Tibetan Royal Year of 2151 | Year of the Wood Dragon

གྲོས་ཆོད་ཁག་ ༢༨ གཏན་འབེབས་གནང་སྟེ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་འགན་འཛིན་ལྷན་ཚོགས་ཐེངས་ ༥༠ པ་མཇུག་སྒྲིལ།

Tibetan News Headlines

  • UK’s Ministry of Defence ‘hacked by China’
  • French lawmakers targeted by Chinese cyberattack demand sanctions, amid Xi visit
  • Bharat Tibbat Sahyog Manch celebrates concluding ceremony of its 25th anniversary
  • Tibet house Japan organizes Tibet festival at Tsukiji Hongwanji temple
  • Rights group protests world’s leading press freedom predators visit to France
  • Alalamo: ‘Gyaling Sey’, by Acho Namgyal

རེས་གཟའ་མིག་དམར། ༢༠༢༤།༠༥།༠༧

  • རྒྱ་གཞུང་གིས་ཨིན་ཡུལ་རྒྱལ་སྲུང་ལྷན་ཁང་ལ་སོ་ཉུལ་བྱས་པ་མངོན་གསལ།
  • ཕྷ་རན་སིའི་གྲོས་ཚོགས་འཐུས་མི་ཁག་གཅིག་གིས་རྒྱ་ནག་གི་དྲ་ལམ་གཏོར་རྒོལ་བ་རྣམས་ལ་སྲིད་དོན་ཉེས་ཆད་བཀལ་དགོས་པའི་འབོད་སྐུལ།
  • རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པ་དབུ་བརྙེས་ནས་ལོ་ ༢༥ འཁོར་བའི་དུས་དྲན་མཇུག་སྒྲིལ་གྱི་མཛད་སྒོ་འཚོགས་པ།
  • ཉི་འོང་ནང་བོད་ཀྱི་དུས་སྟོན་སྲུང་བརྩི།
  • གསར་འགོད་རང་དབང་ལ་དྲག་གནོན་བྱེད་མཁན་ཆེས་སྡུག་ཤོས་རྒྱལ་ཁབ་ཀྱི་འགོ་ཁྲིད་ France ནང་བསླེབས་པར་ངོ་རྒོལ་བྱས་འདུག
  • ཨ་ལ་ལ་མོ་དམིགས་བསལ་ལས་རིམ། སྟོད་གཞས་རྒྱ་གླིང་སྲས།

བཞུག་སྒར་ཁུལ་གྱི་ཨེམ་ཕཱི་རིལ་གསོལ་མགྲོན་ཁང་དུ་སྐོང་ཚོགས་གནང་བའི་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་འགན་འཛིན་ལྷན་ཚོགས་ཐེངས་ ༥༠ པ་དང་བོད་ཀྱི་དབུས་གཞོན་ནུ་ལྷན་ཚོགས་བཙུགས་ནས་མི་ལོ་ཧྲིལ་བོ་ལྔ་བཅུ་འཁོར་བའི་དུས་དྲན་སྲུང་བརྩི་དེ་ཁ་ཉིན་མཇུག་སྒྲིལ་དང་བསྟུན། ༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལུགས་ལྟར་དགུང་གྲངས་ ༨༦ བདག་གིར་བཞེས་པ་དང་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ ༥༠ དུས་དྲན་དང་བསྟུན། དབུས་ས་གཉིས་ནས་མགོན་པོ་མཆོག་ལ་བརྟན་བཞུགས་རྒྱས་པ་ཞིག་འབུལ་རྒྱུའི་གྲོས་ཆོད་གཙོས་གྲོས་ཆོད་དོན་ཚན་ ༢༨  གཏན་འབེབས་གནང་འདུགའདི་ག་གསར་འགོད་པས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་མགོན་པོ་དོན་གྲུབ་ལགས་སུ་གྲོས་ཆོད་དང་འབྲེལ་ནས་བཀའ་འདྲི་ཞུས་སྐབས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་འགན་འཛིན་ལྷན་ཚོགས་ཐེངས་ ༥༠ པའི་ཐོག་གཏན་འབེབ་གནང་བའི་གྲོས་ཆོད་དོན་ཚན་ ༢༨ ནང་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལུགས་ལྟར་དགུང་གྲངས་ ༨༦ བདག་གིར་བཞེས་པ་དང་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ ༥༠ དུས་དྲན་དང་བསྟུན། དབུས་ས་གཉིས་ནས་མགོན་པོ་མཆོག་ལ་བརྟན་བཞུགས་རྒྱས་པ་ཞིག་འབུལ་རྒྱུ། རྒྱ་གར་དབུས་དང་ས་གནས་གཞུང་། དེ་བཞིན་བདེ་སྲུང་ལས་ཁུངས་ནས་ད་བར་༸རྒྱལ་བའི་སྐུ་ཕྱའི་ཐད་ཕྱག་ལས་གང་ལེགས་གནང་བར་ཡི་རངས་བསྔགས་བརྗོད་དང་མ་འོངས་པར་༸རྒྱལ་བའི་སྐུ་ཕྱའི་ཐད་དེ་བས་དམ་འཛིན་ཤུགས་ཆེར་གནང་རྒྱུ་གསོལ་འདེབས་ཞུ་རྒྱུ། དེ་བཞིན་ཆབ་སྲིད་ཀྱི་ལས་དོན་དང་འབྲེལ་ནས་སྔར་ལྷག་ལས་འགུལ་ཤུགས་ཆེར་སྤེལ་རྒྱུ་སོགས་ཀྱི་གྲོས་ཆོད་གཏན་འབེབས་གནང་ཡོད་པར་གསུངས་སོང་།དེ་བཞིན་ཁ་ཉིན་ཉིན་རྒྱབ་ཨེམ་ཕཱི་རིལ་གསོལ་མགྲོན་ཁང་གི་ཚོགས་ཁང་ནང་འཕགས་བོད་འབྲེལ་མཐུད་ཚོགས་པ་གསར་འཛུགས་གནང་མཁན་སྐུ་ཞབས་ Indresh Kumar  ལགས་སྐུ་མགྲོན་གཙོ་བོར་གདན་ཞུ་གནང་བའི་ཐོག་འཕགས་བོད་འབྲེལ་མཐུད་ཚོགས་པའི་ཚོགས་མི་དང་། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་འགན་འཛིན་ལྷན་ཚོགས་ཐེངས་ ༥༠ པའི་ཚོགས་བཅར་བ་རྣམས་ལྷན་བཞུགས་ཀྱི་སྒོ་ནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་། འཕགས་བོད་འབྲེལ་མཐུད་ཚོགས་པ། དེ་བཞིནརྒྱ་གར་རྒྱལ་ས་ལྡི་ལིར་རྟེན་གཞིར་བྱས་པའི་ངག་མེད་ཀྱི་མགྲིན་ཚབ་བཅས་ཀྱི་མཉམ་འབྲེལ་གྱི་ཐོག་རྒྱལ་གཅེས་དཔའ་བོ་དཔའ་མོ་རྗེས་དྲན་གྱི་ལས་འགུལ་ཞིག་དངོས་སུ་དབུ་འབྱེད་གནང་བའི་གསལ་བསྒྲགས་གནང་ཡོད་པ་རེད།སྐབས་དེར་འདི་གའི་གསར་འགོད་པས་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་མགོན་པོ་དོན་གྲུབ་ལགས་སུ་བཅར་འདྲི་ཞུ་སྐབས་གོང་གསལ་ཚོགས་པ་གསུམ་ནས་རྒྱ་གར་ནང་ས་གནས་ཁག་མི་འདྲ་བའི་ཚོགས་ཆུང་ ༡༠༨ དང་ཕྱི་རྒྱལ་ཡུལ་གྲུ་ཁག་ནས་ཚོགས་ཆུང་ ༥༠ བཅས་ནས་ཉིན་བརྒྱ་དུས་གཅིག་ལ་རྒྱལ་གཅེས་དཔའ་བོ་དཔའ་མོ་རྗེས་དྲན་གྱི་ལས་འགུལ་དེ་སྤེལ་རྒྱུ་ཡིན་པ་གསུངས་སོང་།

