ཐེ་ཝན།
ཐེ་ཝན་ནས་རྒྱ་ཡིག་དགེ་རྒན་ཆེད་གཏོང་བྱ་རྒྱུའི་གན་རྒྱ་བཞག་འདུག
རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་ Taipei Economic and Cultural Center ཐའེ་པེ་ཚོང་ལས་དང་རིག་གཞུང་བསྟི་གནས་ཁང་དང་། ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་གཉིས་དབར་གན་རྒྱ་བཞག་སྟེ་ཐེ་ཝན་ནས་རྒྱ་གར་དུ་རྒྱ་ཡིག་སློབ་ཁྲིད་ཆེད་དགེ་རྒན་གཏོང་རྒྱུ་རེད་འདུག
དེ་ཡང་ཁ་ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་ Taipei Economic and Cultural Center ཐའེ་པེ་ཚོང་ལས་དང་རིག་གཞུང་བསྟི་གནས་ཁང་དུ། ཐའེ་པེ་ཚོང་ལས་དང་རིག་གཞུང་བསྟི་གནས་ཁང་གི་སྐུ་ཚབ་འབུམ་རམས་པ་ Mu-min Chen ལགས་དང་། ཤེས་ཡོན་འགན་འཛིན་ Jill Lai ལགས། ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་གི་སློབ་སྤྱི་འབུམ་རམས་པ་པ་སངས་ལགས། དེ་བཞིན་ལྡི་ལི་བོད་ཀྱི་སྐུ་ཚབ་དོན་གཅོད་ཀྱི་དྲུང་ཆེ་བཀྲ་ཤིས་བདེ་སྐྱིད་ལགས། ལྷོ་སྤྱི་འཇིགས་མེད་འབྱུང་གནས་ལགས་བཅས་མཉམ་ཞུགས་ཀྱིས། ཤེས་ཡོན་འགན་འཛིན་ Jill Lai ལགས་དང་ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་གི་སློབ་སྤྱི་འབུམ་རམས་པ་པ་སངས་ལགས་གཉིས་ཀྱིས་གན་རྒྱ་ལ་མཚན་རྟགས་བཀོད་ཡོད་པ་རེད།
གན་རྒྱ་དང་འབྲེལ་ཐའེ་པེ་ཚོང་ལས་དང་རིག་གཞུང་བསྟི་གནས་ཁང་གི་སྐུ་ཚབ་འབུམ་རམས་པ་ Mu min Chen ལགས་ཀྱིས། Taiwan Education Center TEC འམ་ཐེ་ཝན་ཤེས་ཡོན་བསྟི་གནས་ཁང་ནི་ཐེ་ཝན་དང་རྒྱ་གར་དབར་མཐོ་རིམ་ཤེས་ཡོན་མཉམ་ལས་ཀྱི་ལས་གཞི་ལ་གལ་གནད་ཆེན་པོ་ཞིག་ཆགས་ཀྱི་ཡོད་ཅིང་། དེའི་བརྒྱུད་ནས་ཐེ་ཝན་དང་བོད་གཉིས་བར་གྱི་འབྲེལ་བ་ལའང་རྒྱ་སྐྱེད་གཏོང་ཆེད་ཕན་ཐོགས་ཆེན་པོ་ཡོང་ངེས་ཡིན་པ་གསུངས་བ་མ་ཟད། ཐེ་ཝན་གྱི་དམངས་གཙོ་དང་འཕྲུལ་རིག་གི་ལག་རྩལ། དེ་བཞིན་མཐོ་རིམ་ཤེས་ཡོན་བཅས་ཀྱི་འཕེལ་རྒྱས་འགྲོ་བཞིན་པ་བརྟེན་བོད་མི་ཚོར་སྐུལ་མ་ཐེབས་སྲིད་པ་དང་ཕན་ཚུན་གོ་རྟོགས་གོང་འཕེལ་གཏོང་ཐུབ་ཀྱི་རེད་ཅེས་གསུངས་འདུག
ཕྱོགས་མཚུངས་ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་གི་སློབ་སྤྱི་འབུམ་རམས་པ་པ་སངས་ལགས་ཀྱིས། རྩ་བའི་ ༢༠༠༨ ལོར་མཐོ་སློབ་གསར་འཛུགས་གནང་བ་ནས་བཟུང་རྒྱ་ཡིག་སློབ་ཚན་ཡོད་ནའང་ད་ལྟའི་གན་རྒྱ་བཞག་པའི་བརྒྱུད་སྔར་ལས་ལྷག་ཕན་ཐོགས་ཡོང་རྒྱུ་ཡིན་པ་མ་ཟད། དེ་སྔ་རྒྱ་ཡིག་སློབ་ཁྲིད་བྱེད་མཁན་རྣམས་བོད་མི་ཤ་སྟག་ཡིན་པར་བརྟེན་དཀའ་ངལ་འཕྲད་ཀྱི་ཡོད་པ་དང་། ད་ལྟ་གན་རྒྱ་དེའི་བརྒྱུད་ཐེ་ཝན་ནས་རྒྱ་ཡིག་དགེ་རྒན་དངོས་སུ་མཉམ་ཞུགས་གནང་གི་ཡོད་པར་བརྟེན་སློབ་ཁྲིད་ལ་ནུས་པ་ལྡན་པ་ཞིག་ཡོང་ངེས་ཡིན་པ་དང་ཕན་ཐོགས་ཆེན་པོ་ཡོང་བར་ཡིད་ཆེས་བྱེད་ཀྱི་ཡོད་ཅེས་གསུངས་འདུག
དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་ལྷོ་སྤྱི་འཇིགས་མེད་ཚུལ་ཁྲིམས་ལགས་ཀྱིས། གན་རྒྱ་དེ་ནི་གོམ་པ་གསར་པ་ཞིག་ཡིན་པ་དང་འབྲེལ། ཤེས་ཡོན་གྱིས་མི་སྤྱི་སྒེར་ཚང་མར་བསྒྱུར་བ་གཏོང་བའི་ནུས་པ་ཡོད་པ་དང་ཤེས་ཡོན་ལ་ས་མཚམས་ཀྱང་མེད་ཅེས་བརྗོད་འདུག་པ་མ་ཟད། ད་ལན་གྱི་གན་རྒྱ་དེའི་བརྒྱུད་ཐེ་ཝན་ནས་དངོས་སུ་རྒྱ་ཡིག་དགེ་རྒན་བསྐོ་བཞག་གནང་བ་དེས་བོད་མི་གཞོན་སྐྱེས་རྣམས་ལ་རྒྱ་ཡིག་ཐད་གོ་རྟོགས་བཟང་པོ་ཡོང་རྒྱུ་དང་སེམས་འགུལ་ཐེབས་ངེས་ཡིན་པ་གསུངས་འདུག
