མདུན་ངོས།
ངོ་སྤྲོད།
༸གོང་ས་མཆོག
བོད།
བཙན་བྱོལ།
རྒྱ་ནག
རྒྱལ་སྤྱི།
རྒྱང་སྲིང་འོད་ཚད།
སྒྲ་མཛོད།
བརྙན་མཛོད།
འབྲེལ་ལམ།
Search
VOICE OF TIBET
ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་།
Pulses PRO
Tibetan Royal Year of 2153 | Year of the Fire Horse
中文
Facebook
RSS
Soundcloud
X
Youtube
ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་།
Voice Of Tibet
text
འཚོལ་བཤེར།
མདུན་ངོས།
ངོ་སྤྲོད།
༸གོང་ས་མཆོག
བོད།
བཙན་བྱོལ།
རྒྱ་ནག
རྒྱལ་སྤྱི།
རྒྱང་སྲིང་འོད་ཚད།
སྒྲ་མཛོད།
བརྙན་མཛོད།
འབྲེལ་ལམ།
མདུན་ངོས།
ངོ་སྤྲོད།
༸གོང་ས་མཆོག
བོད།
བཙན་བྱོལ།
རྒྱ་ནག
རྒྱལ་སྤྱི།
རྒྱང་སྲིང་འོད་ཚད།
སྒྲ་མཛོད།
བརྙན་མཛོད།
འབྲེལ་ལམ།
འཚོལ་བཤེར།
ཧོང་ཀོང་།
ཧོང་ཀོང་སྤྱི་དམངས་ཐོབ་ཐང་རྩོད་ལེན་པ་ Anna Kwok ཡི་པཱ་ལགས་གཏའ་དངུལ་བཞག་སྟེ་གློད་བཀྲོལ་བཏང་བ།
གསར་འགྱུར།
Voice of Tibet
-
22/05/2025
ཟླ་བ་སྔོན་མའི་ཕྱི་ཚེས་ ༣༠ ནས་ཧོང་ཀོང་བདེ་འཇགས་ཉེན་རྟོག་པས་རྒྱལ་ཁབ་བདེ་འཇགས་ལ་གནོད་འཚེ་བཟོས་པའི་ཉེས་འཛུགས་འོག་འཛིན་བཟུང་བྱས་པའི་ཨ་རིར་གནས་བཞུགས་སྤྱི་དམངས་ཐོབ་ཐང་རྩོད་ལེན་པ་གྲགས་ཅན་ Anna Kwok ལགས་ཀྱི་པཱ་ལགས་ Kwo Yin-sang ལགས་གཏའ་དངུལ་བཞག་སྟེ་འགན་ལེན་ཆ་རྐྱེན་ཁག་གཅིག་འོག་ནས་གློད་བཀྲོལ་བཏང་འདུག དེ་ཡང་ཧོང་ཀོང་གཞུང་གིས་རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་གཞིའི་འོག་ཉེས་ཅན་པར་མིང་བཏོན་བྱས་པའི་ཧོང་ཀོང་དམངས་གཙོའི་ལས་འགུལ་བ་ ༡༩ ཡི་ནང་མིའི་ཐོག་དྲག་གནོན་གྱི་བྱ་འགུལ་སྤེལ་ཤུགས་ཆེ་རུ་བཏང་བའི་ཁྲོད། འདི་ལོའི་ཕྱི་ཟླ་ ༤ པའི་ཚེས་ ༣༠ ཉིན་ཧོང་ཀོང་ཉེན་རྟོག་པས། ཨ་རིའི་རྒྱལ་ས་ Washington DC ནང་དུ་རྟེན་གཞི་བྱས་པའི་ Hong Kong Democracy Council ཞེས་པའི་ཧོང་ཀོང་དམངས་གཙོ་ཚོགས་པའི་འགན་འཛིན་ Anna Kwok ལགས་ཀྱི་པཱ་ལགས་ Kwok Yin-sang ལགས་སུ་ཐད་ཀར་རམ་ཐད་ཀར་མ་ཡིན་པའི་ཐོག་ནས་བྲོས་བྱོལ་དུ་ཕྱིན་པའི་ཉེས་ཅན་པ་ཞིག་གིས་དཔལ་འབྱོར་ལས་དོན་སྟངས་འཛིན་བྱས་པའི་ཉེས་འཛུགས་འོག་འཛིན་བཟུང་བྱས་པ་མ་ཟད། དེ་ཉིན་པཱ་ལགས་ཀྱི་ལྷན་དུ་ཁོང་གི་སྤུན་མཆེད་ཀྱང་འཛིན་བཟུང་བྱས་ཡོད་ཀྱང་འགན་ལེན་ཉན་ཞིབ་ཁྲོད་གློད་བཀྲོལ་བཏང་བའི་འོག་མུ་མཐུད་ཞིབ་དཔྱོད་བྱེད་མུས་ཡིན་པ་དང་། དེ་རྗེས་ཧོང་ཀོང་ཁྲིམས་དཔོན་ཞིག་གིས་ཁོ་མོའི་པཱ་ལགས་ལ་རྒྱལ་ཁབ་བདེ་འཇགས་ཀྱི་རྒྱུ་མཚན་འོག་ Bail ཞེས་འགན་ལེན་ཐོག་ནས་གློད་བཀྲོལ་གཏོང་རྒྱུ་མིན་པའི་བཀའ་རྒྱ་བཏང་རྗེས་སྐུ་ཞབས་ཁོང་གིས་ཆེས་མཐོའི་ཁྲིམས་ཁང་ལ་གནས་སྐབས་གློད་བཀྲོལ་གྱི་རེ་འདུན་བཏོན་པ་ལྟར། ཁ་ཉིན་རེས་གཟའ་མིག་དམར་ཉིན་ཧོང་ཀོང་གི་ཆེས་མཐོའི་ཁྲིམས་དཔོན་ Alex Lee ཡིས་ Anna Kwok ལགས་སུ་འགན་ལེན་གཏའ་དངུལ་ཧོང་ཀོང་སྒོར་འབུམ་གཉིས་དང་དེ་བཞིན་ཁོང་གི་བུའི་འགན་ལེན་ཆེད་ཧོང་ཀོང་སྒོར་འབུམ་གཉིས་བཅས་སྤྲད་པའི་ཐོག་ནས་གློད་བཀྲོལ་བཏང་འདུག ད་དུང་གློད་བཀྲོལ་གཏོང་རྒྱུའི་ཆ་རྐྱེན་དེའི་ནང་དུ་ཕ་བུ་གཉིས་ཀྱི་འགྲུལ་བཞུད་ཡིག་ཆ་ཁག་ཧོང་ཀོང་བདེ་འཇགས་ཉེན་རྟོག་པར་སྤྲོད་དགོས་པ་དང་འགྲུལ་ཡིག་ཡིག་ཆ་ཕུལ་བ་དང་། ཞུ་སྒྲིག་བྱས་པའི་ཁྱིམ་གཞིས་སུ་གནས་དགོས་པ། ཉིན་རེ་བཞིན་ཉེན་རྟོག་ཁང་ལ་ཞུ་གཏུག་བྱེད་དགོས་པ། ཉེས་འཛུགས་པའི་དཔང་པོ་རྣམས་དང་འབྲེལ་བ་མ་བྱེད་པ་མ་ཟད། འགན་ལེན་ཐོག་ནས་གློད་བཀྲོལ་བྱུང་བའི་རིང་རང་གི་བུ་མོ་ Anna Kwok དང་འབྲེལ་བ་བྱེད་མ་ཆོག་པ་བཅས་ཚུད་ཡོད་པ་གསལ་འདུག འདི་ནི་དོན་ཚན་ ༢༣ འོག་ནས་ཉེས་འཛུགས་བྱས་པའི་གྱོད་གཞི་ཞིག་གི་ནང་འགན་ལེན་ཐོག་ནས་གློད་བཀྲོལ་གཏོང་རྒྱུར་རྒྱལ་ཁ་ཐོབ་པ་ཐོག་མ་དེ་ཡིན་ཞིང་། སྐུ་ཞབས་ Kwok Yin-sang ལ་ཟླ་བ་རྗེས་མའི་ཕྱི་ཚེས་ ༡༣ ཉིན་ཁྲིམས་ཁང་ནང་ཡང་བསྐྱར་འགན་ལེན་ཉན་ཞིབ་འཚོག་གཏན་ཁེལ་འདུག རང་ལོ་ ༢༨ ཡིན་པའི་ Anna Kwok