ཐེ་ཝན།

དྲང་ངེས་ལེགས་བཤད་སྙིང་པོ་བློ་རྒྱུགས་སུ་ཕུལ་ཏེ་༸སྐུའི་གོ་སྟོན་སྲུང་བརྩི་ཞུས་པ།

དྲང་ངེས་ལེགས་བཤད་སྙིང་པོ་བློ་རྒྱུགས་སུ་ཕུལ་ཏེ་༸སྐུའི་གོ་སྟོན་སྲུང་བརྩི་ཞུས་པ།

༸རྒྱལ་བའི་ཡང་སྲིད་ཀྱི་བདག་དབང་དེ་དགའ་ལྡན་ཕོ་བྲང་དགེ་རྩ་ཚོགས་པ་ཁོ་ནར་ཡོད་པ་གསུངས་འདུག

༸རྒྱལ་བའི་ཡང་སྲིད་ཀྱི་བདག་དབང་དེ་དགའ་ལྡན་ཕོ་བྲང་དགེ་རྩ་ཚོགས་པ་ཁོ་ནར་ཡོད་པ་གསུངས་འདུག

བོད་མི་རང་ལུས་མེར་བསྲེགས་གནང་མཁན་ཚོར་གདུང་སེམས་མཉམ་སྐྱེད་མཚོན་བྱེད་ཡིག་གཟུགས་སྒྱུ་རྩལ་རི་མོའི་འཕྲེད་དར་ཞིག་ཕུལ་འདུག

བོད་མི་རང་ལུས་མེར་བསྲེགས་གནང་མཁན་ཚོར་གདུང་སེམས་མཉམ་སྐྱེད་མཚོན་བྱེད་ཡིག་གཟུགས་སྒྱུ་རྩལ་རི་མོའི་འཕྲེད་དར་ཞིག་ཕུལ་འདུག

རྒྱུན་དུ་རྒྱ་ནག་དང་འབྲེལ་བ་ཉེ་པོ་བྱེད་མཁན་ཞིག་ཐེ་ཝན་གོ་མིན་ཏང་ཚོགས་པའི་ཚོགས་གཙོར་བདམས་ཐོན་བྱུང་འདུག

རྒྱུན་དུ་རྒྱ་ནག་དང་འབྲེལ་བ་ཉེ་པོ་བྱེད་མཁན་ཞིག་ཐེ་ཝན་གོ་མིན་ཏང་ཚོགས་པའི་ཚོགས་གཙོར་བདམས་ཐོན་བྱུང་འདུག

ཨོ་གླིང་བོད་ཀྱི་སྐུ་ཚབ་དོན་གཅོད་ནས་ཐེ་ཝན་རྒྱལ་ཁབ་དབུ་བརྙེས་པའི་མཛད་སྒོར་མཉམ་ཞུགས།

ཨོ་གླིང་བོད་ཀྱི་སྐུ་ཚབ་དོན་གཅོད་ནས་ཐེ་ཝན་རྒྱལ་ཁབ་དབུ་བརྙེས་པའི་མཛད་སྒོར་མཉམ་ཞུགས།

ཐེ་ཝན་ནང་༸རྒྱལ་བའི་གོ་སྟོན་དང་དང་འབྲེལ་བོད་ཀྱི་རིག་གཞུང་འཁྲབ་སྟོན་གནང་བཞིན་པ།

ཐེ་ཝན་ནང་༸རྒྱལ་བའི་གོ་སྟོན་དང་དང་འབྲེལ་བོད་ཀྱི་རིག་གཞུང་འཁྲབ་སྟོན་གནང་བཞིན་པ།

ད་ཆ་དགུང་གྲངས་མཐོ་པོར་ཕེབས་ཡོད་ཀྱང་བསྟན་པའི་ཞབས་འདེགས་མུ་མཐུད་སྒྲུབ་སྙམ་པའི་སེམས་ཤུགས་ཉམས་པ་མེད་པ་ཡོད་ཅེས་བཀའ་སྩལ་སོང་།