དེ་བཞིན་ལྡི་ལི་བོད་ཀྱི་སྐུ་ཚབ་དོན་ཁང་གི་དྲུང་ཆེ་བཀྲིས་བདེ་སྐྱིད་ལགས་ཀྱིས། གན་རྒྱ་དེ་ནི་དམིགས་བསལ་ཞིག་ཡིན་པ་དང་རྒྱ་སྐད་ཤེས་པའི་བརྒྱུད་བོད་མི་གཞོན་སྐྱེས་རྣམས་ལ་ལས་ཀའི་གོ་སྐབས་མང་པོ་ཐོབ་སྲིད་པ་མ་ཟད། རང་གི་བསམ་ཚུལ་སོགས་རྒྱ་སྐད་ནས་བཤད་ཐུབ་པ་དང་བོད་ཀྱི་འཐབ་རྩོད་ཀྱི་ཆེད་དུ་ཕན་ཐོགས་ཆེན་པོ་ཡོང་གི་རེད་ཅེས་གསུངས་འདུག
རི་འཛེགས་དང་གོམ་བགྲོད། རྔམ་སྟོན་ཁྲོམ་སྐོར་ལམ་ནས་བོད་ཀྱི་གསུམ་བཅུའི་དུས་དྲན་སྲུང་བརྩི་ཞུས་པ།
བོད་ཀྱི་གསུམ་བཅུའི་དུས་དྲན་ཐེངས་ ༦༧ པ་སླེབས་ལ་ཉེ་བ་དང་བསྟུན། ཐེ་ཝན་དང་སུད་སི་གཙོས་པའི་རྒྱལ་ཁབ་འདྲ་མིན་ནང་ཞི་བའི་གོམ་བགྲོད་དང་། རྔམ་སྟོན་ཁྲོམ་སྐོར་སོགས་ཀྱི་ལས་འགུལ་སྤེལ་དང་སྤེལ་མུས་མ་ཟད། ཅེག་སྤྱི་མཐུན་རྒྱལ་ཁབ་ནང་ཡུལ་དེའི་གྲོས་ཚོགས་འཐུས་མི་ཁག་གཅིག་གིས་དབུས་པའི་རྒྱབ་སྐྱོར་བ་རྣམས་ཀྱིས་རེ་འཛེགས་བརྒྱུད་བོད་མིར་གདུང་སེམས་མཉམ་བསྐྱེད་ཞུས་འདུག
དེའང་ཟླ་བ་འདིའི་ཚེས་ ༧ ཉིན། ཅེག་གྲོས་ཚོགས་གོང་མའི་འཐུས་མི་པེ་རེམ་སིལ་ར་བྷ་སི་ Přemysl Rabas ལགས་དང་། ཇི་རི་རུ་ཛི་ཀ་ Jiri Ruzicka ལགས་གཉིས་ཀྱིས་གཙོས་ཅེག་བོད་དོན་རྒྱབ་སྐྱོར་བ་ ༣༠ ལྷག་ནས་ Sněžka ཞེས་ཡུལ་དེའི་རི་བོ་མཐོ་ཤོས་སྟེང་འཛེགས་ཏེ་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་བརྒྱུད་བོད་མིར་གདུང་སེམས་མཉམ་སྐྱེད་མཚོན་པའི་ལས་འགུལ་སྤེལ་ཡོད་ཅིང་། ལས་འགུལ་ནང་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་བློན་གཞོན་པ་ཟུར་པ་སྐུ་ཞབས་མར་ཊིན་བྷུར་སིག་ Martin Bursik མཆོག་དང་། སུད་སི་སྐུ་ཚབ་དོན་གཅོད་འཕྲིན་ལས་ཆོས་སྐྱིད་ལགས། བྷོལ་ཊོན་ Blatno གྲོང་སྡེ་སྤྱི་ཁྱབ་པ་ཨི་ཝ་ཏ་རོ་བྷ་སོ་ཊ་ཧོ་ཕོ་ཝ་ Iveta Rabasová Houfová ལགས། ཅེག་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་དང་ཅེཀ་གྲོས་ཚོགས་འཐུས་མི་བོད་དོན་རྒྱབ་སྐྱོར་ཚོགས་པའི་དྲུང་ཆེ་ཀེ་ཊི་རི་ན་བྷུར་སིག་ཇེག་ Katerina Bursik ལགས། སུད་སི་དོན་ཁང་གི་མཉམ་འབྲེལ་རྒྱལ་ཚོགས་སུ་བོད་དོན་ཞུ་གཏུག་ལས་བྱེད་ཕུན་ཚོགས་སྟོབས་རྒྱལ་ལགས་བཅས་མཉམ་ཞུགས་གནང་འདུག
ལས་འགུལ་དེ་བཞིན་ཅེག་བོད་དོན་རྒྱབ་སྐྱོར་བ་རྣམས་ནས་ Sněžka ཞེས་པར་རི་འཛེགས་ཀྱིས་ཕྱི་ལོ་ ༡༩༥༩ ལོར་བྱུང་བའི་བོད་མིའི་རང་དབང་སྒེར་ལངས་རྗེས་དྲན་སྲུང་བརྩི་ཞུས་པ་ཐེངས་ ༨ པ་ཆགས་ཀྱི་ཡོད་པ་དང་། ལས་འགུལ་འདིའི་བརྒྱུད་ཅེག་བོད་དོན་རྒྱབ་སྐྱོར་བ་ཚོས་བོད་མིའི་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་གི་འཐབ་རྩོད་ལ་རྒྱུན་མཐུད་རྒྱབ་སྐྱོར་ཡོད་པའི་རྣམ་པ་མཚོན་གྱི་ཡོད་པ་རེད་འདུག རིའི་འདབས་སུ་ཅེག་གྲོས་ཚོགས་གོང་མའི་འཐུས་མི་ར་བྷ་སི་ལགས་ཀྱིས་ལས་འགུལ་ཐོག་མཉམ་ཞུགས་གནང་མཁན་ཡོངས་ལ་ཐུགས་རྗེ་ཆེ་ཞུས་པ་དང་སྦྲགས། དེ་སྔོན་ཕྱི་ལོ་ ༢༠༢༥ ཟླ་བ་ ༡༢ ནང་དྷ་རམ་ས་ལར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ནོ་ཝེལ་ཞི་བདེ་གཟེངས་རྟགས་འབུལ་བཞེས་ཀྱི་མཛད་སྒོར་ཅེག་གྲོས་ཚོགས་འཐུས་མིའི་སྐུ་ཚབ་ཚོགས་ཆུང་དང་ལྷན་ཆེད་ཕེབས་གནང་བའི་སྐོར་གསུངས་གྲུབ་རྗེས། ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་བློན་གཞོན་པ་ཟུར་པ་སྐུ་ཞབས་མར་ཊིན་བྷུར་སིག་མཆོག་གིས་ལས་འགུལ་འདིའི་བརྒྱུད་བོད་ནང་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པའི་གནས་སྟངས་རྣམས་གསལ་འདོན་ཐུབ་པའི་རེ་བ་ཡོད་ཅེས་གསུངས་བ་མ་ཟད། འཛམ་གླིང་ནང་མང་གཙོ་ལམ་ལུགས་ཡོད་ནའང་དཀའ་ངལ་མང་དག་ཅིག་འཕྲད་བཞིན་པ་དང་། འགྲོ་བ་མིའི་ཐོབ་ཐང་དང་བཙན་གནོན་འོག་ཡོད་པ་རྣམས་ལ་རྒྱབ་སྐྱོར་མུ་མཐུད་གནང་རྒྱུ་ཡིན་པ་གསུངས་འདུག