ལགས་ནི་ཕྱིར་སྡོད་ཧོང་ཀོང་དམངས་གཙོའི་ལས་འགུལ་བ་ཞིག་ཡིན་ཞིང་། ཧོང་ཀོང་རྒྱལ་ཁབ་ཀྱི་བདེ་འཇགས་བཅའ་ཁྲིམས་དང་འགལ་བའི་ཉེས་མིང་འོག ཕྱི་ལོ་ ༢༠༢༣ ལོ་ནས་བཟུང་ད་བར་ཧོང་ཀོང་ཉེན་རྟོག་པས་འཛིན་བཟུང་བཀའ་རྒྱ་བཏང་བའི་ལས་འགུལ་བའི་ ༡༩ ཁྲོད་ནས་གཅིག་ཡིན་པ་དང་། ཧོང་ཀོང་ཉེན་རྟོག་པས་ Anna ལགས་ཀྱི་གཙོས་པའི་གཞན་ལས་འགུལ་བ་ ༡༡ སྐོར་གནས་ཚུལ་མཁོ་སྤྲོད་བྱེད་མཁན་རྣམས་ལ་ཧོང་ཀོང་སྒོར་མོ་ས་ཡ་གཅིག་གི་བྱ་དགའ་ཡང་སྟོན་ཡོད། མ་ཟད་ཧོང་ཀོང་གི་བདེ་འཇགས་དྲུང་ཆེ་ Chris Tang ཡིས་ཁོང་དང་ཕྱི་རྒྱལ་ཡུལ་གྲུ་ཁག་ནང་ཡོད་པའི་ཡུལ་དེའི་སྤྱི་དམངས་ཀྱི་ཐོབ་ཐང་རྩོད་ལེན་པ་གཞན་དྲུག་བཅས་ལྐོག་བྲོས་བྱེད་མཁན་ཡིན་པའི་གསལ་བསྒྲགས་སྤེལ་རྗེས་ཧོང་ཀོང་ས་གནས་སྲིད་གཞུང་གིས་ Anna Kwok གི་རྒྱུ་དངོས་ལ་གྲོང་ཁྱེར་ནང་སུས་ཀྱང་འབྲེལ་བ་བྱེད་མི་ཆོག་པའི་བཀའ་རྒྱ་བཏང་བ་དང་། ལྷག་པར་ཁོང་གི་ཧོང་ཀོང་དུ་ཡོད་པའི་ཁྱིམ་ཚང་ལ་བསྔོགས་བཤེར་བྱས་ཡོད། རྩ་བའི་གནད་དོན་དེ་དང་འབྲེལ་ནས་ Anna Kwok ལགས་ཀྱིས་རང་ཉིད་ཀྱི་ཕ་མ་སྤུན་མཆེད་ཀྱི་བདེ་འཇགས་ཐད་སེམས་འཚབ་གནང་སྟེ་ཧོང་ཀོང་གཞུང་གིས་ཁོང་དང་ཁོང་འདྲ་བའི་གཞུང་དང་ལྟ་སྤྱོད་མི་མཐུན་མཁན་ཚོར་དྲག་གནོན་བྱེད་སྟངས་འདིས་ཧོང་ཀོང་ནང་གི་ཛ་དྲག་གནས་སྟངས་ངོ་མ་གང་ཡིན་པ་དེ་མཚོན་ཐུབ་ཀྱི་ཡོད་ཅེས་གསུངས་ཡོད་པ་མ་ཟད། ཨ་རིར་རྟེན་གཞི་བྱས་པའི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པས་གང་ཟག་སུ་འདྲ་ཞིག་གི་ནོར་འཁྲུལ་ལ་ཁ་གཡར་ཏེ་དེ་དང་འབྲེལ་བ་ཡོད་པའི་མི་གཞན་ཞིག་ལ་ཉེས་ཆད་བཀལ་བ་ནི་ Collective Punishment འམ་སྤྱི་མཐུན་ཉེས་ཆད་ཀྱི་རྣམ་པ་ཞིག་ཡིན་པ་དང་། བྱ་སྤྱོད་དེ་ནི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་སྒྲིག་ནང་ཁྲིམས་འགལ་ལ་ངོས་འཛིན་བྱེད་ཀྱི་ཡོད་པ་དང་ལྷག་པར་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པའི་རྒྱ་ནག་ཉམས་ཞིབ་པ་ Yalkun