ད་ཆ་དགུང་གྲངས་མཐོ་པོར་ཕེབས་ཡོད་ཀྱང་གཟུགས་པོ་དང་བསམ་བློའི་ཐོག་ནས་བསྟན་པའི་ཞབས་འདེགས་མུ་མཐུད་སྒྲུབ་སྙམ་པའི་སེམས་ཤུགས་ཉམས་པ་མེད་པ་ཡོད་ཅེས་བཀའ་སྩལ་སོང་།

རྒྱ་ནག་གི་རྒྱལ་སྟོན་ཉིན་མོ་དང་བསྟུན་ངོ་རྒོལ་གྱི་ལས་འགུལ་སྤེལ་བཞིན་འདུག

དེ་རིང་ཕྱི་ཟླ་ ༡༠ ཚེས་ ༡ ཉིན་མོ་སྟེ། རྒྱ་ནག་མི་མང་བཙུགས་ནས་མི་ལོ་ ༧༦ འཁོར་བའི་རྒྱལ་སྟོན་ཉིན་མོ་དང་བསྟུན། འཛམ་གླིང་ས་ཕྱོགས་གང་སར་གནད་སྡོད་བོད་མིས་གཙོས་རྒྱའི་བཙན་གནོན་མྱོང་མཁན་གྱི་མི་རིགས་རྣམས་ནས་ངོ་རྒོལ་གྱི་ལས་འགུལ་སྤེལ་དང་སྤེལ་མུས་རེད་འདུག དེ་ཡང་རྒྱ་ནག་གི་རྒྱལ་སྟོན་ཉིན་མོ་དང་འབྲེལ། ཐའེ་ཝན་ནང་རྟེན་གཞི་བྱས་པའི་བོད་དང་། ཧོང་ཀོང་། ཤར་ཏུར་ཀིས་ཐན། ལྷོ་སོག ཐའེ་ཝན་མི་རིགས་རྣམས་ཀྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གིས་ Legislative Yuan, Zhongxing Building, 1F VIP Room ཞེས་པའི་གྲོས་ཚོགས་ཁང་པ་དེའི་ནང་གསར་འགོད་གསལ་བསྒྲགས་ཞིག་སྤེལ་འདུག གསར་འགོད་གསལ་བསྒྲགས་དེའི་ནང་རྒྱ་ནག་གི་རྒྱལ་སྟོན་ཉིན་མོ་ཟེར་བ་དེ་ལ། རྒྱ་ནག་ནང་གི་མི་ཐེར་འབུམ་ ༡.༤ ཡི་ནང་ནས་ཚད་ལྡན་གྱི་དགའ་བསུ་ཞུ་མཁན་ཇི་ཙམ་ཡོད་མེད་སོགས་ཀྱི་དོགས་འདྲི་དང་འབྲེལ། ཉིན་མོ་འདིའི་བརྒྱུད་རྒྱ་དམར་ལ་ཁ་གཏད་དང་གཉའ་གནོན་ལ་ངོ་རྒོལ། འགྲོ་བ་མིའི་ཐོབ་ཐང་ནམ་ཡང་ཕྱིར་བཤོལ་བྱེད་མི་སྲིད་ཅེས་པའི་དགོས་འདུན་བཏོན་འདུག ད་དུང་བོད་ནང་དུ། རྒྱ་གཞུང་གིས་དགོན་པ་དང་དགེ་འདུན་པ་ཚོར་དམ་དྲག་གི་ལྟ་སྲུང་བྱེད་པ་དང་། སྐད་ཡིག་དམ་བསྒྲགས།  