མ་ཟད་ཉིན་དེ་རང་ཐེ་ཝན་གྱི་རྒྱལ་ས་ཐའེ་པེ་ནང་ཐེ་ཝན་བོད་རིགས་ཚོགས་པའི་གོ་སྒྲིག་དང་ཐེ་ཝན་བོད་ཀྱི་སྐུ་ཚབ་དོན་ཁང་གི་ལམ་སྟོན་འོག་གཞི་རྒྱ་ཆེ་བའི་རྔམ་སྟོན་ཁྲོམ་སྐོར་ཞིག་གོ་སྒྲིག་ཞུས་འདུག་པ་དང་། སྐབས་དེར་ཐེ་ཝན་གྱི་ས་གནས་གྲོས་ཚོགས་ཀྱི་ཚོགས་མི་གཉིས་དང་ཐེ་ཝན་རྒྱལ་ཡོངས་འགྲོ་བ་མིའི་ཐོབ་ཐང་གི་འགན་འཛིན། དེ་བཞིན་རྒྱ་ནག་ནང་སྡུག་སྦྱོང་མནར་སྤྱོད་མྱོང་ཡོད་མཁན་གྲངས་ཉུང་མི་རིགས་ཁག་གཅིག དེ་བཞིན་ཐེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོད་འབའ་བ་སྐལ་བཟང་རྒྱལ་མཚན་ལགས་དང་། བོད་དང་ཐེ་ཝན་འགྲོ་བ་མིའི་ཐོབ་ཐང་ཚོགས་པའི་དྲུང་ཆེ་བཀྲ་ཤིས་ཚེ་རིང་ལགས། བོད་ཀྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་སྐུ་ཚབ་རྣམ་པ་དང་ས་གནས་མི་མང་། དེ་བཞིན་བོད་དོན་རྒྱབ་སྐྱོར་བ་སོགས་མི་གྲངས་ ༣༠༠ ལྷག་མཉམ་ཞུགས་གནང་འདུག
བོད་དང་ཐེ་ཝན་འགྲོ་བ་མིའི་ཐོབ་ཐང་གསར་འཛུགས་གནང་མཁན་དང་ཚོགས་པའི་དྲུང་ཆེ་བཀྲ་ཤིས་ཚེ་རིང་ལགས་ཀྱིས་འདི་ག་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་དོན་དུ། སྤྱིར་ཐེ་ཝན་ནང་རྒྱལ་ཁབ་གཞན་ལྟར་རྒྱ་ནག་གཞུང་ཚབ་ཁང་མེད་པ་སོང་ཙང་། གཞི་རྒྱ་ཆེ་བའི་གོམ་བགྲོད་ཀྱི་ལས་འགུལ་སྤེལ་བའི་སྐབས་ལམ་ཟུར་ལ་ཡོད་པའི་རྒྱ་ནག་གི་དངུལ་ཁང་ཞིག་གི་མདུན་དུ་སྐད་འབོད་དང་ལས་འགུལ་དང་འབྲེལ་བའི་གཏམ་བཤད་ཀྱི་ལས་རིམ་ཞིག་གོ་སྒྲིག་གནང་འདུག་པ་དང་། སྐབས་དེར་གཏམ་བཤད་པ་རྣམས་ཀྱིས་བོད་དོན་ལ་རྒྱབ་སྐྱོར་དང་སྦྲགས། སྔ་ལོར་ཟླ་ ༧ ཚེས་ ༢ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་༸སྐུའི་ཡང་སྲིད་དང་འབྲེལ་ནས་ཡོངས་ཁྱབ་གསལ་བསྒྲགས་སྤེལ་བ་བཞིན་ཐེ་ཝན་ནས་ཀྱང་གསལ་བསྒྲགས་དེ་བཞིན་༸སྐུའི་ཡང་སྲིད་ཀྱི་ཐག་གཅོད་དེ་ཉིད་༸གོང་ས་མཆོག་གི་བླ་བྲང་དགའ་ལྡན་ཕོ་བྲང་ཡིད་ཆེས་དགེ་རྩའི་དབང་ལྡན་འགན་འཛིན་རྣམས་ལ་ཡོད་པ་ལས་གཞན་སུས་ཀྱང་གནད་དོན་དེར་ཐེ་བྱུས་བྱས་ཚེ་ངོས་ལེན་མེད་ཅེས་གསལ་བསྒྲགས་གནང་ཡོད་སྐོར་སོགས་འགྲེལ་བརྗོད་གནང་སོང་།
མ་ཟད་ཁོང་གིས་ཐེ་ཝན་ནང་གཞོན་སྐྱེས་རྣམས་ཀྱིས་ཀྱང་བོད་དོན་ཐོག་ལ་དོ་སྣང་ཧ་ལས་པ་གནང་གི་ཡོད་སྐོར་དང་འབྲེལ། བོད་དོན་གྱི་ལས་འགུལ་ཐོག་ཐེ་ཝན་ནང་གི་གསར་ཁང་མང་པོ་ནས་ཀྱང་དོ་སྣང་ཡག་པོ་གནང་གི་འདུག་ཅེས་འགྲེལ་བརྗོད་གནང་སོང་བ་མ་ཟད། ཐེ་ཝན་དེ་བཞིན་རྒྱ་སྐད་བེད་སྤྱོད་བྱེད་མཁན་གྱི་རྒྱལ་ཁབ་ཅིག་ཡིན་པའི་ཆ་ནས། བོད་དོན་དང་འབྲེལ་བའི་ལས་འགུལ་གང་འདྲ་ཞིག་སྤེལ་ཡང་རྒྱ་ནག་གི་མི་མང་དཀྱུས་མ་ཚོ་ལའང་ཤུགས་རྐྱེན་ཐེབས་ཐུབ་ཀྱི་འདུག་ཅེས་འགྲེལ་བརྗོད་གནང་སོང་།
ཕྱོགས་མཚུངས་ཟླ་འདི་ཚེས་ ༥ ཉིན་སུད་སི་རྒྱལ་ས་བན་ནས་ཛུ་རིག་བར་བོད་ཀྱི་རང་དབང་དང་བདེན་པའི་འཐབ་རྩོད་ཆེད་དུ་ཉིན་གྲངས་བདུན་རིང་ཞི་བའི་གོམ་བགྲོད་ཀྱི་ལས་འགུལ་ཞིག་དབུ་འཛུགས་གནང་ཡོད་པ་ལྟར། དེ་རིང་ཉིན་དྲུག་པར་ལས་འགུལ་བ་རྣམས་སུད་སི་གྲོང་ཁྱེར་བྷ་དྷན་ནང་འབྱོར་ཡོད་ཅིང་། སང་ཉིན་སུམ་ཅུ་དུས་དྲན་དངོས་ཀྱི་ཉིན་སུད་སི་གྲོང་ཁྱེར་ཛུ་རིག་ཏུ་འབྱོར་ཏེ་གཞུང་འབྲེལ་མཛད་སྒོ་བརྒྱུད་ལས་འགུལ་མཇུག་བསྒྲིལ་གནང་གི་ཡོད་པ་རེད།
