའ་ལམ་བརྒྱུད་ Latvia འི་རྒྱལ་ས་ Riga ཕྱོགས་སུ་ཆིབས་ཐོན་མཛད་ནས་ཉིན་རྒྱབ་ཚོུད་ ༡༡།༣༠ ཐོག་མགོན་པོ་༸གང་ཉིད་མཆོག་ཁུལ་དེར་༸ཞབས་སོར་བདེ་བར་འཁོད་ཡོད་པ་དང་། སྐབས་དེར་ཆིབས་སྒྱུར་གོ་སྒྲིག་ཞུ་མཁན་བོད་སྐྱོབ་ཚོགས་པའི་ཚོགས་མི་དང་ཁུལ་དེའི་དད་ལྡན་མང་ཚོགས་གཙོ་གྱུར་གྱི་ནང་སྲོག་དང་ཨུ་རུ་སུའི་དད་ལྡན་ཆོས་ཞུ་བ་རྣམས་ནས་དགའ་བསུའི་སྣེ་ལེན་གཟབ་རྒྱས་ཞུས་འདུག

༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སང་ཕྱི་ཚེས་ ༢༣ དང་ ༢༤ བཅས་ཉིན་གཉིས་རིང་ལ་རི་གྷ་གྲོང་གྱི་ Skonto ཚོགས་ཁང་དུ་སློབ་དཔོན་ཀ་མ་ལ་ཤི་ལས་མཛད་པའི་སྒོམ་རིམ་བར་པ་དང་། ༸རྗེ་ཙོང་ཁ་པ་ཆེན་པོས་མཛད་པའི་ལམ་རིམ་བསྡུས་དོན་གྱི་བཀའ་ཆོས་བསྩལ་གྱི་ཡོད་པ་མ་ཟད། ཕྱི་ཚེས་ ༢༥ ཉིན་ལ་ཚོགས་ཁང་དེའི་ནང་དུ་ས་གནས་མང་ཚོགས་རྣམས་ལ་ས་མཚམས་མེད་པའི་མཐུན་སྒྲིལ་ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་བཀའ་དྲིན་བསྩལ་གྱི་ཡོད་པ་མ་ཟད། མགོན་པོ་༸གང་ཉིད་མཆོག་ནས་རྒྱལ་ས་རི་གྷ་ནང་གི་མཛད་འཆར་ཁྲོད། ཡོ་རོབ་ Baltic States འི་རྒྱལ་ཁབ་ Estonia དང་། Latvia དེ་བཞིན་ Lithuania བཅས་ནས་ཆེད་བཅར་ཞུས་པའི་གྲོས་ཚོགས་འཐུས་མི་དང་བོད་དོན་རྒྱབ་སྐྱོར་བ། ཨུ་རུ་སུའི་ཤེས་ལྡན་མི་སྣ་ཁག་ཅིག་དང་མཇལ་མོལ་ཡང་མཛད་ཀྱི་ཡོད་པ་རེད།

གཞི་རྩའི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཐེངས་འདིའི་ཡོ་རོབ་ཁུལ་གྱི་མཛད་འཆར་ཆེད་ཟླ་བ་འདིའི་ཚེས་ ༨ ཉིན་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་ནས་ཆིབས་ཐོན་མཛད་དེ། ད་བར་ཡོ་རོབ་ཨིན་ཡུལ་དང་འཇར་མ་ནི། དེ་བཞིན་ཨི་ཊ་ལི་བཅས་ཀྱི་ནང་ས་གནས་བོད་རིགས་རྣམས་ལ་དམིགས་བསལ་གྱི་མཇལ་ཁ་དང་བཀའ་སློབ། ས་གནས་ཀྱི་སློབ་ཕྲུག་དང་མང་ཚོགས་རྣམས་ལ་བྱམས་བརྩེའི་ཉམས་ལེན་དང་ཞི་བདེ། ཤེས་ཡོན་དང་སེམས་ཁམས་ཀྱི་འཕྲོད་བསྟེན་སོགས་ཀྱི་བརྗོད་གཞི་འདྲ་མིན་ཐོག་བཀའ་སློབ་བཀའ་དྲིན་བསྩལ་ཡོད་པ་རེད།  ལྷག་པར་དུ་ཨི་ཊ་ལི་ནང་གི་མཛད་འཆར་ཁྲོད་དུ་ཁུལ་དེའི་གྲོང་ཁྱེར་ Florence ནང་ཚོགས་པའི་ཆོས་ལུགས་མཐུན་འབྲེལ་གྱི་ལྷན་ཚོགས་དང་། པི་སཱ་གཙུག་ལག་སློབ་གཉེར་ཁང་དུ་ཆེད་ཐོག་མར་ཚོགས་པའི་ནང་པ་དང་ཚན་རིག་པའི་ལྟ་གྲུབ་ཀྱི་བགྲོ་གླེང་ལྷན་ཚོགས་ཐོག་དབུ་བཞུགས་མཛད་ཡོད་པ་རེད། དེའང་ས་གནས་སོ་སོའི་གནད་ཡོད་མི་སྣ་རྣམས་ནས་མགོན་པོ་༸གང་ཉིད་མཆོག་ལ་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་པ་མ་ཟད། ཨི་ཊ་ལི་གྲོང་ཁྱེར་ Taormina དང་། Messina དང་། Palermo དེ་བཞིན་ Florence དང་། Pisa བཅས་ཀྱི་ནང་ལ་མཛད་འཕྲིན་སྐྱོང་སྐབས་གྲོང་སྡེ་སོ་སོའི་སྤྱི་ཁྱབ་མཆོག་ནས་༸གང་ཉིད་མཆོག་གི་མཛད་པ་འཕྲིན་ལས་ལ་ཆེ་བསྟོད་ཀྱི་ཞི་བའི་ཐམ་ཀ་དང་ཞི་བདེ་བྱེད་པོ། དེ་བཞིན་སེམས་ཁམས་འཕྲོད་བསྟེན་དང་འབྲེལ་བའི་མཁས་དབང་གི་ཕྱག་འཁྱེར། གྲོང་སྡེའི་ཆེ་བསྟོད་མི་སེར་གྱི་མཚན་གནས་སོགས་འབུལ་བཞེས་མཛད་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།