Uluyol ལགས་ཀྱིས་རྒྱ་ནག་གཞུང་གིས་ཧོང་ཀོང་ཞི་བའི་ལས་འགུལ་བའི་ནང་མིའི་ཐོག་སྤྱི་མཐུན་གྱི་ཉེས་ཆད་འགེལ་རྒྱུ་ཤུགས་ཆེ་རུ་བཏང་ཡོད་པ་ཐེར་འདོན་དང་འབྲེལ། ཧོང་ཀོང་ཉེན་རྟོག་པའི་ངོས་ནས་སྐུ་ཞབས་ Kwok Yin-sang ལགས་འཕྲལ་དུ་གློད་བཀྲོལ་གཏོང་དགོས་པ་དང་ཧོང་ཀོང་ལས་འགུལ་བའི་ནང་མི་རྣམས་ལ་སུན་གཙེར་བཟོ་རྒྱུ་མཚམས་འཇོག་བྱེད་དགོས་པ་གསུངས་ཡོད་པ་རེད།
རྒྱ་གཞུང་གིས་ཕྱིར་སྡོད་ཧོང་ཀོང་ལས་འགུལ་བའི་ནང་མིའི་ཐོག་དྲག་གནོན་གྱི་བྱ་འགུལ་སྤེལ་ཤུགས་ཆེ་རུ་བཏང་ཡོད་པ་མངོན་གསལ།
གསར་འགྱུར།
Voice of Tibet
-
06/05/2025
རྒྱ་གཞུང་གིས་ཕྱིར་སྡོད་ཧོང་ཀོང་ལས་འགུལ་བའི་ནང་མིའི་ཐོག་དྲག་གནོན་གྱི་བྱ་འགུལ་སྤེལ་ཤུགས་ཆེ་རུ་བཏང་ཡོད་པ་མངོན་གསལ།
ཧོང་ཀོང་གིས་དམངས་གཙོ་དོན་གཉེར་བ་བཞི་བཙོན་འཇུག་གི་དུས་ཡུན་ཚང་སྟེ་གློད་བཀྲོལ་བཏང་འདུག
གསར་འགྱུར།
Voice of Tibet
-
30/04/2025
དེ་སྔ་རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་གཞིའི་འོག་འཛིན་བཟུང་བཙོན་འཇུག་གིས་རྒྱལ་ཁབ་མགོ་རྟིང་སློག་ཐབས་ཀྱི་ཉེས་འཛུགས་འོག་ལོ་བཞི་ལྷག་གི་བཙོན་འཇུག་ཁྲིམས་ཐག་བཅད་པའི་ཧོང་ཀོང་དམངས་གཙོ་དོན་གཉེར་བ་དང་ཕྱོགས་བརྒལ་ཚོགས་པའི་གྲོས་ཚོགས་འཐུས་མི་བཞི་བཙོན་འཇུག་དུས་ཡུན་ཚང་སྟེ་ཁ་སང་གློད་བཀྲོལ་བཏང་འདུག དེ་ཡང་ཁ་ས་ BBC གསར་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན། དེ་སྔོན་ ༢༠༢༡ ལོའི་ཟླ་ ༡༡ པའི་ནང་འཛིན་བཟུང་བྱས་པའི་ཧོང་ཀོང་གི་ཕྱོགས་བརྒལ་ཚོགས་པའི་གྲོས་ཚོགས་འཐུས་མི་དང་མང་གཙོ་དོན་གཉེར་བ་ Claudia Mo ལགས་དང་ Kwok Ka-ki ལགས། དེ་བཞིན་ Jeremy Tam ལགས་དང་ Gary Fan ལགས་རྣམ་པ་བཞི་ཁ་ས་རེས་གཟའ་མིག་དམར་ཉིན་ལོ་བཞི་དང་ཟླ་བ་གཉིས་ཀྱི་བཙོན་འཇུག་གི་དུས་ཡུན་ཚང་སྟེ་གློད་བཀྲོལ་བཏང་བའི་གནས་ཚུལ་ཐོན་འདུག རྩ་བའི་ད་རེས་གློད་བཀྲོལ་བཏང་བའི་གྲོས་ཚོགས་འཐུས་མི་བཞི་པོ་དེ་དག་ནི་ཧོང་ཀོང་ ༤༧ ཞེས་པའི་ཚོགས་པའི་ཚོགས་མི་ཁོངས་སུ་ཡོད་པ་དང་། ཁོང་ཚོས་དེ་སྔ་འོས་བསྡུའི་སྔོན་ཚུད་དུ་ཕྱོགས་འགལ་ཚོགས་པའི་འོས་མི་འདེམས་སྒྲུག་ཆེད་གཞུང་འབྲེལ་མིན་པའི་ཐོག་ནས་སྔོན་འགྲོ་འོས་བསྡུ་ཞིག་བྱས་པར། ཧོང་ཀོང་སྲིད་གཞུང་གིས་རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་གཞི་ལག་ལྟར་འོག གཞུང་མགོ་རྟིང་སློག་ཐབས་བྱས་པའི་ཉེས་འཛུགས་འོག་འཛིན་བཟུང་བཙོན་འཇུག་དང་ཁྲིམས་ཐག་བཅད་ཡོད་པ་རེད། སྐབས་དེར་ཁོང་རྣམ་པ་གཙོས་པའི་ཁྱོན་མི་གྲངས་ ༤༥ ལ་ཁྲིམས་ཐག་བཅད་ཡོད་པ་ལྟར། དེ་ནི་ཕྱི་ལོ་ ༢༠༡༩ ལོའི་ཧོང་ཀོང་ནང་གི་དམངས་གཙོའི་སྒེར་ལངས་རྗེས། ཕྱི་ལོ་ ༢༠༢༠ ལོར་རྒྱ་ནག་གཞུང་གིས་ཧོང་ཀོང་ནང་དུ་རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་གཞི་ལག་ལྟར་བྱས་འགོ་བཙུགས་པའི་རྗེས་ཀྱིས། ཁྲིམས་ཐག་བཅད་པའི་ལས་དོན་ཤུགས་ཆེ་ཤོས་དེ་ཆགས་ཀྱི་ཡོད་པ་རེད། སྐབས་དེར་དབྱིན་ཡུལ་དང་ཨ་རིའི་གཙོས་པའི་རྒྱལ་སྤྱིའི་ཚོགས་སྡེ་ཁག་གིས་རྒྱ་ནག་གཞུང་གིས་བྱས་ཕྱོགས་ལ་ཤུགས་དྲག་ཆེན་པོས་སྐྱོན་བརྗོད་བྱས་ཡོད་པ་རེད། ཧོང་ཀོང་ ༤༧ ཞེས་པའི་ཚོགས་པ་དེའི་ནང་དུ་ ༢༠༡༤ ལོའི་ཧོང་ཀོང་དམངས་གཙོ་སྒེར་ལངས་སྐབས་ཀྱི་ལས་འགུལ་བ་གྲགས་ཅན་དང་། ད་ལྟ་ཧོང་ཀོང་བཙོན་ཁང་ནང་དུ་བཙོན་འཇུག་ཡོད་པའི་ Joshua Wong དང་ Benny Tai ལགས་བཅས་ཚོགས་མིའི་ཁོངས་སུ་ཡོད་པ་དང་། ད་རེས་གློད་བཀྲོལ་བཏང་བའི་རང་ལོ་ ༦༧ ཡིན་པའི་ Claudia Mo འམ་ Aunty Mo ལྟ་བུར་མཚོན་ན། ཁོང་གིས་དེ་སྔ་ཕྱི་ལོ་ ༢༠༠༦ ལོར་ Civic Party ཞེས་པའི་སྤྱི་དམངས་ཚོགས་པ་ཆེ་གྲས་ཤིག་གསར་བཙུགས་གནང་སྟེ་ ༢༠༡༢ ལོར་ཧོང་ཀོང་གི་གྲོས་ཚོགས་འཐུས་མིར་བདམས་ཐོན་བྱུང་ཞིང་། ཕྱི་ལོ་ ༢༠༢༠ ལོར་དམངས་གཙོ་དོན་གཉེར་བ་གནང་མཁན་གྲོས་ཚོགས་འཐུས་མི་བཞི་གྲོས་ཚོགས་ནས་ཕྱིར་ཕུད་བཏང་བའི་སྐབས་སུ་ Claudia Mo ལགས་ཀྱི་གཙོས་པའི་གྲོས་ཚོགས་འཐུས་མི་གཞན་ ༡༥ ནས་ངོ་རྒོལ་གྱི་ཚུལ་དུ་སྡེབས་གཅིག་ལ་གྲོས་ཚོགས་ནས་དགོངས་པ་ཞུས་པའི་རྗེས་སུ། སྐབས་དེར་ཧོང་ཀོང་གྲོས་ཚོགས་ནང་དུ་ཕྱོགས་བརྒལ་ཚོགས་པ་མེད་པ་ཆགས་པའི་གནས་སྟངས་ཆགས་ཡོད་པ་རེད། དེ་བཞིན་ད་རེས་གློད་བཀྲོལ་བཏང་བའི་ Kwok ka ki ལགས་དང་ Jeremy Tan གཉིས་ཀྱང་དེ་སྔ་ Claudia Mo ལགས་ཀྱི་གསར་བཙུགས་གནང་བའི་སྤྱི་དམངས་ཚོགས་པའི་གྲོས་ཚོགས་འཐུས་མི་ཡིན་པ་དང་། Gary Fan ལགས་ནི་དམངས་གཙོ་དོན་གཉེར་གནང་མཁན་ Neo Democrats ཞེས་པའི་ཆབ་སྲིད་ཚོགས་པ་གསར་འཛུགས་གནང་མཁན་ཁོངས་སུ་ཡོད་པ་རེད། གཞི་རྩའི་རྒྱ་ནག་དང་ཧོང་ཀོང་གི་དབང་འཛིན་པ་ཚོས་ཧོང་ཀོང་ནང་ལག་བལྟར་བྱེད་བཞིན་པའི་རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་གཞི་དེ་བརྟན་ལྷིང་སྲུང་སྐྱོབ་ཆེད་མེད་དུ་མི་རུང་བ་ཡིན་ཁུལ་གྱིས། དེའི་རྒྱལ་ཁབ་ཀྱི་དཔལ་དཔལ་འབྱོར་དང་རང་དབང་གི་གནས་བབ་ལ་དོ་ཕོག་བཏང་མེད་པ་བརྗོད་བཞིན་ཡོད་ཀྱང་། ཉམས་ཞིབ་པ་རྣམས་ཀྱིས་ཁྲིམས་དེ་ཡིས་ཧོང་ཀོང་ནང་དུ་འཇིགས་སྣང་གི་ཁོར་ཡུག་ཞིག་བསྐྲུན་པ་དང་འབྲེལ། ཧོང་ཀོང་གི་རང་དབང་གནས་བབ་མེད་པར་འགྱུར་བའི་མཚོན་རྟགས་ཞིག་ཏུ་ངོས་འཛིན་བྱེད་བཞིན་ཡོད་པ་རེད།
དབྱིན་ཡུལ་གྲོས་ཚོགས་འཐུས་མི་ཞིག་ཧོང་ཀོང་ནང་དུ་འཛུལ་ཞུགས་བཀག་སྡོམ་ལ་ཕྱག་སྦྲེལ་ཁག་གཅིག་ནས་སེམས་འཚབ།
གསར་འགྱུར།
Voice of Tibet
-
14/04/2025
དབྱིན་ཡུལ་གྲོས་ཚོགས་འཐུས་མི་ཞིག་ཧོང་ཀོང་ནང་དུ་འཛུལ་ཞུགས་བཀག་སྡོམ་ལ་ཕྱག་སྦྲེལ་ཁག་གཅིག་ནས་སེམས་འཚབ་བཏོན་གནང་འདུག
ཧོང་ཀོང་མང་གཙོ་དོན་གཉེར་བ་ཇིམ་མི་ལའེ་ཡིས་རྒྱལ་ཁབ་བདེ་འཇགས་ཁྲིམས་བཤེར་འོག་གི་འདྲི་གཅོད་མཇུག་བསྒྲིལ།
གསར་འགྱུར།
Voice of Tibet
-
07/03/2025
ཧོང་ཀོང་མང་གཙོ་དོན་གཉེར་བ་ཇིམ་མི་ལའེ་ཡིས་རྒྱལ་ཁབ་བདེ་འཇགས་ཁྲིམས་བཤེར་འོག་གི་འདྲི་གཅོད་མཇུག་བསྒྲིལ།
ཧོང་ཀོང་མང་གཙོ་དོན་གཉེར་བ་ ༤༥ བཙོན་འཇུག་ཁྲིམས་ཐག་བཅད་པར་རྒྱལ་སྤྱིའི་ཚོགས་སྡེ་ཁག་ནས་སྐྱོན་བརྗོད།
