Tibetan Royal Year of 2152 | Year of the Wood Snake

རྒྱ་གར།

རྒྱ་གར་གྱི་རྒྱལ་སྲུང་བློན་ཆེན་མཆོག་གིས་རྒྱ་ནག་གི་གོ་སྒྲིག་བྱས་པའི་ SCO ཚོགས་འདུའི་བསྒྲགས་གཏམ་ལ་མཚན་རྟགས་བཀོད་མིན་འདུག

རྒྱ་གར་གྱི་རྒྱལ་སྲུང་བློན་ཆེན་མཆོག་གིས་རྒྱ་ནག་གི་གོ་སྒྲིག་བྱེད་པའི་ SCO ཚོགས་འདུའི་བསྒྲགས་གཏམ་ལ་མཚན་རྟགས་བཀོད་མིན་འདུག

༸གོང་ས་མཆོག་དགུང་ལོ་ ༩༠ ཕེབས་པར་བོད་མི་རྣམས་སྔར་ལྷག་སེམས་ཤུགས་དང་འགན་འཁུར་དགོས་གལ་གྱི་ལམ་སྟོན་སྩལ་འདུག

༸གོང་ས་མཆོག་དགུང་ལོ་ ༩༠ ཕེབས་པར་བོད་མི་རྣམས་སྔར་ལྷག་སེམས་ཤུགས་དང་འགན་འཁུར་དགོས་གལ་གྱི་ལམ་སྟོན་སྩལ་འདུག

རྒྱ་གར་གྱི་རྒྱལ་སྲུང་བློན་ཆེན་ལོ་བཅུ་གཉིས་རྗེས་སུ་རྒྱ་ནག་ཏུ་ཕྱོགས་བསྐྱོད།

རྒྱ་གར་གྱི་རྒྱལ་སྲུང་བློན་ཆེན་ལོ་བཅུ་གཉིས་རྗེས་སུ་རྒྱ་ནག་ཏུ་ཕྱོགས་བསྐྱོད།

ཨ་རིའི་གྲོས་ཚོགས་གོང་མའི་ནང་༸རྒྱལ་བའི་གོ་སྟོན་ལ་ཆེ་བསྟོད་དང་བོད་མིར་རྒྱབ་སྐྱོར་གྱི་གྲོས་ཆོད་ཆེད་འདོན།

ཨ་རིའི་གྲོས་ཚོགས་གོང་མའི་ནང་༸རྒྱལ་བའི་གོ་སྟོན་ལ་ཆེ་བསྟོད་དང་བོད་མིར་རྒྱབ་སྐྱོར་གྱི་གྲོས་ཆོད་ཆེད་འདོན།