གཞི་རྩའི་བོད་ཀྱི་གཞོན་ནུ་ལྷན་ཚོགས་དེ་བཞིན་ ༡༩༧༠ ལོར་ཆེད་འཛུགས་གནང་ནས་འདི་ལོར་ལོ་ངོ་ལྔ་བཅུ་ང་གཅིག་འཁོར་གྱི་ཡོད་པ་མ་ཟད། བཙོན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་གཞུང་འབྲེལ་མིན་པའི་ཚོགས་པ་རྙིང་གྲས་ཤིག་ཆགས་ཀྱི་ཡོད་པ་དང་བསྟུན། ཁ་ཉིན་དགོང་དྲོར་བོད་ཀྱི་ཟློས་གར་ཚོགས་པའི་ཚོགས་ཁང་དུ་སྐུ་མགྲོན་གཙོ་བོ་ཧི་མཱ་ཅལ་མངའ་སྡེའི་སྲིད་སྐྱོང་སྐུ་ཞབས་ Rajendra Vishwanath Arlekar མཆོག་དང་། ཆེ་བསྟོད་སྐུ་མགྲོན་དུ་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་དྭགས་པོ་བསོད་ནམས་ནོར་བུ་མཆོག   སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དང་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག དེ་བཞིན་སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་རྣམ་པ་དང་། འཕགས་བོད་འབྲེལ་མཐུད་ཚོགས་པ་གསར་འཛུགས་གནང་མཁན་སྐུ་ཞབས་ Indresh Kumar ལགས་སོགས་ཀྱི་སྐུ་མགྲོན་རྣམ་པར་དགོང་དྲོ་གསོལ་ཚིགས་འདེགས་འབུལ་དང་བོད་ཀྱི་ཟློས་གར་ཚོགས་པས་བོད་ཀྱི་སྲོལ་རྒྱུན་གཞས་སྣ་དང་ས་གནས་ཡུལ་མིའི་སྲོལ་རྒྱུན་གཞས་སྣ་ཁག་ཅིག་གཟིགས་འབུལ་གནང་ཡོད་པ་མ་ཟད། སྐབས་དེར་ཧི་མཱ་ཅལ་མངའ་སྡེའི་གཞུང་མང་གཉིས་ཀྱི་ཐུགས་རྗེ་བཀའ་དྲིན་མཚོན་སླད་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཧི་མཱ་ཅལ་མངའ་སྡེའི་སྲིད་སྐྱོང་སྐུ་ཞབས་ Rajendra  མཆོག་དང་སྐུ་ཞབས་ Indresh མཆོག་རྣམ་གཉིས་ལ་སྐུ་ཐང་རེ་ཕུལ་ཡོད་པ་རེད།

 

འབྲེལ་ཡོད་གསར་གནས།

གསར་གནས།