གསར་འགྱུར།
Voice of Tibet
-
21/11/2024
ཧོང་ཀོང་མང་གཙོ་དོན་གཉེར་བ་ ༤༥ བཙོན་འཇུག་ཁྲིམས་ཐག་བཅད་པར་རྒྱལ་སྤྱིའི་ཚོགས་སྡེ་ཁག་ནས་སྐྱོན་བརྗོད།
ཧོང་ཀོང་ཁྲིམས་ཁང་གིས་ཁུལ་དེའི་དམངས་གཙོའི་ལས་འགུལ་སྣེ་ཁྲིད་པ་ ༤༥ ལ་ལོ་ ༤ ནས་ ༡༠ བར་གྱི་བཙོན་འཇུག་ཁྲིམས་ཐག་བཅད་འདུག
གསར་འགྱུར།
Voice of Tibet
-
19/11/2024
ཧོང་ཀོང་ཁྲིམས་ཁང་གིས་ཁུལ་དེའི་དམངས་གཙོའི་ལས་འགུལ་སྣེ་ཁྲིད་པ་ ༤༥ ལ་ལོ་ ༤ ནས་ ༡༠ བར་གྱི་བཙོན་འཇུག་ཁྲིམས་ཐག་བཅད་འདུག
AP གསར་ཁང་གི་གསར་འགོད་པ་ཞིག་ལ་ཧོང་ཀོང་ནང་དུ་འཛུལ་བཞུགས་བཀག་སྡོམ་བྱས་འདུག
གསར་འགྱུར།
Voice of Tibet
-
26/09/2024
AP གསར་ཁང་གི་གསར་འགོད་པ་ཞིག་ལ་ཧོང་ཀོང་ནང་དུ་འཛུལ་བཞུགས་བཀག་སྡོམ་བྱས་འདུག
German བོད་དོན་རྒྱབ་སྐྱོར་བ་ཞིག་ལ་ཧོང་ཀོང་ནང་དུ་འཛུལ་བཞུགས་བཀག་སྡོམ།
གསར་འགྱུར།
Voice of Tibet
-
09/09/2024
German བོད་དོན་རྒྱབ་སྐྱོར་བ་ཞིག་ལ་ཧོང་ཀོང་ནང་དུ་འཛུལ་བཞུགས་བཀག་སྡོམ།
1
2
3
...
10
Page 2 of 10
Latest news
ཉི་ཧོང་གྲོང་སྡེ་ཞིག་གི་སྐུ་ཚབ་ཚོ་ཁག་ནས་ས་གནས་དེའི་ལོ་ཏོག་ཐོན་སྐྱེད་ཐོག་མ་༸གོང་ས་མཆོག་ལ་འབུལ་བཞེས་གནང་འདུག
09/11/2026
རྒྱ་ནག་གི་འཁྱོག་བཤད་དྲིལ་བསྒྲགས་ལ་གདོང་ལེན་སླད་ཨ་རི་གཞུང་གིས་བོད་སྐད་རླུང་འཕྲིན་ཁང་ལ་རྒྱབ་སྐྱོར་བྱེད་དགོས་གལ་ཡིན་པ་གསུངས་འདུག
09/11/2026
དབྱིན་ཡུལ་ཚོང་པ་ཞིག་གིས་སོ་མྱུལ་བ་གླ་གཡར་བརྒྱུད་རྒྱ་ནག་གི་ཆེད་དུ་དབྱིན་ཡུལ་གྲོས་ཚོགས་འཐུས་མི་ཁག་གཅིག་ལ་གསང་ཉུལ་བྱས་པ་མངོན་གསལ།
09/11/2026
Nvidia ཁེ་ལས་ཁང་གི་འགན་འཛིན་གྱིས་དོགས་གཞི་ཅན་གྱི་རྒྱ་རིགས་བུད་མེད་སོ་བ་ཞིག་དང་ནང་འབྲེལ་བྱུང་བའི་ཁས་ལེན་བྱས་རྗེས། ཁེ་ལས་ཁང་གིས་ཁོའི་བྱ་སྤྱོད་ལ་ཞིབ་བཤེར་འགོ་འཛུགས།
09/11/2026
སྲིད་སྐྱོང་མཆོག་གིས་ IPAC ལོ་འཁོར་ལྷན་ཚོགས་ཐེངས་ ༦ པའི་ཐོག་མཉམ་ཞུགས།
06/11/2026