Tibetan Royal Year of 2151 | Year of the Wood Dragon

རྒྱལ་སྤྱི།

ཏོག་དབྱིབས་ནད་དུག་དེ་མཁའ་རླུང་ནང་དུའང་རྒྱུན་གནས་ཐུབ་ཀྱི་ཡོད་པར་མངོན་གསལ།

འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ཀྱིས་ Covid19 འམ་ཏོག་དབྱིབས་རིམས་ནད་དེ་རྒྱལ་སྤྱིའི་ཛ་དྲག་རང་བཞིན་དུ་ངོས་འཛིན་ཞུས་པ་ལྟར།  ད་ཆ་རྒྱལ་སྤྱིའི་ཞིབ་འཇུག་པས་ནད་དུག་དེར་དཔྱད་ཞིབ་དང་སྔོན་འགོག་སླད་སྨན་ཁབ་སོགས་གསར་བཟོ་གནང་བཞིན་པའི་ཁྲོད་འདིར་ཉེ་ལམ་དཔྱད་ཞིབ་པས་རིམས་ནད་དེ་མཁའ་རླུང་ནང་དུའང་རྒྱུན་གནས་ཐུབ་སྲིད་སྐོར་གསུངས་པ་དང་ཆབས་ཅིག་ཏུ་འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ཀྱིས་ཀྱང་སྨན་ཁང་གི་ལས་བྱེད་ཚོས་དེ་འབྲེལ་དོགས་ཟོན་དང་སྔོན་འགོག་གནང་དགོས་པའི་ལམ་སྟོན་གནང་དུགཉེ་ཆར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་ཁག་ལ་གཞིགས་ན། ཁ་སྔོན་རེས་གཟའ་ཟླ་བའི་ཉིན་འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ཀྱི་ཉམས་ཞིབ་པ་ Maria Van Kerkhove ལགས་ཀྱིས་གསར་འགོད་ལྷན་ཚོགས་ཐོག་ཏོག་དབྱིབས་ཀྱི་ནད་དུག་དེ་ཧབ་ཆི་དང་གློ་རྒྱག་པའི་ཐོག་ནས་གཞན་ལ་འགོས་ཀྱི་ཡོད་པ་དང་། ལྷག་པར་དུ་ནད་དུག་དེ་མཁའ་རླུང་སྟེང་དུ་དུས་ཡུན་རེ་ཞིག་རྒྱུན་གནས་ཐུབ་སྲིད་སྟབས་སྨན་ཁང་གི་ལས་བྱེད་པ་ཚོས་དེ་འབྲེལ་དོགས་ཟོན་གནང་དགོས་གལ་ཡིན་པ་སུངས་འདུགཁོང་གིས་མཁའ་རླུང་གི་རིམས་ནད་དེ་ཚ་དྲོད་ལ་གཞིགས་པའི་གནས་ཀྱི་ཡོད་པར་བརྟེན་ད་ཆ་ཚན་རིག་པ་ཚོས་དམིགས་སུ་བཀར་ནས་ནད་དུག་དེར་གནམ་གཤིས་ཚ་དྲོད་དང་། སྨུག་ཕྱིའི་འོད་སོགས་ཀྱི་ཤུགས་རྐྱེན་ཇི་ལྟར་སྤྲོད་ཀྱི་ཡོད་མེད།  ལྷག་དོན་ལྕགས་དྭངས་མ་དང་དངོས་པོ་གཞན་སོགས་ཀྱི་སྟེང་དུས་ཡུན་ཇི་ཙམ་གནས་ཐུབ་མིན་ཐོག་ཞིབ་དཔྱད་གནང་གི་ཡོད་པ་གསུངས་འདུག་པར་མ་ཟད། ཁ་རས་ N95 དེ་བརྒྱ་ཆ་ ༩༥ ཙམ་ཕྱིའི་ནད་འབུ་འགོག་སྲུང་ཐུབ་པའི་ནུས་པ་ཡོད་སྟབས་འཕྲོད་བསྟེན་གྱི་འབྲེལ་ཡོད་ལས་བྱེད་རྣམས་ནས་སྨན་ཁང་གི་ཞབས་ཞུ་བ་ཚོར་ངེས་པར་དུ་ཁ་རས་ N95 གྱོན་དགོས་པའི་བསྐུལ་མ་གནང་དགོས་པ་གསུངས་འདུག གཞི་རྩའི་ཉེ་ལམ་ཨ་རིའི་ནད་སྔོན་འགོག་འགོག་ཐབས་ལྟེ་གནས་ཀྱི་འགན་འཛིན་ Robert Redfield ལགས་ཀྱིས་ཏོག་དབྱིབས་ཀྱི་ནད་དུག་དེ་ཟངས་དང་ལྕགས་སོགས་ཀྱི་སྟེང་ཆུ་ཚོད་གཉིས་ཙམ་གནས་ཀྱི་ཡོད་པ་དང་།  གཞན་ National Institute of Allergy and Infectious Diseases ཞེས་ཨ་རིའི་རྒྱལ་ཡོངས་ཀྱི་འཕྲོད་བསྟེན་ལྟེ་གནས་ཁང་གི་ཚན་རིག་པས་ཏོག་དབྱིབས་ཀྱི་ནད་དུག་དེ་ Stainless steel འམ་ལྕགས་དྭངས་མའི་ཐོག་ཆུ་ཚོད་ལྔ་ལྷག་ཙམ་གནས་ཀྱི་ཡོད་པ། དེ་བཞིན་འགྱིག་ལས་བཟོས་པའི་ཅ་དངོས་སྟེང་ནད་དུག་དེ་ཆུ་ཚོད་ ༦ ཙམ་གནས་པ།  སྦྱར་པང་སོགས་ཀྱི་སྟེང་ཆུ་ཚོད་ ༣  ལྷག་གནས་ཀྱི་ཡོད་པར་གསུངས་འདུགའཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ཀྱི་སྤྱི་ཁྱབ་འགན་འཛིན་ Tedros Adhanom Ghebreyesus ལགས་ཀྱིས་འདས་པའི་བདུན་ཕྲག་ནང་རིམས་ནད་དེའི་ཁྱབ་ཚད་ཉིན་རེ་བཞིན་ཇེ་འཕར་འགྲོ་བཞིན་ཡོད་སྟབས། ང་ཚོས་རྒྱལ་ཁབ་ཚང་མར་ཞུ་རྒྱུར་ནད་རིམས་དེའི་དོགས་གཞི་འོག་ཡོད་པ་དང་རིམས་ནད་དེ་ཕོག་ཡོད་མེད་བརྟག་དགོས་པ་དང་།  གལ་ཏེ་རིམས་ནད་དེ་ཕོག་པའི་ནད་པ་ཐོན་ཚེ་གང་ཟག་དེ་དག་ཟུར་བཀག་གནང་དགོས་པར་མ་ཟད། གང་ཟག་དེ་དང་འབྲེལ་ཡོད་རྣམས་ལའང་ངེས་པར་དུ་བརྟག་དགོས་པ་གསུངས་འདུག  

རྒྱ་ནག་གིས་ཕྱི་རྒྱལ་གསར་འགོད་པ་ཁག་ཅིག་ཕྱིར་འབུད་གཏོང་རྒྱུ།

ཨ་རིས་ཁུལ་དེར་གནས་བཞིན་པའི་རྒྱ་རིགས་གསར་འགོད་པར་དུས་ཡུན་ཚད་བཀག་གིས་མཐོང་མཆན་སྤྲོད་རྒྱུའི་ཐག་གཅོད་གནང་བ་དེའི་ཡར་ལན་དུ་རྒྱ་གཞུང་གིས་ཁ་སང་རེས་གཟའ་མིག་དམར་ཉིན་ཨ་རིའི་གསར་ཁང་ཆེ་གྲས་གསུམ་གྱི་གསར་འགོད་པའི་ལག་འཁྱེར་ནུས་མེད་བཟོ་རྒྱུ་ཡིན་པ་བརྗོད་འདུགཉེ་ཆར་གསར་བསྐོ་བྱས་པའི་རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་ Zhao Lijian ཡིས་ཉིན་རེའི་གསར་འགོད་ལྷན་ཚོགས་ཤིག་ཐོག་ཨ་རི་ནང་གི་གསར་ཁང་ཆེ་གྲས་ The Newyork Times དང་ The Wall Street Journal དེ་བཞིན་ Washington Post བཅས་གསུམ་གྱི་ལས་བྱེད་ཡིན་པ་ཨ་རིའི་གསར་འགོད་པ་ཁག་ཅིག་གི་གསར་འགོད་ཕྱག་འཁྱེར་འདི་ལོའི་ལོ་མཇུག་ཏུ་དུས་ཚོད་རྫོགས་ཀྱི་ཡོད་སྟབས་གསར་འགོད་པའི་ཕྱག་འཁྱེར་ཉིན་གྲངས་བཅུའི་ནང་ཚུད་ངེས་པར་དུ་ཕྱིར་ལོག་གནང་དགོས་པ་དང་ཁོ་ཚོ་ཧོང་ཀོང་དང་ Macao གྱི་དམིགས་བསལ་འཛིན་སྐྱོང་ས་ཁུལ་ཚུད་པའི་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ནང་གསར་འགོད་པ་གནང་ནས་མུ་མཐུད་ཕྱག་ལས་གནང་འཇུག་གི་མིན་ཞེས་བརྗོད་འདུག དེ་བཞིན་ཁོང་གིས་ད་ལན་རྒྱ་གཞུང་གིས་བྱ་སྤྱོད་དེ་ནི་དེ་སྔཨ་རིས་རྒྱ་ནག་གཞུང་འབྲེལ་གསར་ཁང་ཐོག་དམ་དྲག་བྱས་པའི་དགོས་ངེས་ཀྱི་ལན་ཞིག་ཡིན་པ་དང་ཨ་རིས་རྒྱུ་རྐྱེན་གང་ཡང་མེད་པར་རྒྱ་རིགས་གསར་འགོད་པར་ཚུལ་མིན་བྱ་སྤྱོད་རིགས་ཡིན་པར་སྐྱོན་བརྗོད་བྱས་པ་མ་ཟད། ད་ནས་བཟུང་རྒྱ་ནག་ནང་ཡོད་པའི་ཨ་རིའི་གསར་འགྱུར་ལས་ཁང་ཁག་ནས་རང་ཉིད་ཀྱི་ལས་དོན་གནང་ཕྱོགས་དང་ལྷག་དོན་རྒྱ་ནག་ནང་གསར་ཁང་སྐོར་གྱི་གནས་ཚུལ་ཞིབ་ཕྲ་རྒྱ་ནག་གཞུང་ལ་ཡིག་ཐོག་བརྒྱུད་དེ་ངེས་པར་དུ་མཁོ་སྤྲོད་བྱེད་དགོས་པར་ནན་བརྗོད་གནང་བ་དང་ཆབས་ཅིག གོང་ཞུས་རྒྱ་ནག་གི་བཙན་བཀའ་ལ་ངེས་པར་དུ་བརྩི་འཇོག་བྱེད་དགོས་པའི་གསར་ཁང་གི་ཁོངས་སུ་ཨ་རིའི་རླུང་འཕྲིན་ཁང་དང་ The Washington Post དང་། The Newyork Times དེ་བཞིན་ Time Magazine བཅས་ཡིན་པ་རེད།ཐེངས་འདིའི་རྒྱ་གཞུང་གི་བྱ་སྤྱོད་དེ་ནི་ཨ་རིའི་སྲིད་འཛིན་ཌོ་ནལ་ཌ་ཊམ་མཆོག་གིས་ཉེ་ཆར་ཁུལ་དེར་གནས་བཞིན་པའི་རྒྱ་ནག་གཞུང་གི་ཐད་ཀར་བཀོལ་སྤྱོད་འོག་ཡོད་པའི་ Xinhua དང་ China Global Television Network དེ་བཞིན་ China Daily སོགས་གསར་ཁང་ལྔའི་ལས་བྱེད་ཀྱི་བརྒྱ་ཆ་ ༤༠ ཙམ་ཞིག་ཉུང་དུ་གཏོང་དགོས་པའི་བཀའ་རྒྱ་དང་ལྷག་དོན་ཨ་རི་ནང་གནས་བཞུགས་རྒྱ་རིགས་གསར་འགོད་པ་ཚོར་དུས་ཡུན་ཚད་བཀག་གིས་མཐོང་མཆན་སྤྲོད་རྒྱུའི་ཐག་གཅོད་གནང་བ་དེར་ཡར་ལན་བྱས་པ་ཞིག་ཡིན་འདུག གཞི་རྩའི་རྒྱ་ནག་གིས་གསར་ཁང་ལྔ་པོ་དེ་དག་རྒྱ་ནག་གཞུང་གི་སྟངས་འཛིན་འོག་བཀོལ་སྤྱོད་བྱེད་ཀྱི་ཡོད་པ་དང་དེ་དག་ཕྱི་ཕྱོགས་ཀྱི་གཞུང་ཚབ་ལས་ཁུངས་ཡིན་པར་ངོས་འཛིན་གྱིས་གསར་འགོད་པར་དམ་དྲག་བྱེད་པའི་མཇུག་འབྲས་སུ་རྒྱ་གཞུང་ནས་ཁུལ་དེར་ཡོད་པའི་ Wall Street Journal ཞེས་ཨ་རིའི་སྙན་གྲགས་ཆེ་བའི་གསར་ཁང་གི་ལས་བྱེད་ཨ་རིའི་མི་སེར་ཡིན་པ་གསར་འགོད་པ་གཉིས་ཏོག་དབྱིབས་ནད་རིམས་ཐད་མི་རིགས་དབྱེ་འབྱེད་ཀྱི་གནས་ཚུལ་སྤེལ་བར་རྒྱུ་མཚན་དུ་བྱས་ནས་ཕྱིར་འབུད་བཏང་ཡོད་པ་དང་དེ་ནི་དེ་སྔ་ཕྱི་ལོ་ ༡༩༩༨ ནས་བཟུང་རྒྱ་གཞུང་གིས་ཕྱི་རྒྱལ་གྱི་གསར་འགོད་པ་བཙན་དབང་གིས་ཐད་ཀར་ཕྱིར་འབུད་བཏང་བ་ཆེས་ཐོག་མ་ཆགས་ཀྱི་ཡོད་པ་རེད།

ཏོག་དབྱིབས་སྔོན་འགོག་དང་འབྲེལ་ཇ་ཐང་མཆོད་དགོས་པའི་གནས་ཚུལ་དེ་བདེན་པ་མ་རེད།

རྒྱ་ནག་ཝུ་ཧན་གྲོང་ཁྱེར་ནས་ཐོག་མར་མཆེད་པའི་ཏོག་དབྱིབས་ནད་རིམས་དེ་ད་ལྟའི་ཆར་འཛམ་གླིང་ས་གནས་གང་སར་ཁྱབ་གདལ་དུ་འགྲོ་མུས་ཁྲོད་འདིར་སྐད་འཕྲིན་བརྒྱུད་དེ་བོད་མི་ཁག་ཅིག་གིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཚན་སྤྱོད་ནས་ཇ་ཐང་འཐུང་ན་རིམས་ནད་དེ་ཞི་བར་ཕན་ངེས་ཡིན་པའི་གནས་ཚུལ་ཁྱབ་སྤེལ་ཤུགས་ཆེར་གཏོང་བཞིན་པ་དེ་བདེན་པ་མ་རེད་ཅེས་གསུངས་སོང་།སྐད་འཕྲིན་ཐོག་བོད་མི་ཁག་ཅིག་གིས་ཏོག་དབྱིབས་ནད་རིམས་དང་འབྲེལ་ཏེ་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་ནང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