འདི་ག་རླུང་འཕྲིན་ཁང་གིས་ལས་འགུལ་སྣེ་ཁྲིད་གནང་མཁན་སུད་སི་དང་ལིག་ཏེན་སིཊཡན་བོད་རིགས་མི་མང་གི་ཚོགས་གཙོ་འབྲོང་པ་ཚང་ངེས་དོན་རྒྱ་མཚོ་ལགས་སུ་བཀའ་འདྲི་ཞུས་པར་ཁོང་གིས། སང་ཉིན་གྱི་མཛད་སྒོ་སྐབས་གྲོང་ཁྱེར་གྱི་སྤྱི་ཁྱབ་དཔོན་པོ་ Mario Fehr ལགས་གདན་ཞུས་ལྟར་ཆེད་ཕེབས་གནང་གི་ཡོད་པ་མ་ཟད། སུད་སི་སྐུ་ཚབ་དོན་ཁང་གི་སྐུ་ཚབ། རི་དཀོན་དགོན་པའི་མཁན་པོ་དང་བླ་སྤྲུལ་རྣམ་པ། དེ་བཞིན་བོད་ཀྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་སྐུ་ཚབ་རྣམ་པ། ས་གནས་ཀྱི་མི་མང་དང་བོད་དོན་རྒྱབ་སྐྱོར་བ་སོགས་མཉམ་ཞུགས་གནང་རྒྱུ་ཡིན་པ་དང་འབྲེལ། གསར་འགོད་གསལ་བསྒྲགས། སུད་སི་གྲོས་ཚོགས་འཐུས་མིའི་གསུང་འཕྲིན་སོགས་སྒྲོག་སྦྱང་གནང་རྒྱུ་ཡིན་སྐོར་གསུང་བ་མ་ཟད། ཛུ་རིག་ནང་དུ་ཆུ་ཚོད་གཅིག་རིང་ཞི་བའི་གོམ་བགྲོད་གནང་རྒྱུ་ཡིན་སྐོར་སོགས་གསུངས་གནང་སོང་།
ཕྱོགས་མཚུངས་ད་ལན་གྱི་ཉིན་བདུན་གྱི་ཞི་བའི་གོམ་བགྲོད་ནང་མཉམ་ཞུགས་གནང་མཁན་མིག་དམར་ཚེ་རིང་ལགས་སུ་ལས་འགུལ་དེ་དང་འབྲེལ་ནས་རང་ཉིད་ཀྱི་ཚོར་བ་དང་ཉམས་མྱོང་ཇི་བྱུང་སོགས་ཀྱི་སྐོར་བཀའ་འདྲི་ཞུས་པར་ཁོང་གིས། ད་ལན་གྱི་ཞི་བའི་གོམ་བགྲོད་ཀྱི་ལས་འགུལ་དེ་ནི་གནད་འགག་ཆེན་པོ་ཞིག་ཆགས་ཀྱི་ཡོད་པ་མ་ཟད། བཙན་བྱོལ་དུ་བཞུགས་པའི་བོད་མི་རྣམས་ནི་བོད་ནང་གི་བོད་མི་རྣམས་ཀྱི་སྐུའི་སྐུ་ཚབ་དང་གསུང་གི་གསུང་ཚབ་ཡིན་པའི་ཆ་ནས་ང་ཚོས་བོད་དོན་ལས་འགུལ་གང་མང་སྤེལ་དགོས་པ་དང་། བོད་ནང་གི་བོད་མི་ཚོའི་དངོས་ཡོད་ཀྱི་གནས་སྟངས་སོགས་རྒྱལ་སྤྱིའི་སྡིངས་ཆའི་ཐོག་དྲིལ་བསྒྲགས་དང་གླེང་དགོས་རྒྱུ་ནི་གལ་ཆེ་ཞིག་ཆགས་ཀྱི་ཡོད་པར་མཐོང་སྟེ། དེ་འདྲ་བའི་ལས་འགུལ་ནང་མཉམ་ཞུགས་གནང་དགོས་གལ་ཆེ་བ་མཐོང་ཞེས་གསུངས་སོང་།
ཁེ་ན་ཌའི་སྲིད་བློན་རྒྱ་ནག་ཏུ་མ་ཕེབས་གོང་གྲོས་ཚོགས་འཐུས་མི་གཉིས་ཀྱིས་ཐེ་ཝན་གྱི་འཚམས་གཟིགས་སྔ་སྣུར་གྱིས་མཚམས་འཇོག་བྱས་འདུག
ཁེ་ན་ཌའི་སྲིད་བློན་རྒྱ་ནག་ཏུ་མ་ཕེབས་གོང་གྲོས་ཚོགས་འཐུས་མི་གཉིས་ཀྱིས་ཐེ་ཝན་གྱི་འཚམས་གཟིགས་སྔ་སྣུར་གྱིས་མཚམས་འཇོག་བྱས་འདུག
ཞི་ཅིན་ཕིང་གིས་སྤྱི་ལོ་གསར་པའི་གཏམ་བཤད་ནང་ཐེ་ཝན་བཙན་བཟུང་བྱ་རྒྱུའི་བརྡ་ལན་བསྐྱར་ནན་བྱས་འདུག
ཉེ་ཆར་རྒྱ་ནག་གི་ཐེ་ཝན་ཉེ་འགྲམ་དུ་དམག་གི་སྦྱོང་བརྡར་ཤུགས་ཆེ་ཞིག་མཇུག་སྒྲིལ་བྱས་པའི་ཉིན་གཅིག་རྗེས། ཁ་ཉིན་སྲིད་འཛིན་ཞི་ཅིན་ཕིང་གིས་སྤྱི་ལོ་གསར་པའི་གཏམ་བཤད་ནང་དུ། ཐེ་ཝན་རྒྱ་ནག་ལྷན་དུ་ཟླ་སྒྲིལ་གཏང་རྒྱུ་དེ་ནི་ལྡོག་ཏུ་མི་ཐུབ་པའི་དུས་རབས་ཀྱི་འགྲོ་ལུགས་ཤིག་ཡིན་སྐོར་དང་འབྲེལ། ངེས་པར་དུ་ཟླ་སྒྲིལ་གཏང་རྒྱུ་ཡིན་པ་སོགས་བརྗོད་འདུག
དེ་ཡང་ཁ་སང་རྒྱ་ནག་གཞུང་འབྲེལ་བརྒྱུད་ལམ་ཁག་གི་ཐོག་ལ་སྲིད་འཛིན་ཞི་ཅིན་ཕིང་གི་སྤྱི་ལོ་གསར་པའི་གཏམ་བཤད་ཡོང་བསྒྲགས་བྱས་པའི་ནང་དུ། རྒྱ་ནག་དང་ཐེ་ཝན་གྱི་རྒྱ་རིགས་མང་ཚོགས་གཉིས་དབར་ཁྲག་དང་སྤུན་ཉེ་འབྲེལ་གྱི་འབྲེལ་བ་ཤུགས་ཆེ་ཞིག་ཡོད་སྐོར་དང་འབྲེལ། ཐེ་ཝན་རྒྱ་ནག་ལྷན་དུ་ཟླ་སྒྲིལ་བཏང་སྟེ་མེ་རྒྱལ་གོང་བུ་གཅིག་ཏུ་སྒྲིལ་རྒྱུ་དེ་ནི་དུས་རབས་ཀྱི་འགྲོ་ལུགས་གཅིག་དང་བཀག་མི་ཐུབ་པའི་གནད་དོན་ཞིག་རེད་ཅེས་བརྗོད་དེ་ཐེ་ཝན་བཙན་བཟུང་གིས་རྒྱ་ནག་གི་ལྷན་དུ་ཟླ་སྒྲིལ་གཏང་རྒྱུའི་བརྡ་ལན་བསྐྱར་ནན་བྱས་འདུག