མ་ཟད་ཉེ་བའི་ལོ་ཤས་ནང་། རྒྱ་ནག་གཞུང་གིས་བོད་པའི་བྱིས་པ་ས་ཡ་གཅིག་ལྷག་ལ་བཙན་དབང་ཐོག་ནས་སོ་སོའི་ཕ་མ་དང་ཁ་བྲལ་དུ་བཏང་སྟེ་རྒྱ་གཞུང་གིས་ཆེད་འཛུགས་བྱས་པའི་མི་སེར་སྤེལ་ཡུལ་གྱི་གཏན་འཇགས་སློབ་གྲྭ་ཁག་ཏུ་གཏོང་བཞིན་པ་དེས་སྐད་ཡིག་གི་རྒྱུན་སྤྲོད་དང་ཁྱིམ་ཚང་གི་གོམས་གཤིས་སོགས་ལ་གནོད་སྐྱོན་བཟོ་ཡི་ཡོད་ཅིང་། ལྷག་དོན་དུ་རྒྱ་གཞུང་གིས་༸སྐུའི་ཡང་སྲིད་འདེམས་སྒྲུག་གི་གནད་དོན་ལ་ཐད་བྱུས་དེ་དག་ཆབ་སྲིད་ཀྱི་དགོས་མཁོ་ལ་བརྟེན་ནས་ཡིན་པ་མ་ཟད། བྱེད་བབ་དེ་དག་ནི་བོད་རྒྱལ་ཁབ་དང་མི་རིགས་ཀྱི་ངོ་བོ་དང་ཆོས་དད་རང་དབང་ནག་བསུབ་གཏོང་ཐབས་ཞིག་ཡིན་པའི་སྐྱོན་བརྗོད་གནང་འདུག གཞན་ཡང་ཐའེ་ཝན་དང་ཧོང་ཀོང་། ཤར་ཏུར་ཀིས་ཐན། ལྷོ་སོག་བཅས་ལའང་རྒྱ་ནག་གི་གདུག་རྩུབ་ཅན་གྱི་སྲིད་བྱུས་ལག་བསྟར་ཁྲོད་དཀའ་ངལ་འཕྲད་དང་འཕྲད་མུས་ཡིན་པ་དང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ངོས་ནས་སྐྱོན་བརྗོད་རིམ་པ་གནང་བཞིན་ཡོད་པ་རེད། འདི་ག་རླུང་འཕྲིན་ཁང་གི་གནད་དོན་དེ་འབྲེལ་བོད་དང་ཐའེ་ཝན་འགྲོ་བ་མིའི་ཐོབ་ཐང་གི་དྲུང་ཆེ་བཀྲ་ཤིས་ཚེ་རིང་ལགས་སུ་བཀའ་འདྲི་ཞུས་སྐབས་ཁོང་གིས། དེ་རིང་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་འགོ་བཙུགས་པའི་ཉིན་མོ་དང་འབྲེལ། ང་ཚོ་རང་དབང་མང་གཙོའི་ལུང་པའི་ནང་གནས་སྡོད་བྱེད་མཁན་རྒྱ་གཞུང་གིས་མནར་གཅོད་མྱོང་བཞིན་པའི་བོད་མི་དང་། ཐའེ་ཝན། ཧོང་ཀོང་སོགས་ཀྱི་རང་རྒྱལ་ཁབ་ཀྱི་སྐུ་ཚབ་རྣམས་ནས་གསར་འགོད་གསལ་བསྒྲགས་གནང་བ་འགྲེལ་བརྗོད་དང་སྦྲགས། ཐའེ་ཝན་གྱི་ངོས་ནས་མ་འོངས་རྒྱ་ནག་དང་མཉམ་དུ་གན་རྒྱ་གང་འདྲ་ཞིག་བཞག་པའི་དུས་ལ་སླེབས་ཀྱང་ཕྱི་ལོ་ ༡༩༥༡ ལོར་རྒྱ་གཞུང་གིས་བཙན་དབང་འོག་བཞག་ཏུ་བཅུག་པའི་ཆིངས་ཡིག་དོན་ཚན་བཅུ་བདུན་གནད་དོན་ལ་དཔེ་བླངས་ཏེ་བསམ་གཞིགས་བྱ་དགོས་ཞེས་གསུངས་སོང་། གཞན་ཡང་རྒྱ་ནག་གི་རྒྱལ་སྟོན་ཉིན་མོེ་དང་འབྲེལ་ནས། ཧོང་ཀོང་ལྟ་ཞིབ་ཁང་གསར་འཛུགས་གནང་མཁན་དང་ཧོང་ཀོང་གི་རང་དབང་འཐབ་རྩོད་པ་  Benedict Rogers ལགས་ཀྱིས་ཀྱང་ཕྱི་ཟླ་ ༩ ཚེས་ ༣༠ ནས་ཕྱི་ཟླ་ ༡༠ ཚེས་ ༢ བར་ཉིན་གསུམ་རིང་ཟས་བཅད་ངོ་རྒོལ་གནང་དང་གནང་མུས་ཡིན་པ་རེད་འདུག གཞི་རྩའི་དེ་རིང་གི་ཉིན་མོ་དང་བསྟུན་ནས་ཨ་རིར་རྟེན་གཞི་བྱས་པའི་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྣེ་ཁྲིད་ཐོག་ སྔ་དྲོ་ཕྱག་ཚོད་ ༡༡།༠༠ ནས་ཉིན་རྒྱབ་ཕྱག་ཚོད་ ༡།༠༠  བར་རྒྱ་ནག་གཞུང་ཚབ་ཁང་གི་མདུན་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་སྤེལ་རྒྱུ་ཡིན་འདུག་པ་དང་། ཕྱི་དྲོའི་ཕྱག་ཚོད་ ༧ པར་ཁུལ་དེར་རྟེན་གཞི་བྱས་པའི་བོད་མི་དང་། ཡུ་གུར། ཧོང་ཀོང་བ། ལྷོ་སོག་པོ། རྒྱ་མི་མང་གཙོ་དོན་གཉེར་བ། ཐའེ་ཝན་བཅས་ཀྱི་མི་རིགས་རྣམས་ཀྱིས་ Global Day Of Action འམ་རྒྱལ་སྤྱིའི་གདུང་སེམས་མཉམ་བསྐྱེད་ཀྱི་ཉིན་མོ་སྲུང་བརྩི་བརྒྱུད། རྒྱ་ནག་གི་རྒྱལ་སྟོན་ཉིན་མོ་སྲུང་བརྩི་བྱེད་དགོས་པའི་གནད་དོན་གང་ཡང་མེད་ཅེས་པའི་འབོད་སྒྲ་འོག ནིའུ་ཡོག་གྲོང་ཁྱེར་ Jackson Heights ཁུལ་གྱི་ Diversity Plaza ཞེས་པའི་ས་ཚིགས་སུ་མར་མེ་ཁྲོམ་སྐོར་གྱི་ལས་འགུལ་སྤེལ་རྒྱུ་ཡིན་པ་མ་ཟད། བོད་མིའི་འདུ་སྡོད་ས་གནས་ཁག་གཞན་གྱི་ནང་དུའང་དེ་འབྲེལ་ལས་འགུལ་སྤེལ་དང་སྤེལ་བཞིན་པ་རེད།

ཐའེ་ཝན་དེ་ཉིད་ཞི་དྲག་གཉིས་ཀའི་ཐོག་ནས་མེས་རྒྱལ་དང་ཟླ་སྒྲིལ་གཏོང་རྒྱུའི་ཉེན་བརྡ།

ཐའེ་ཝན་དེ་ཉིད་ཞི་དྲག་གཉིས་ཀའི་ཐོག་ནས་མེས་རྒྱལ་དང་ཟླ་སྒྲིལ་གཏོང་རྒྱུའི་ཉེན་བརྡ།

Latest news