མཚན་སྔགས་གསོག་སྒྲུབ་མཛད་པ་དང་། ལྷག་པར་དུ་མང་ཚོགས་ནས་ཚ་དང་བྱེ་མ་ཀ་ར་མེད་པའི་ཇ་ཐང་འཐུང་བ་ཡིན་ན་ནད་རིམས་ཞི་བར་ཕན་ངེས་ཡིན་པར་འཆལ་གཏམ་བརྒྱུད་སྤེལ་བྱེད་བཞིན་ཡོད་སྟབས། དཔལ་ལྡན་དགའ་ལྡན་ཕོ་བྲང་གི་དྲུང་ཆེ་བྲེ་སྲང་ཚེ་རིང་ལགས་ཀྱིས་གནས་ཚུལ་དེ་བདེན་པ་མིན་པ་དང་བོད་མི་ཁག་ཅིག་གིས་༸རྒྱལ་བའི་མཚན་བེད་སྤྱོད་ཀྱིས་གནད་དོན་འདྲ་མིན་སྤེལ་བ་དེ་དག་རྩ་བ་ནས་འགྲིག་གི་མ་རེད། དེས་ན་ཚང་མས་ཞིབ་དཔྱད་དང་ཐུགས་སྣང་གནང་དགོས་ཞེས་གསུངས་སོང་།གཞི་རྩའི་ཏོག་དབྱིབས་ནད་ཡམས་དེ་ཁྱབ་གདལ་འགྲོ་བཞིན་ཡོད་པས་འདིར་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཇལ་མང་དང་བཀའ་ཆོས་བསྩལ་རྒྱུ་སོགས་ཀྱི་མཛད་རིམ་ཁག་རེ་ཞིག་ཕྱིར་བཤོལ་གནང་ཡོད་པ་དང་མགོན་པོ་མཆོག་གིས་རིམས་ནད་དེ་ཞི་བར་མང་ཚོགས་ལ་༸རྗེ་བཙུན་སྒྲོལ་མའི་མཚན་སྔགས་གང་མང་གསུང་འདོན་གནང་དགོས་པའི་ལམ་སྟོན་བསྩལ་ཡོད་པ་རེད།རྩ་བའི་ཁ་སང་ཧི་མཱ་ཅལ་ཀང་ར་རྫོང་དཔོན་གྱིས་རྫོང་འདིའི་ནང་ཁྲིམས་གཞི་ ༡༤༤ དགོངས་དོན་བཞིན་རྫོང་ནང་མི་ལྔ་དང་ལྔ་ལས་མང་བ་འདུ་འཛོམས་མི་ཆོག་པའི་བཀོད་ཁྱབ་བཏང་ཡོད་པ་ལྟར། དེ་རིང་སྔ་དྲོ་དཔལ་ལྡན་དགའ་ལྡན་ཕོ་བྲང་ཡིག་ཚང་གིས་སང་ཉིན་ཟླ་ ༣ ཚེས་ ༡༨ ནས་ཟླ་ ༤ ཚེས་ ༡༥ བར་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་མང་ཚོགས་ཀྱི་མཆོད་མཇལ་གནང་རྒྱུ་དེ་རེ་ཞིག་མཚམས་འཇོག་གནང་རྒྱུ་ཡིན་པའི་བརྡ་ཁྱབ་སྤེལ་འདུག

ཧི་མཱ་ཅལ་གཞུང་གིས་སློབ་གྲྭ་དང་མཐོ་སློབ་ཁག་གནས་སྐབས་རིང་སྒོ་རྒྱག་དགོས་པའི་གསལ་བསྒྲགས་སྤེལ་འདུག