མ་ཟད་བདུན་ཕྲག་འདིའི་རེས་གཟའ་མིག་དམར་དང་ལྷག་པ་གཉིས་ལ་རྒྱ་ནག་དམག་གིས་ Justice Mission 2025 ཞེས་ཐེ་ཝན་མཚོ་གླིང་གི་ཉེ་འགྲམ་དུ་འཐབ་འཛིང་གནམ་གྲུ་ ༢༠༠ ལྷག་དང་མེ་ཤུགས་འཕུར་མདའ། མི་མེད་གནམ་གྲུ་བཏང་བ་སོགས་ཀྱི་དམག་གི་སྦྱོང་བརྡར་བྱས་པའི་བརྒྱུད་ནས་ཐེ་ཝན་ལ་འཇིགས་སྐུལ་དང་། ཐེ་ཝན་རང་བཙན་རྩོད་རྒྱུའི་བསམ་བློ་འཁྱེར་མཁན་རྣམས་ལ་ཉེན་བརྡ་ཤུགས་ཆེན་པོ་ཞིག་བཏང་ཡོད་འདུག དེ་དོན་ཁ་ཉིན་ཐེ་ཝན་སྲིད་འཛིན་ Lai Ching-te ཡི་སྤྱི་ལོ་གསར་པའི་གཏམ་བཤད་ཁྲོད། རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ངོས་ནས་ཐེ་ཝན་མང་ཚོགས་ལ་སོ་སོའི་བདེ་འཇགས་སྲུང་སྐྱོབ་བྱ་རྒྱུའི་ནུས་པ་ཡོད་མིན་བལྟས་ནས་བསྡད་ཡོད་སྐོར་དང་འབྲེལ། ཐེ་ཝན་མང་ཚོགས་དང་ལྷག་པར་དུ་ཡུལ་དེའི་ཕྱོགས་འགལ་ཚོགས་པ་རྣམས་ལ་ཨ་སྒོར་ཐེར་འབུམ་ ༤༠ ཙམ་གྱི་ཐེ་ཝན་གྱི་རྒྱལ་སྲུང་འགྲོ་གྲོན་ལ་རྒྱབ་སྐྱོར་གནང་དགོས་པའི་སྐུལ་འདེབས་གནང་བ་མ་ཟད། ཡོང་རྒྱུའི་ཕྱི་ལོ་ ༢༠༢༦ དེ་ནི་ཐེ་ཝན་ལ་གནད་འགག་ཆེན་པོ་ཆགས་ཀྱི་ཡོད་སྟབས། ང་ཚོའི་སྡུག་ས་ནས་གྲ་སྒྲིག་དང་ཡག་ས་ནས་རེ་བ་རྒྱག་དགོས་པ་གསུངས་འདུག
སྲིད་འཛིན་ཞི་ཅིན་ཕིང་གི་གཏམ་བཤད་ནང་ལྷག་པར་དུ་སྤྱི་ལོ་ ༢༠༢༥ མཇུག་སྒྲིལ་བ་དང་སྦྲགས་ནས་རྒྱ་ནག་གི་ལོ་ལྔ་ཚན་གྱི་འཆར་གཞི་ཐེངས་ ༡༤ པ་དེ་ཡང་མཇུག་སྒྲིལ་མཚམས་སུ་སླེབས་ཡོད་སྐོར་དང་འབྲེལ། འདས་པའི་ལོ་ལྔའི་ནང་རྒྱ་ནག་གི་དཔལ་འབྱོར་སྟོབས་ཤུགས་དང་མཚན་རིག་དང་འཕྲུལ་ལས་ནུས་ཤུགས། དེ་བཞིན་རྒྱལ་སྲུང་དང་རྒྱལ་ཁབ་ཀྱི་སྟོབས་ཤུགས་སྔར་ལས་ལྷག་པའི་ཚད་གཞིར་སླེབས་ཡོད་སྐོར་དང་། རྒྱལ་སྤྱིའི་གཞུང་ཚོགས་ཁག་དང་ཁོར་ཡུག་ཉམས་ཞིབ་པ་རྣམས་ཀྱིས་མངོན་གསལ་དོད་པོའི་ཐོག་སེམས་འཚབ་འགྲེལ་བརྗོད་གནང་བཞིན་པའི་བོད་ཀྱི་ཡར་ཀླུངས་གཙང་པོའི་སྟེང་ཨ་སྒོར་ཐེར་འབུམ་ ༡༧༠ ཙམ་གྱི་འགྲོ་གྲོན་གནས་པའི་འཛམ་གླིང་ནང་གི་ཆུ་མཛོད་ཆེ་ཤོས་གསར་རྒྱག་གི་ལས་གཞི་འགོ་བཙུགས་ཟིན་པ་བརྗོད་འདུག
རྩ་བའི་དབྱེ་ཞིབ་པ་རྣམས་ཀྱི་གསུངས་ན། རྒྱ་ནག་གི་བོད་ནང་ཆུ་མཛོད་གསར་རྒྱག་གི་ལས་གཞི་དེ་དག་གི་བོད་ནང་ཆུ་ལོག་དང་ས་འགུལ། གནམ་ཤིས་འགྱུར་ལྡོག་ལ་དོ་ཕོག ལྷག་པར་དུ་ས་གནས་མང་ཚོགས་བཙན་སྤོ་སོགས་ཀྱི་དཀའ་ངལ་མང་དག་ཅིག་འཕྲད་གཞི་ཆགས་ཀྱི་ཡོད་པ་མ་ཟད། རྒྱ་གར་དང་ལྷོ་ཨེ་ཤི་ཡའི་རྒྱལ་ཁབ་ཀྱི་ནང་དུའང་ཆུ་ལོག་སོགས་ཀྱི་རྒྱུ་རྐྱེན་ཆགས་པ་མ་ཟད། མ་འོངས་རྒྱལ་ཁབ་ཕྱོགས་ཕན་ཚུན་དབར་རྩོད་རྙོག་བྱུང་བའི་སྐབས་སུ་ཆབ་སྲིད་ཀྱི་ལག་ཆར་བེད་སྤྱོད་བཏང་བའི་ཉེན་ཁ་ཆེན་པོ་ཞིག་ཆགས་ཀྱི་ཡོད་པ་གསལ་སྟོན་གནང་ཡོད་པ་རེད།
དེ་བཞིན་ཐེངས་འདིའི་གཏམ་བཤད་ཁྲོད་ཞི་ཅིན་ཕིང་གིས་དམར་ཤོག་ཚོགས་པ་ས་བརྟན་ཡོད་པ་གཅིག་པོས་རྒྱ་ནག་དེ་སྟོབས་ཤུགས་ཅན་ཞིག་བཟོ་ཐུབ་རྒྱུ་ཡིན་སྐོར་དང་འབྲེལ། ཁོང་ཚོས་སློབ་གསོ་དང་ལྐོག་ཟས་ལ་རྡུང་རྡེག་སོགས་ཀྱི་བཅོས་བསྒྱུར་གྱི་ཐོག་ནས་དམར་ཤོག་ཚོགས་པའི་འགྲོ་ལུགས་དང་གཞུང་འཛིན་ཡར་རྒྱས་བཏང་ཡོད་ལུགས་སོགས་ཀྱང་བརྗོད་འདུག
ཐེངས་འདིའི་གཏམ་བཤད་ནང་ཞི་ཅིན་ཕིང་གིས་འདས་ལོར་བོད་དང་ཤིན་ཅང་ནང་དུ་བསྐྱོད་པའི་སྐོར་དང་འབྲེལ། ས་ཁུལ་དེ་དག་ནང་དུ་མང་ཚོགས་རྣམས་བདེ་སྐྱིད་ཀྱི་ཚོར་བར་རོལ་བཞིན་ཡོད་པ་དང་། རྒྱལ་ཁབ་ལ་དགའ་ཞེན་གྱི་བློ་ཤུགས་ཆེ་ཡོད་ཚུལ་སོགས་རྒྱུན་ལྡན་གྱི་འཁྱོག་བརྗོད་ཀྱང་བྱས་འདུག
འདི་གའི་གསར་འགོད་པའི་སུད་སི་སྐུ་ཚབ་དོན་ཁང་གི་རྒྱ་རིགས་འབྲེལ་མཐུད་པ་དང་རྒྱ་ནག་ཉམས་ཞིབ་པ་སངས་རྒྱས་སྐྱབས་ལགས་སུ་བཀའ་འདྲི་ཞུ་སྐབས། ཞི་ཅིན་ཕིང་གིས་རྒྱུན་ལྡན་བཞིན་རྒྱ་ནག་གི་འཁྱོག་བཤད་དྲིལ་བསྒྲགས་གཏམ་བཤད་རང་སྤེལ་ཡོད་པ་དང་གནད་དོན་དེ་དག་ཁྲོད་བོད་མིའི་ངོས་ནས་བོད་ཀྱི་བདེན་དོན་གྱི་གོ་རྟོགས་སྤེལ་རྒྱུ་དེ་བས་གལ་ཆེ་བ་ཡིན་སྐོར་སོགས་གསུངས་སོང་།
རྒྱ་ནག་གིས་ཨ་རིའི་རྒྱལ་སྲུང་ཚོང་ལས་ཁང་ཁག་གཅིག་ལ་སྲིད་དོན་ཉེས་ཆད་དང་ཐེ་ཝན་མཐའ་འཁོར་དུ་དམག་སྦྱོང་འགོ་འཛུགས།