༸གོང་ས་མཆོག་གིས་རྒྱ་གར་གྱི་སྲིད་འཛིན་ལ་སྐྱེས་སྐར་འཚམས་འདྲི་སྩལ་བ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་གྱི་སྲིད་འཛིན་ལྕམ་  Droupadi Murmu དོརོ་པཱདི་མུར་མུ་མཆོག་དགུང་ལོ་ ༦༧ སོན་པའི་སྐྱེས་སྐར་ལ་འཚམས་འདྲི་སྩལ་བ་དང་སྦྲགས། སྲིད་འཛིན་མཆོག་བདེ་སྐྱིད་ལྡན་ཞིང་། བདེ་ཐང་དང་ལྷག་པར་རྒྱ་གར་རྒྱལ་ཁབ་ཆེན་པོའི་སྣེ་ཁྲིད་ལམ་ལྷོང་ཡོང་བའི་ཐུགས་སྨོན་མཚམས་སྦྱོར་ཐོག རྒྱ་གར་གཞུང་མང་གཉིས་ནི་བོད་མིར་བཀའ་དྲིན་ཆེན་པོ་ཡིན་ཞེས་བཀའ་སྩལ་འདུག དེ་ཡང་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་ནས་སྩལ་བའི་གསུང་འཕྲིན་དེའི་ནང་། སྲིད་འཛིན་མཆོག་གིས་མཁྱེན་གསལ་ལྟར། མགོན་པོ་༸གང་ཉིད་མཆོག་ཕྱི་ལོ་ ༡༩༥༩ ལོའི་ཟླ་ ༣ པའི་ནང་བོད་མི་རྣམས་ནས་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་དབང་འཛིན་པ་ཚོར་ངོ་རྒོལ་བྱས་པའི་རྗེས། བོད་ནས་བྲོས་བྱོལ་དུ་ཕེབས་དགོས་བྱུང་སྟེ། སྐུ་ཚེའི་དུས་ཡུན་མང་བ་རྒྱ་གར་ནང་དུ་བཞུགས་ཡོད་སྟབས། རྒྱལ་ཁབ་འདི་ལ་དམིགས་བསལ་གྱི་སེམས་ཐག་ཉེ་བའི་ཐུགས་ཚོར་བྱུང་གི་འདུག་ཅེས་བཀའ་སྩལ་འདུག དེ་བཞིན་རྒྱ་གར་རྒྱལ་ཁབ་འདི་འཛམ་གླིང་ནང་གི་མི་འབོར་མང་ཤོས་དང་མང་གཙོ་ཆེ་ཤོས་གྲས་ཤིག་ཡིན་པའི་ཐོག གནའ་བོའི་རིག་གཞུང་ཧ་ཅང་ཕྱུག་བའི་རྒྱལ་ཁབ་ཞིག་ཀྱང་ཡིན་པར། གལ་ཏེ་རིག་གཞུང་དེ་དག་དེང་རབས་ཀྱི་ཤེས་ཡོན་དང་ཟུང་སྦྲེལ་ཐུབ་ཚེ། འཛམ་གླིང་ནང་ཞི་བདེ་དང་བདེ་སྐྱིད་ཆེད་དུ་ཕན་ནུས་ལྡན་པའི་ཞབས་འདེགས་ཐུབ་རྒྱུ་ཡིན་པ་བཀའ་སྩལ་འདུག  ད་དུང་མགོན་པོ་༸གང་ཉིད་མཆོག་ནི་རྒྱ་གར་གྱི་གནའ་བོའི་རིག་གཞུང་ལས་སེམས་དང་སེམས་བྱུང་གི་བྱེད་ལས་གཏིང་ཟབ་པའི་ཤེས་ཡོན་གོང་སྤེལ་སླད་དུ་དམིགས་བསལ་གྱི་ཐུགས་འཁུར་མཛད་ཀྱི་ཡོད་པ་དང་། དེ་ནི་སེམས་ཀྱི་ཞི་བདེ་ཐོབ་ཐབས་དང་བཟང་པོའི་སྤྱོད་ཚུལ་གོང་འཕེལ་ཡོང་རྒྱུའི་གཞི་རྟེན་ཡིན་པའི་ཡིད་ཆེས་ཙམ་མ་ཟད། འཛམ་གླིང་འདི་བཞིན་སྔར་ལྷག་བྱམས་བརྩེ་དང་ཞི་བདེ་ལྡན་པ་ཞིག་བསྐྲུན་རྒྱུའི་ནུས་པ་དེ་དག་ཆུང་དུ་གཏོང་མཁན་ཁོང་ཁྲོ་དང་ཞེད་སྣང་། སྡང་སེམས་ལྟ་བུའི་སེམས་བྱུང་ངན་པ་དེ་རིགས་ཕམ་པར་བྱ་རྒྱུར་ཕན་ཐོགས་ཡོད་པའི་ལམ་སྟོན་བཀའ་དྲིན་ཆེན་བ་སྩལ་འདུག མ་ཟད་མགོན་པོ་༸གང་ཉིད་མཆོག་བོད་མི་ཞིག་ཡིན་པའི་ཆ་ནས་རྒྱ་གར་གཞུང་མང་གཉིས་ཀྱིས་ལོ་ངོ་ ༦༦ ལྷག་གི་རིང་སྣེ་ལེན་མཐུན་འགྱུར་གནང་བ་ཐུགས་རྗེ་ཆེ་ཞེས་བཀའ་སྩལ་བ་མ་ཟད། བོད་མི་ཚོར་རྒྱ་གར་གྱི་ལོ་ངོ་སྟོང་ཕྲག་དུ་མ་རིང་གི་སྙིང་རྗེ་དང་འཚེ་བ་མེད་པའི་རིན་ཐང་ལ་གཞི་བཅོལ་བའི་ནང་པའི་རིག་གཞུང་བདག་ཉར་དང་སྲུང་སྐྱོབ་ཀྱི་འབད་བརྩོན་ལ་རྒྱབ་སྐྱོར་ཐོབ་པར་བཀའ་དྲིན་ཆེན་པོ་ཡིན་ཞེས་བཀའ་སྩལ་ཐོག མགོན་པོ་༸གང་ཉིད་མཆོག་གིས་སྲིད་འཛིན་མཆོག་བདེ་སྐྱིད་དང་ལྡན་ཞིང་། བདེ་ཐང་དང་རྒྱལ་ཁབ་སྣེ་ཁྲིད་ལམ་ལྷོང་ཡོང་བའི་ཐུགས་སྨོན་མཚམས་སྦྱོར་མཛད་འདུག རྩ་བའི་ལྕམ་སྐུ་ Droupadi Murmu དོརོ་པཱདི་མུར་མུ་མཆོག་ནི་ཕྱི་ལོ་ ༡༩༥༨ ལོར་རྒྱ་གར་གྱི་ Odisha མངའ་སྡེའི་ Mayurbhanj མཱ་ཡུར་བྷན་ཇི་རྫོངས་ཁོངས་སུ་སྐྱེས་ཤིང་། ཕྱི་ལོ་ ༢༠༢༢ ལོར་ལྕམ་སྐུ་མཆོག་རྒྱ་གར་གྱི་སྲིད་འཛིན་ལ་བདམས་ཐོན་བྱུང་ཡོད། དེ་ནི་རྒྱ་གར་ནང་བེུད་སྲིད་འཛིན་གནང་མཁན་གཉིས་པ་ཆགས་ཀྱི་ཡོད་པ་དང་། རྒྱ་གར་གྱི་ Santal ཞེས་པའི་གདོད་མའི་མི་རིགས་ཁྲོད་ཀྱི་བེུད་ཞིག་སྲིད་འཛིན་དུ་བསྐོ་བཞག་བྱུང་བ་ཐེངས་དང་པོ་ཡིན་པ་མ་ཟད། རྒྱ་གར་རང་བཙན་ཐོབ་རྗེས་སྐུ་འཁྲུངས་པའི་སྲིད་འཛིན་ཐོག་མ། དེ་བཞིན་ད་བར་གྱི་རྒྱ་གར་སྲིད་འཛིན་དགུང་གྲངས་ཆུང་ཤོས་བཅས་ཆགས་ཀྱི་ཡོད་པ་རེད། ལྕམ་སྐུ་ Droupadi Murmu དོརོ་པཱདི་མུར་མུ་མཆོག་ཆབ་སྲིད་ཀྱི་ལས་དོན་ནང་མ་ཞུགས་གོང་ས་གནས་སུ་དགེ་རྒན་དང་སློབ་གསོ་བའི་ཕྱག་ལས་གནང་མྱོང་ཡོད་པ་དང་། ཕྱིས་སུ་རྒྱ་གར་གྱི་ BJP ཆབ་སྲིད་ཚོགས་པའི་ནང་ཞུགས་ཏེ་ Odisha ཨོ་ཌི་ཤ་མངའ་སྡེའི་གྲོས་ཚོགས་འཐུས་མི་དང་མངའ་སྡེའི་ཚོང་དང་འགྲིམ་འགྲུལ། དེ་བཞིན་ནུ་གསོ་སེམས་ཅན་ལྷན་ཁང་སོགས་ཀྱི་བློན་ཆེན། གཞན་ཡང་ཕྱི་ལོ་ ༢༠༡༥ ནས་ ༢༠༢༡ བར་ Jharkhand ཇྷར་ཁནྜ་མངའ་སྡེའི་སྲིད་སྐྱོང་གི་ཐུགས་འགན་སོགས་བཞེས་ཡོད་པ་དང་། དེ་སྔ་མངའ་སྡེའི་གྲོས་ཚོགས་འཐུས་མི་གནང་པའི་སྐབས་འཐུས་མི་བཟང་ཤོས་ཀྱི་གཟེངས་རྟགས་སོགས་ཀྱང་ཐོབ་མྱོང་ཡོད་པ་རེད།

