Tibetan Royal Year of 2151 | Year of the Wood Dragon

བོད་རྒྱའི་དབར་གྱི་དམག་འཁྲུག་མཇུག་སྒྲིལ་ཡོད་མ་རེད་ཅེས་གསུངས་པ།

Tibetan News Headlines

  • བོད་ཀྱི་བེུད་། བལ་ཡུལ་ལྷ་མོ་ཚོགས་པའི་ཚོགས་མི་དང་གློག་བརྙན་འཁྲབ་སྟོན་པ་འཕྲིན་ལས་ལྷ་མོ་ལགས་དང་ལྷན་ཁོང་གི་སྒྱུ་སྩལ་གྱི་ལམ་བུའི་སྐོར་གླེང་མོལ།

རེས་གཟའ་ཉི་མ། ༢༠༢༤།༠༥།༠༥

  • Women of Tibet: In conversation with Thinley Lhamo, member of Nepal Tibetan opera and star in Nepalese film ‘Shambala’

རྒྱ་གར་གྱི་དམག་སྤྱི་ཟུར་པ་སྐུ་ཞབས་ G. D. Bakshi ལགས་ཀྱིས་ཕྱི་ལོ་ ༡༩༥༠ ནས་ ༡༩༧༤ བར་རྒྱ་ནག་གི་དམག་མི་བོད་ལ་བཙན་འཛུལ་བྱས་པ་དང་བོད་མི་ཚོས་དེར་གདོང་ལེན་གང་འདྲ་གནང་ཡོད་མེད་སོགས་ཀྱི་ལོ་རྒྱུས་ཁག་ཅིག་དྲན་གསོ་དང་སྦྲགས་ཏེ་བོད་རྒྱའི་དབར་གྱི་དམག་འཁྲུག་དེ་དུས་ད་ལྟའང་མཇུག་སྒྲིག་ཡོད་མ་རེད་ཅེས་གསུངས་ཡོད།དེ་རིང་སྔ་དྲོ་ཆུ་ཚོད་ ༡༡ ཙམ་ལ་འཕགས་བོད་འབྲེལ་མཐུད་ཚོགས་པས་བོད་ཀྱི་ཟློས་གར་ཚོགས་པའི་ཚོགས་ཁང་དུ་བོད་དང་རྒྱ་གར། རྒྱ་ནག་ཅེས་པའི་བརྗོད་གཞིའི་ཐོག་གསུང་བཤད་དང་དྲི་བ་དྲིs་ལན་གྱི་མཛད་རིམ་ཞིག་གོ་སྒྲིག་གནང་སོང་བ་དང་། སྐབས་དེར་སྐུ་མགྲོན་གཙོ་བོ་རྒྱ་གར་གྱི་དམག་སྤྱི་ཟུར་པ་སྐུ་ཞབས་ G. D. Bakshi ལགས་ཀྱིས་ང་ཚོས་རྒྱ་ནག་གི་བྱེད་བབ་ཁག་ལ་སྐྱོན་བརྗོད་གནང་བ་དེས་རྒྱ་ནག་མི་མང་ལ་མི་དགའ་བའི་གནས་སྟངས་ཤིག་མིན་པར་དེ་ནི་གཙོ་བོ་རྒྱ་ནག་དམག་ཤོག་གཞུང་དང་དེའི་འགོ་ཁྲིད་ཚོས་བྱེད་བབ་ཁག་ལ་སྐྱོན་བརྗོད་གནང་བ་ཞིག་ཡིན་པ་དང་། རྒྱ་ནག་གཞུང་གིས་འདས་པའི་ལོ་རྒྱུས་ཁྲོད་དུ་བོད་དང་ཤིན་ཅང་ལ་བཙན་འཛུལ་དང་། ཐེ་ཝན་གྱི་རང་དབང་ལ་ཐེ་གཏོགས། དེ་བཞིན་པ་ཀིས་ཐན་ལ་གོ་ཚོན་སོགས་ཀྱི་རྒྱབ་སྐྱོར་བྱས་ཏེ་རྒྱ་གར་གི་བདེ་འཇགས་ལ་དོ་ཕོག་ཆེན་པོ་བཏང་གཏོང་མུས་ཡིན་སྐོར་གསུངས་ཡོད།ལྷག་པར་དུ་ཕྱི་ལོ་ ༡༩༥༠ ལོར་རྒྱ་ནག་གི་དམག་མི་བོད་ནང་དུ་བཙན་འཛུལ་འགོ་ཚུགས་པ་ནས་བཟུང་ཕྱི་ལོ་ ༡༩༧༤ བར་བོད་མི་ཚོས་རྒྱ་ནག་གི་དམག་མི་ལ་གདོང་ལེན་གང་ཐུབ་གནང་ཡོད་པ་སོགས་ལོ་རྒྱུས་ཀྱི་བརྒྱུད་རིམ་ཁག་ཅིག་དྲན་གསོ་གནང་བ་དང་སྦྲགས། བོད་འདི་རང་དབང་གཙང་མའི་རྒྱལ་ཁབ་ཅིག་མ་ཆགས་ཀྱི་བར་དུ་བོད་རྒྱའི་དབར་གྱི་དམག་འཁྲུག་དེ་དུས་ད་ལྟའང་མཇུག་སྒྲིག་ཡོད་མ་རེད་ཅེས་ནན་པོ་གསུངས་སོང་།རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་ཐོག་ལག་བསྟར་བྱེད་བཞིན་པའི་རྒྱ་སྐྱེད་རིང་ལུགས་ཀྱི་སྲིད་བྱུས་དང་ཏོག་དབྱིབས་རིམས་ནད་ཀྱི་གནད་དོན་ཐད་འགན་འཁུར་བྱེད་སྟངས་སོགས་ཐེར་འདོན་དང་སྦྲགས། རྒྱ་ནག་ནི་ཡིད་ཆེས་བྱ་དཀའ་བའི་རྒྱལ་ཁབ་ཅིག་རེད་ཅེས་གསུངས་པར་མ་ཟད་བོད་ཀྱི་ཁོར་ཡུག་གི་གལ་གནད་རང་བཞིན་དང་འབྲེལ་རྒྱ་གར་གཙོས་ཉེ་འཁོར་ཁྱིམ་མཚེས་རྒྱལ་ཁབ་མང་པོ་ཞིག་གི་འཚོ་རྟེན་རྣམས་བོད་ཀྱི་གཙང་པོ་ཆེ་ཁག་ལ་རྟེན་བཞིན་ཡོད་སྟབས། རྒྱ་ནག་གཞུང་ནས་བོད་ཀྱི་གཙང་པོ་དེ་དག་ཐོག་ཆུ་མཛོད་གསར་རྒྱག་གི་གནད་དོན་ཚང་མར་དོ་སྣང་བྱ་གལ་ཡིན་པ་སོགས་གསུངས་ཡོད།    དམིགས་གསལ་སྐུ་མགྲོན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་གིས་བོད་དང་རྒྱ་གར། རྒྱ་ནག་བཅས་ཀྱི་གནད་དོན་སྐོར་གླེང་སྐབས་བོད་ཀྱི་གནད་དོན་དེ་གཙོ་བོར་བཟུང་ནས་གླེང་སློང་གནང་གལ་ཡིན་པ་དང་དེ་ཡང་ལོ་རྒྱུས་རང་བཞིན་པའི་བོད་འདི་རྒྱ་ནག་གི་ཆ་ཤས་ཤིག་ནམ་ཡང་མིན་པ་སོགས་འགྲེལ་བརྗོད་གནང་ཡོད། རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་ཁྲིམས་སྒྲིག་ལ་བརྩི་སྲུང་མ་བྱས་པར་བོད་ནང་གི་བོད་མི་ཚོའི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ཁག་བརྩི་མེད་རྡོག་རོལ་དང་ཆོས་ཕྱོགས་ཀྱི་གནད་དོན་ལ་ཐེ་བྱུས་མུ་མཐུད་ནས་བྱེད་བཞིན་པ་ཐེར་འདོན་དང་སྦྲགས། རྒྱ་ནག་གི་བྱེད་བབ་དེ་དག་མུ་མཐུད་གནས་བཞིན་པའི་རྒྱ་རྐྱེན་གཙོ་བོ་ནི་རྒྱལ་སྤྱིའི་རང་དབང་ལྡན་པའི་རྒྱལ་ཁབ་ཚོས་རྒྱ་ནག་གི་བྱེད་བབ་ལ་གདོང་ལེན་དང་རྒྱ་ནག་འདི་སོ་སོའོ་བྱེད་བབ་ལ་འགན་འཁུར་ལྡན་པ་ཞིག་བཟོ་མ་ཐུབ་པའི་དབང་གིས་ཡིན་སྐོར་སོགས་གསུངས་ཡོད།   དེ་བཞིན་ཚོགས་གཞོན་མཆོག་གིས་སྐུ་ལུས་ཞུགས་འབུལ་གནང་བའི་གནད་དོན་དང་། བོད་ཀྱི་ཁོར་ཡུག་གི་གལ་གནད་རང་བཞིན་སོགས་ཞིབ་ཕྲ་ངོ་སྤྲོད་གནང་བ་དང་སྦྲགས། བོད་ཀྱི་གནད་དོན་འདི་རྒྱ་གར་ལའང་གལ་ཆེན་པོ་ཞིག་ཆགས་ཡོད་སྟབས། རྒྱ་གར་གྱི་མང་ཚོགས་དང་གཞུང་གི་ངོས་ནས་ཀྱང་བོད་གནད་ཐོག་འཛེམ་ཟོན་མེད་པར་གླེང་སློང་གང་མང་གནང་རོགས་ཞེས་རེ་སྐུལ་གནང་ཡོད།དེ་རིང་གི་མཛད་རིམ་ཐོག་རྒྱ་གར་གྱི་དམག་སྤྱི་ཟུར་པ་སྐུ་ཞབས་ G. D. Bakshi ལགས་དང་བོད་མི་མང་སྤྱི་འཐུས་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག དེ་བཞིན་འཕགས་བོད་འབྲེལ་མཐུད་ཚོགས་པའི་སྐུ་ཞབས་ Sanjay Prashar ལགས་དང་འབྲེལ་ཡོད་ལས་བྱེད་རྣམ་པ། བོད་མིའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་སྐུ་ཚབ་དང་ས་གནས་མི་མང་སོགས་ནས་མཉམ་ཞུགས་གནང་འདུག དེ་བཞིན་སྐབས་དེར་བོད་ཀྱི་ཟློས་གར་ཚོགས་པས་བོད་ཀྱི་ཐུན་མིན་རྐང་བྲོ་གླུ་གཞས་ཁག་ཅིག་གཟིགས་འབུལ་ཞུས་སོང་།ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་གིས་ད་རེས་རྒྱ་གར་གྱི་དམག་སྤྱི་ཞིག་ཆེད་མངགས་བཞུགས་སྒར་དུ་ཕེབས་ཏེ་བོད་དོན་སྐོར་གླེང་སློང་གནང་བ་དེ་རླབས་ཆེན་བྱ་གཞག་ཅིག་ཡིན་པ་དེ་ལྟར་ནའང་། ང་ཚོའི་དཀའ་ངལ་དེ་སེལ་བར་རྒྱ་གཞུང་ནས་བོད་ཐོག་འཛིན་པའི་སྲིད་བྱུས་ལ་འགྱུར་བ་དགོས་གལ་ཡིན་སྟབས་བོད་མིའི་ངོས་ནས་རྒྱ་གར་གྱི་མང་ཚོགས་ཁྲོད་དུ་རྒྱ་གཞུང་གི་བྱེད་བབ་ཁག་ངོ་སྤྲོད་བྱ་རྒྱུ་དེ་གལ་ཆེན་པོ་ཡིན་པར་གསུངས་ཡོད།

འབྲེལ་ཡོད་གསར་གནས།

གསར་གནས།