རྒྱ་གཞུང་གིས་ཐེ་ཝན་དེ་ཉིད་འདས་མ་ད་གསུམ་ནས་རྒྱ་ནག་གི་ཆ་ཤས་ཡིན་ཚུལ་དང་། ཐེ་ཝན་རྒྱ་ནག་དང་ཁ་བྲལ་གཏོང་རྒྱུའི་ལས་དོན་རིགས་ལ་མཐའ་གཅིག་ཏུ་ངོ་རྒོལ་བྱེད་བཞིན་པའི་ཁྲོད། ཉེ་ལམ་ཨ་རིའི་ཊམ་སྲིད་གཞུང་གིས་ཐེ་ཝན་ལ་ཨ་སྒོར་ཐེར་འབུམ་ ༡༡ ལྷག་ཙམ་གྱི་རིན་གོང་ལྡན་པའི་དམག་གི་གོ་མཚོན་ཚོང་འགྲེམ་བྱ་རྒྱུ་ཁས་ལེན་བྱས་པ་ལྟར། རྒྱ་ནག་གཞུང་གིས་དེའི་ལན་དུ་ཨ་རིའི་རྒྱལ་སྲུང་ཚོང་ལས་ཁང་ཁག་གཅིག་དང་འབྲེལ་ཡོད་འགན་འཛིན་ཁག་གཅིག་ལ་སྲིད་དོན་ཉེས་ཆད་བཀལ་བ་མ་ཟད། དེ་རིང་ཐེ་ཝན་གྱི་མཐའ་འཁོར་དུ་དམག་སྦྱོང་འགོ་འཛུགས་བྱས་འདུག
དེ་ཡང་རྒྱལ་སྤྱིའི་བརྒྱུད་ལམ་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཟླ་འདིའི་ཕྱི་ཚེས་ ༢༦ ཉིན་རྒྱ་ནག་གཞུང་གིས་ Northrop Grumman Systems དང་། L3Harris Marine Division། Boeing St. Louis Division གཙོས་ཨ་རིའི་རྒྱལ་སྲུང་དང་འབྲེལ་བའི་ལག་རྩལ་བཟོ་ལས་ཁང་ ༢༠ དང་། དེ་དག་གི་འབྲེལ་ཡོད་འགན་འཛིན་སོགས་མི་སྣ་ ༡༠ ལ་སྲིད་དོན་ཉེས་ཆད་འགེལ་རྒྱུའི་གསལ་བསྒྲགས་སྤེལ་འདུག་པ་དང་། དེ་ནི་ཊམ་སྲིད་གཞུང་གིས་འདི་ལོའི་ཕྱི་ཟླ་ ༨ ཚེས་ ༡༨ ཉིན་ཐེ་ཝན་ལ་ HIMARS ཞེས་འགུལ་ཤུགས་ཆེ་བའི་མེ་ཤུགས་འཕུར་མདའི་མ་ལག་སོགས་ཁྱོན་ཨ་སྒོར་ཐེར་འབུམ་ 11.15 ཡི་གོ་མཚོན་ཚོང་འབྲེལ་མོས་མཐུན་བྱས་པར་བརྟེན་ནས་ཡིན་སྐོར་བརྗོད་པ་མ་ཟད། རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱིས་ཐེ་ཝན་གྱི་གནད་དོན་ཐད་རྒྱ་ནག་གིས་དམར་ཐིག་བརྒལ་བའི་གནད་དོན་གང་རུང་ལ་ལན་འདེབས་བརྟན་པོ་བྱེད་རྒྱུ་ཡིན་ཅེས་བཤད་འདུག
རྒྱ་གཞུང་གིས་ཨ་རིའི་རྒྱལ་སྲུང་ཚན་པའི་ཆེད་མཁས་མི་སྣ་དེ་དག་ལ་སྲིད་དོན་ཉེས་ཆད་འགེལ་རྒྱུའི་གསལ་བསྒྲགས་ཐོན་ཕྲལ་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པས། རྒྱ་གཞུང་གི་བྱ་ཐབས་དེར་སྐྱོན་བརྗོད་དང་འབྲེལ། ཐེ་ཝན་ཐོག་དམག་དོན་དང་། ཕྱི་འབྲེལ། དཔལ་འབྱོར་གྱི་གནོན་ཤུགས་མཚམས་འཇོག་དགོས་པའི་འབོད་སྐུལ་བསྐྱར་ནན་བྱས་འདུག་པ་དང་། ཐེ་ཝན་ལ་མཚོན་ཆ་ཚོང་བ་ནི་ཨ་རིའི་ཐེ་ཝན་འབྲེལ་བའི་ཁྲིམས་ཡིག་དང་མཐུན་པ་མ་ཟད། སྲིད་འཛིན་རིམ་བྱུང་གི་སྲིད་ཇུས་རྒྱུན་འཁྱོངས་བྱས་པ་ཞིག་ཡིན་པ་ནན་བཤད་བྱས་འདུག
རྒྱ་ནག་གི་སྲིད་དོན་ཉེས་ཆད་དེའི་ནང་མིང་འདོན་བྱས་པའི་ཚོང་ལས་ཁང་དང་འགན་འཛིན་པའི་རྒྱུ་ནོར་ཡོངས་རྫོགས་རྒྱ་ནག་ནང་བཀག་སྡོམ་དང་། རྒྱ་ནག་གི་ཚོང་ལས་ཁང་དང་མི་སྒེར་གྱིས་ཁོ་ཚོའི་མཉམ་དུ་དངུལ་འབྲེལ་ལམ་མཉམ་ལས་བྱེད་ཆོག་གི་མེད་ཚུལ་བརྗོད་ཡོད་པ་རེད།
རྩ་བའི་དེ་སྔ་ཨ་རིའི་སྲིད་ཛིན་ Biden མཆོག་གི་སྐབས་སུའང་གནས་སྟངས་དེ་ལྟ་བུའི་འོག་རྒྱ་ནག་གིས་ཨ་རིའི་ཚོང་ལས་ཁང་ ༧ ལ་སྲིད་དོན་ཉེས་ཆད་བཀལ་མྱོང་ཡོད་པ་དང་། ཐེངས་འདིར་རྒྱ་ནག་གིས་ཚོང་ལས་ཁང་ ༢༠ དང་འབྲེལ་ཡོད་འགན་འཛིན་ ༡༠ ལ་དེ་ལྟར་ཉེས་ཆད་བཀལ་བ་དེ་ནི་ཁྱབ་ཆེ་ཤོས་ཤིག་ཆགས་ཡོད་ཅིང་། ཚོང་ལས་ཁང་ ༢༠ དེ་དག་ཁོངས་སུ་དེ་སྔ་ཉེས་ཆད་བཀལ་མྱོང་ཡོད་པ་ཁག་གཅིག་ཀྱང་ཡོད་པ་རེད་འདུག
སྤྱིར་གནད་དོན་དབྱེ་ཞིབ་པས་བརྗོད་དོན་ལྟར་ན། རྒྱ་ནག་གིས་མཁྲེགས་འཛིན་ལངས་ཕྱོགས་དེའི་དམིགས་ཡུལ་ནི་ལོ་རྗེས་མའི་ཕྱི་ཟླ་ ༤ པའི་ནང་ཨ་རིའི་སྲིད་འཛིན་ཊམ་མཆོག་རྒྱ་ནག་ཏུ་ཕྱོགས་ཕེབས་གནང་གི་ཡོད་པ་དང་འབྲེལ་ནས་གསལ་སྟོན་གནང་བ་ཞིག་ཡིན་པ་མ་ཟད། ཁག་གཅིག་གིས་ཉེ་ལམ་རྒྱ་ནག་གིས་རང་འབྱུང་གཏེར་ཁ་ཕྱིར་ཚོང་དང་འབྲེལ་ནས་དོ་དམ་སྟངས་འཛིན་ཐད་ཁེ་ཕན་ཐོབ་ཡོད་པར་ཕྱོགས་གཉིས་བར་གྱི་ཚོང་དོན་སྒོ་ཁྲལ་གྱི་རྩོད་གླེང་བྱུང་བཞིན་པ་ལ་ལྟོས་མེད་རང་རྒྱལ་ཁབ་ཀྱི་ཁེ་ཕན་གཙོ་བོ་དེ་དག་སྲུང་སྐྱོབ་ཐད་ཐབས་ཤེས་གང་ཐུབ་བྱེད་ཀྱི་ཡོད་པ་གསུང་བཞིན་འདུག