རྒྱ་གར་ཧི་མ་ལ་ཡ་ན་ལཎྜའི་ནང་པའི་སྲོལ་རྒྱུན་ལྷན་ཚོགས་ཀྱི་ཚོགས་མིར་མཇལ་ཁ་བསྩལ་བ།

རྒྱ་གར་ཧི་མ་ལ་ཡ་ན་ལཎྜའི་ནང་པའི་སྲོལ་རྒྱུན་ལྷན་ཚོགས་ཀྱི་ཚོགས་མིར་མཇལ་ཁ་བསྩལ་བ།

རྒྱ་ནག་གིས་བོད་གཙོས་པའི་ཧི་མ་ལ་ཡའི་ནང་པ་ཚོའི་ངོ་བོ་རྩ་མེད་གཏོང་ཐབས་བྱེད་བཞིན་པ་གསུངས་འདུག

རྒྱ་ནག་གིས་བོད་གཙོས་པའི་ཧི་མ་ལ་ཡའི་ནང་པ་ཚོའི་ངོ་བོ་རྩ་མེད་གཏོང་ཐབས་བྱེད་བཞིན་པ་གསུངས་འདུག

རྒྱལ་སྤྱི་གཞོན་སྐྱེས་ལྷན་ཚོགས་ཆེན་མོ་ཞིག་གི་སྟེང་བོད་ཀྱི་རྒྱལ་དར་ཐེངས་དང་པོར་སྒྲེང་འཛུགས་གནང་བ་དང་བོད་མི་གཞོན་སྐྱེས་ཁག་གཅིག་དེར་མཉམ་ཞུགས།

རྒྱལ་སྤྱི་གཞོན་སྐྱེས་ལྷན་ཚོགས་ཆེན་མོ་ཞིག་གི་སྟེང་བོད་ཀྱི་རྒྱལ་དར་ཐེངས་དང་པོར་སྒྲེང་འཛུགས་གནང་བ་དང་བོད་མི་གཞོན་སྐྱེས་ཁག་གཅིག་དེར་མཉམ་ཞུགས།

རྒྱ་གར་ནང་སླར་ཡང་ཏོག་དབྱིབས་ནད་ཡམས་ཁྱབ་གདལ་འགྲོ་བཞིན་ཡོད་ཀྱང་དངངས་སྐྲག་གི་གནས་སྟངས་མེད་པ་གསུངས་འདུག

རྒྱ་གར་ནང་སླར་ཡང་ཏོག་དབྱིབས་ནད་ཡམས་ཁྱབ་གདལ་འགྲོ་བཞིན་ཡོད་ཀྱང་དངངས་སྐྲག་གི་གནས་སྟངས་མེད་པ་གསུངས་འདུག

Latest news