ཨ་རིས་ཐེ་ཝན་ལ་དེ་ལྟ་བུའི་ཨ་སྒོར་ཐེར་འབུམ་མང་པོའི་དམག་གི་གོ་མཚོན་ཚོང་འགྲེམ་གསལ་སྒྲགས་བྱས་པ་དེའི་ཁྲོད། དེ་རིང་གསར་དུ་གནས་ཚུལ་ཐོན་པར་གཞིགས་ན། རྒྱ་ནག་གཞུང་གིས་ཟླ་བ་དགུ་ལྷག་ཙམ་གྱི་དུས་ཡུན་རྗེས། རྒྱ་ནག་མི་དམངས་བཅིངས་གྲོལ་དམག་གིས་དྲང་བདེན་ལས་འགུལ་ ༢༠༢༥ ཞེས་པའི་མིང་སྦྱང་འོག ཐེ་ཝན་གྱི་མཐའ་འཁོར་དུ་དམག་སྦྱོང་ཆེན་མོ་ཞིག་འགོ་འཛུགས་བྱས་འདུག་པ་དང་། དམག་དཔུང་རྣམས་ཀྱིས་ད་ལྟའི་ཆར་ཐེ་ཝན་མཐའ་འཁོར་དུ་དངོས་སུ་མེ་འཕེན་སོགས་ལག་བསྟར་བྱེད་བཞིན་ཡོད་པ་མ་ཟད། དམག་སྦྱོང་དེའི་ཁྲོད། རྒྱ་ནག་མི་དམངས་བཅིངས་གྲོལ་དམག་དཔུང་གིས་མཚོ་ངོས་སུ་དམག་གྲུ་དང་། མཁའ་དམག་གནམ་གྲུ། མེ་ཤུགས་འཕུར་མདའ་རུ་ཁག རྒྱ་ནག་རྒྱ་མཚོའི་མཚོ་སྲུང་དམག་དཔུང་གི་གྲུ་གཟིངས་བཅས་མཉམ་འདུས་ཀྱིས་བཀོད་སྒྲིག་བྱས་ཏེ། ཕྱོགས་མང་པོ་ནས་ཐེ་ཝན་ལ་བསྐོར་ནས་དམག་སྦྱོང་བྱེད་བཞིན་པ་དང་། རྒྱ་ནག་ངོས་ནས་དེ་ནི་ཐེ་ཝན་རང་བཙན་རྩོད་མཁན་རྣམས་ལ་ཉེན་བརྡ་དང་། རྒྱ་ནག་གིས་རང་ཉིད་ཀྱི་ས་ཁོངས་བདག་དབང་དང་ཆིག་བསྒྲིལ་སྲ་བརྟན་བཟོ་ཆེད་གོ་སྒྲིག་བྱས་པ་ཞིག་ཡིན་ཚུལ་བརྗོད་འདུག
ཉི་འོང་དང་རྒྱ་ནག་བར་འབྲེལ་ལམ་ཇེ་སྡུག་ཏུ་འགྲོ་བཞིན་འདུག
ཉི་འོང་དང་རྒྱ་ནག་བར་ཐའེ་ཝན་གྱི་གནད་དོན་དང་འབྲེལ་ནས་འབྲེལ་ལམ་ཇེ་སྡུག་ཏུ་འགྲོ་བཞིན་ཡོད་པའི་ཁྲོད། ཕན་ཚུན་བར་གྱི་ཚོང་འབྲེལ་དང་བདེ་འཇགས་སོགས་ལ་ཉེན་འཚབ་ཇེ་ཆེར་འགྲོ་བཞིན་ཡོད་པ་རེད་འདུག
དེ་ཡང་རྒྱ་གཞུང་གིས་ཐའེ་ཝན་ནི་རྒྱ་ནག་གི་ལྡོག་ཏུ་མེད་པའི་ཆ་ཤས་ཤིག་ཡིན་པ་དང་། རྒྱ་ནག་གཅིག་གི་ཁྱབ་ཁོངས་སུ་སླེབས་ཐབས་ལ་དམག་རྒྱག་དགོས་བྱུང་ཡང་དེ་ལྟར་བྱ་རྒྱུ་ཡིན་པ་བཤད་ཀྱི་ཡོད། ཟླ་བ་འདིའི་ཚེས་ ༧ ཉིན་ཉི་འོང་གི་སྲིད་བློན་ Sanae Takaichi སཱ་ནེ་ཏཱ་ཀཡེ་ཆི་མཆོག་གིས་ཡུལ་དེ་གའི་གྲོས་ཚོགས་སུ་ཐའེ་ཝན་གྱི་གནད་དོན་དང་འབྲེལ་ནས་ཕྱོགས་འགལ་ཚོགས་པའི་དྲི་བར་ལན་འདེབས་ཁྲོད། ཁོང་གིས་རྒྱ་ནག་ནས་ཐའེ་ཝན་དབང་སྒྱུར་བྱ་ཐབས་སུ་མཚོ་ལམ་བཀག་འགོག་དང་དམག་དོན་བེད་སྤྱོད་བྱས་ཚེ་དེ་ནི་ཉི་འོང་གི་འཚོ་གནས་ལ་ཉེན་འཚབ་ཆེ་བར་འགྱུར་ཉེན་ཡོད་སྟབས། དེར་རྒོལ་ལན་དུ་ཨ་རིས་མཚོ་དམག་བཏང་ཚེ་ཉི་འོང་ནས་རང་ཉིད་དང་མཐུན་ཕྱོགས་སྲུང་སྐྱོབ་སླད་དུ་དམག་དོན་ནང་བཞུགས་རྒྱུ་ཡིན་སྐོར་བརྗོད་པ་རེད།
གནད་དོན་དེའི་རྐྱེན་པས་རྒྱ་ནག་གི་ངོས་ནས་སྐྱོན་བརྗོད་ཤུགས་ཆེ་བྱས་དང་བྱེད་བཞིན་ཡོད་པ་དང་། ལྷག་པར་ཟླ་བ་འདིའི་ཚེས་ ༨ ཉིན་ཉི་འོང་དུ་རྟེན་གཞི་བྱས་པའི་རྒྱ་ནག་གཞུང་ཚབ་པས་ X སྤྱི་ཚོགས་དྲ་ལམ་ཐོག་ཁོ་མོས་ཐའེ་ཝན་གྱི་གནད་དོན་དང་འབྲེལ་ནས་དེ་ལྟར་བཤད་པར་མགོ་བོ་གཅད་དགོས་པའི་སོགས་བྲིས་ཏེ་ཉེན་བརྡ་བཏང་ཡོད་པ་དེ་ལྟར་ཡང་། རྗེས་སུ་སྤྱི་ཚོགས་དྲ་རྒྱར་བྲིས་པ་དེ་བསུབས་ཡོད་ཅིང་། རྒྱ་གཞུང་གིས་ཡུལ་དེར་རྟེན་གཞི་བྱས་པའི་ཉི་འོང་གཞུང་ཚབ་པ་འབོད་འགུགས་ཀྱིས་སྲིད་བློན་ Sanae Takaichi སཱ་ནེ་ཏཱ་ཀཡེ་ཆིས་ཐའེ་ཝན་གྱི་གནད་དོན་ཐོག་བཤད་པ་དེ་ཕྱིར་འཐེན་བྱ་དགོས་སྐོར་བརྗོད་པ་མ་ཟད། ཉི་འོང་གཞུང་གིས་ཀྱང་རྒྱ་ནག་གཞུང་ཚབ་པ་འབོད་འགུགས་ཀྱི་སྐྱོན་བརྗོད་ཤུགས་ཆེ་བྱས་ཡོད་པ་རེད།
ལྷག་པར་ཚེས་ ༡༧ ཉིན་རྒྱལ་འབྲེལ་རྩོད་རྙོག་སེལ་ཐབས་སུ་ཉི་འོང་ཕྱི་སྲིད་ལས་ཁུངས་ཀྱི་ཁྱབ་ཁོངས་ཨེ་ཤི་ཡའི་སྡེ་ཚན་སྐུ་ཚབ་ཚོགས་ཆུང་ཞིག་རྒྱ་ནག་གི་རྒྱལ་ས་པེ་ཀིང་ནང་དུ་ཆེད་གཏོང་གིས་ཕྱོགས་གཉིས་བར་གྲོས་མོལ་བྱུང་ཡོད་ཀྱང་། དོན་འབྲས་གང་ཡང་སོན་མེད་པ་མ་ཟད། རྒྱ་ནག་གི་ངོས་ནས་ཡུལ་དེ་གའི་མི་སེར་དང་སློབ་ཕྲུག་རྣམས་ཉི་འོང་ནང་དུ་བསྐྱོད་རྒྱུར་ཉེན་བརྡ་དང་། འགྲུལ་བསྐྱོད་བཀག་སྡོམ་ལ་བརྟེན་ནས་མི་འབུམ་ལྔ་ལྷག་གི་གནམ་གྲུའི་འཛིན་བྱང་ཕྱིར་འཐེན་གྱིས་ཉི་འོང་ལ་ལོ་འཁོར་མོའི་ནང་ཨ་སྒོར་ཐེར་འབུམ་ ༡༤ ཙམ་གྱོད་རྒུན་ཐེབས་སྲིད་པ་ཞིག་ཡིན་པ་རེད་འདུག ད་དུང་དེ་སྔོན་ཉི་འོང་ནས་ནང་འདྲེན་བྱེད་པའི་མཚོ་ཟས་བཀག་འགོག་ལ་ཕྲན་བུ་གུ་ཡངས་བཏང་བ་དེ་སླར་ཡང་བཀག་འགོག་བྱས་པ། ཉི་འོང་གི་གློག་བརྙན་གཉིས་འགྲེམས་སྤེལ་ལ་བཀག་འགོག ལྷག་པར་ཉི་འོང་དང་རྒྱ་ནག་བར་རྩོད་རྙོག་ཡོད་པའི་ Senkaku Islands སེན་ཀཱ་ཀུ་མཚོ་གླིང་དུ་མཚོ་དམག་འགྲེམས་འཇོག་སོགས་བྱས་དང་བྱེད་བཞིན་ཡོད་པ་རེད་འདུག
ཉི་འོང་གི་ངོས་ནས་ཀྱང་འབྲེལ་ལམ་ཇེ་སྡུག་ཏུ་འགྲོ་བཞིན་ཡོད་པར་རྒྱ་ནག་ནང་དུ་ཡོད་པའི་ཉི་འོང་གི་མི་སེར་རྣམས་ལ་ཉེན་ཁ་ཟློགས་ཐབས་སུ་ལམ་སྟོན་དང་། རྩོད་རྙོག་ཞི་ཐབས། ལྷག་པར་ Senkaku Islands སེན་ཀཱ་ཀུ་མཚོ་གླིང་གཙོས་པའི་ཉི་འོང་གི་མཚོ་ངོགས་སུ་དམག་དོན་གཟབ་ནན་འགྲེམས་འཇོག་སོགས་ཀྱི་ལས་དོན་སྤེལ་འདུག
རྩ་བའི་ཉི་འོང་དང་ཐའེ་ཝན་བར་ལ་གཞུང་འབྲེལ་གྱི་ཐོག་ནས་རྒྱལ་འབྲེལ་འཐབ་བྱུས་མེད་ཀྱང་། ཉི་འོང་གིས་ཐའེ་ཝན་གནད་དོན་དེ་ཉིད་གྲོས་མོལ་དང་ཞི་བའི་ལམ་ནས་དཀའ་རྙོག་སེལ་དགོས་པའི་རེ་བྱེད་ཀྱི་ཡོད་པ་དང་། ལྷག་པར་ཐའེ་ཝན་དེ་ཉིད་ཉི་འོང་དང་ཐག་ཉེ་བ་ཡོད་པ་མ་ཟད། མཚོ་ལམ་ཚོང་འབྲེལ་དང་བདེ་འཇགས་སོགས་གང་ཅིའི་ཐད་ནས་ཐའེ་ཝན་དེ་ཉིད་གལ་འགངས་ཆེན་པོ་ཞིག་ཆགས་ཀྱི་ཡོད་རེད། ལྷག་པར་ཨ་རིས་ཐའེ་ཝན་ཐོག་འཛིན་པའི་སྲིད་བྱུས་ནི་རྒྱལ་འབྲེལ་འཐབ་བྱུས་མེད་ཀྱང་། མ་འོངས་པར་ཇི་སྲིད་ཐའེ་ཝན་ལ་དམག་འཁྲུག་བྱུང་ཚེ། ཨ་རིས་དམག་དོན་ཐོག་རོགས་སྐྱོར་བྱ་རྒྱུ་ཡིན་ཞེས་དེ་སྔོན་ཕྱི་ལོ་ ༡༩༧༩ ལོར་ Taiwan Relation Act ཞེས་ཁྲིམས་ཡིག་གཏན་འབེབས་བྱས་ཏེ། དམག་དོན་གོ་མཚོན་མཁོ་སྤྲོད་བྱས་དང་བྱེད་བཞིན་པར་རྒྱ་ནག་གིས་དེར་སྐྱོན་བརྗོད་ཤུགས་ཆེ་བྱེད་ཀྱི་ཡོད་པ་རེད།
གཞི་རྩའི་ཕྱི་ལོ་ ༢༠༡༥ ལོར་ Shinzo Abe ཉི་འོང་གི་སྲིད་བློན་ཡིན་པའི་སྐབས་སུ། Japan Self-Defense Forces ཉི་འོང་རང་སྲུང་དམག་སྡེའི་འགྲེལ་བརྗོད་དེ་ཉིད་བསྒྱུར་བཅོས་གཏན་འབེབས་ཀྱིས། ཉི་འོང་མཐུན་ཕྱོགས་ཁག་ལ་དམག་དཔུང་རོགས་འདེགས་བྱ་རྒྱུ་ཡིན་སྐོར་གསལ་ཡོད་པ་ལྟར། ད་ལྟའི་ཉི་འོང་གཞུང་ནས་རྒྱ་གཞུང་གིས་སྐྱོན་བརྗོད་ལ་ལྟོས་མེད་ལངས་ཕྱོགས་དེར་འགྱུར་བ་གང་ཡང་མེད་ཅེས་བརྗོད་ཀྱི་ཡོད་པ་རེད།
དྲང་ངེས་ལེགས་བཤད་སྙིང་པོ་བློ་རྒྱུགས་སུ་ཕུལ་ཏེ་༸སྐུའི་གོ་སྟོན་སྲུང་བརྩི་ཞུས་པ།
དྲང་ངེས་ལེགས་བཤད་སྙིང་པོ་བློ་རྒྱུགས་སུ་ཕུལ་ཏེ་༸སྐུའི་གོ་སྟོན་སྲུང་བརྩི་ཞུས་པ།
༸རྒྱལ་བའི་ཡང་སྲིད་ཀྱི་བདག་དབང་དེ་དགའ་ལྡན་ཕོ་བྲང་དགེ་རྩ་ཚོགས་པ་ཁོ་ནར་ཡོད་པ་གསུངས་འདུག
༸རྒྱལ་བའི་ཡང་སྲིད་ཀྱི་བདག་དབང་དེ་དགའ་ལྡན་ཕོ་བྲང་དགེ་རྩ་ཚོགས་པ་ཁོ་ནར་ཡོད་པ་གསུངས་འདུག
བོད་མི་རང་ལུས་མེར་བསྲེགས་གནང་མཁན་ཚོར་གདུང་སེམས་མཉམ་སྐྱེད་མཚོན་བྱེད་ཡིག་གཟུགས་སྒྱུ་རྩལ་རི་མོའི་འཕྲེད་དར་ཞིག་ཕུལ་འདུག
བོད་མི་རང་ལུས་མེར་བསྲེགས་གནང་མཁན་ཚོར་གདུང་སེམས་མཉམ་སྐྱེད་མཚོན་བྱེད་ཡིག་གཟུགས་སྒྱུ་རྩལ་རི་མོའི་འཕྲེད་དར་ཞིག་ཕུལ་འདུག