ད་ཆ་རྒྱལ་སྤྱིའི་ཁྱོན་དུ་ཏོག་དབྱིབས་རིམས་ནད་ཁྱབ་གདལ་འགྲོ་མུས་ལ་བརྟེན་གཞུང་གི་ལྷན་ཁང་དང་ཚོང་ལས། སློབ་གྲྭ་ཁག་སོགས་སྒོ་རྒྱག་དགོས་པའི་བཀོད་ཁྱབ་གགནང་བཞིན་པའི་ཁྲོད་འདིར་ཁ་ཉིན་ཕྱི་ཚེས་ ༡༤ ཉིན་ཧི་མཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་ Jai Ram Thakur མཆོག་གིས་མངའ་སྡེའི་གྲོས་ཚོགས་ནང་གསལ་བསྒྲགས་ཤིག་གནང་སྟེ་རིམས་ནད་དེ་སྔོན་འགོག་ཆེད་ཧི་མཱ་ཅལ་མངའ་སྡེ་ནང་ཡོད་པའི་སློབ་གྲྭ་དང་མཐོ་སློབ། དེ་བཞིན་གཙུག་ལག་སློབ་གཉེར་ཁང་ཡོངས་རྫོགས་ཟླ་ ༣ ཚེས་ ༣༡ བར་སྒོ་རྒྱག་རྒྱུ་ཐུགས་ཐག་བཅད་ཡོད་པ་མ་ཟད། མངའ་སྡེ་གཞུང་གི་བཀོད་ཁྱབ་ལམ་སྟོན་འོག་མངའ་སྡེ་ནང་གི་གློག་བརྙན་ཁང་ཁག་དང་དེ་བཞིན་གྲོང་རྡལ། གྲོང་ཁྱེར་ས་ཁུལ་ནང་ཡོད་པའི་མ་དང་བྱིས་པའི་འཕྲོད་བསྟེན་སློབ་གསོ་བསྟི་གནས་སོགས་གནས་སྐབས་རིང་སྒོ་རྒྱག་དགོས་པར་གསུངས་འདུག ལྷག་དོན་ཧི་མཱ་ཅལ་མངའ་གཞུང་གི་ཁུལ་འདིའི་ནང་གི་སྨན་ཁང་ཁག་ནས་ཏོག་དབྱིབས་རིམས་ནད་ལ་དོགས་ཟོན་གནང་བཞིན་ཡོད་པས་མི་མང་འདུ་འཛོམས་སོགས་ཀྱི་གནང་སྒོ་རིགས་འཕྲལ་མར་མཚམས་འཇོག་དགོས་པའི་འབོད་སྐུལ་གནང་འདུགསིམ་ལའི་གྲོས་ཚོགས་ལས་རིམ་ཞིག་ཐོག་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་གིས་ད་ཆ་སློབ་གྲྭ་ཁག་གི་ནང་འགྲོ་བཞིན་པའི་ཡིག་རྒྱུགས་ཁག་དེ་སྔའི་འཆར་གཞི་ལྟར་མུ་མཐུད་གནང་དགོས་ཀྱང་། གཞུང་དང་སྒེར་གྱི་ཤེས་ཡོན་བསྟི་གནས་ཁང་ཡོངས་རྫོགས་སྒོ་རྒྱག་རྒྱུ་ཡིན་པ་དང་དེའི་ཁོངས་ཆོས་ཕྱོགས་དང་མི་མང་འདུ་འཛོམས། རྩེད་མོའི་གནང་སྒོ་རིགས་ཡོངས་རྫོགས་རེ་ཞིག་ཕྱིར་བཤོལ་གནང་དགོས་པའི་བཀོད་ཁྱབ་བཏང་བ་དང་། མངའ་སྡེའི་གྲོས་ཚོགས་འཐུས་མི་དང་བློན་ཆེན་ཁག་ལ་སྐུ་ཉིད་ཀྱི་ས་ཁུལ་ནང་སྤྱི་དམངས་ཀྱི་ཚོགས་འདུ་དང་ཟབ་སྦྱོང་རིགས་འཚོགས་གནང་རྒྱུ་མེད་པ་ལམ་སྟོན་གནང་འདུག སྐུ་ཞབས་ཇེ་རཱམ་མཆོག་གིས་ད་དུང་ད་ཆ་ཧི་མཱ་ཅལ་མངའ་སྡེ་གཞུང་གི་སྨན་ཁག་ཁག་ཏུ་རིམས་ནད་དེ་ཕོག་པའི་དོགས་གཞི་ཡོད་པ་མི་གྲངས་ ༥༣༩ བྱུང་ཡོད་པ་དང་དེའི་ཁྲོད་མི་བདུན་ལ་བརྟག་དཔྱད་གནང་བ་བརྒྱུད་ནས་ནད་གཞི་ཕོག་པར་ངོ་རྟགས་ཆོད་མེད་པ་དང་ད་རེས་སློབ་གྲྭ་དང་མཐོ་སློབ་ཁག་སྒོ་རྒྱག་དགོས་པའི་ཐུགས་ཐག་བཅད་པ་དེ་གཙོ་བོ་ནད་གཞི་དེ་མ་ཕོག་པར་སྔོན་འགོག་གནང་བ་ཙམ་ལས་མང་ཚོགས་ནས་ཞེད་སྣང་གནང་དགོས་པའི་རྒྱུ་མཚན་གང་ཡང་མེད་པའི་གསལ་བསྒྲགས་གནང་འདུགཁ་སང་ཧི་མཱ་ཅལ་ཀང་ར་རྫོང་དཔོན་གྱིས་རྫོང་འདིའི་ནང་ཁྲིམས་ཡིག་དོན་ཚན་ ༡༤༤ དགོངས་དོན་བཞིན་རྫོང་ནང་མི་ལྔ་དང་ལྔ་ལས་མང་བ་འདུ་འཛོམས་མི་ཆོག་པའི་བཀོད་ཁྱབ་བཏང་ཡོད་པ་རེད།  རྒྱ་ནག་ནང་ COVID19 འམ་ཏོག་དབྱིབས་རིམས་ནད་ཁྱབ་བརྡལ་གྱི་ཉེན་ཁ་ཆེས་ཆེར་ཕྱིན་པ་དང་འབྲེལ་ཏེ་ཉེ་ཆར་བོད་ཁྱིམ་སློབ་གྲྭ་ཁག་གི་འཛིན་རིམ་བརྒྱད་པ་མན་གྱི་སློབ་མ་རྣམས་གནས་སྐབས་རིང་འཛིན་གྲྭ་འཚོགས་རྒྱུ་ཕྱིར་བཤོལ་གནང་ཡོད་པའི་ཁྲོད། ད་རེས་རྒྱ་གར་ཨུ་ཌར་ཁན་མངའ་སྡེ་གཞུང་གི་བཀོད་ཁྱབ་ལམ་སྟོན་འོག་རྒྱ་གར་བྱང་ཕྱོགས་མ་སུ་རིར་རྟེན་གཞི་བྱས་པའི་མ་སུ་རི་བོད་ཁྱིམ་སློབ་གྲྭ་དང་། དེ་བཞིན་མངའ་སྡེ་དང་རྫོང་སོ་སོའི་བཀོད་ཁྱབ་གནང་ཁག་ལ་གཞིགས་ཏེ་སམ་བྷོ་ཊ་ཁྱབ་ཁོངས་ཀྱི་སློབ་གྲྭ་ཁག་ཁག་སྒོ་རྒྱག་དགོས་པ་ལྟར། ཧི་མཱ་ཅལ་མངའ་སྡེར་ཡོད་པའི་མེས་དབོན་གཙུག་ལག་དེཔ་སྟོན་སློབ་གྲྭ་ཟླ་ ༣ ཚེས་ ༣༡ བར་སློབ་གྲྭ་འཚོགས་རྒྱུ་ཕྱིར་བཤོལ་གནང་འདུག དེ་བཞིན་རིམས་ནད་རྐྱེན་པས་རྒྱ་གར་ལྷོ་ཕྱོགས་སུ་རྟེན་གཞི་བྱས་པའི་བྱེས་ཀྱི་གདན་ས་ཆེན་པོ་ཁག་ཏུ་མཆོད་མཇལ་དང་གནས་སྐོར་བཅས་ཞུ་རྒྱུ་དེའང་རེ་ཞིག་ཕྱིར་བཤོལ་གནང་འདུགལྷོ་ཕྱོགས་སུ་ཡོད་པའི་སེར་འབྲས་དགེ་གསུམ་དང་གཞིས་ཆགས་ཁག་ནང་དེང་སྐབས་འཛམ་གླིང་ནང་ཁྱབ་བཞིན་པའི་ཏོག་དབྱིབས་རིམས་ནད་དེ་ཞི་བ་དང་སྔོན་འགོག་ཆེད་ཆོས་ཕྱོགས་ཀྱི་ལས་དོན་ཁག་ཅིག་གཉེར་བཞིན་པའི་ཁྲོད། རྒྱ་གར་ལྷོ་ཕྱོགས་བྱེས་ཀྱི་གདན་ས་ཆེན་པོ་སེ་ར་ཐེག་ཆེན་གླིང་ཡ་གྱལ་སེ་ར་བྱེས་གྲྭ་ཚང་གིས་མཁན་བླ་འདུ་མང་ཡོངས་ནས་ཟླ་བ་འདིའི་ཕྱི་ཚེས་ ༡༢ ནས་ ༢༢ བར་སེ་ར་བྱེས་གྲྭ་ཚང་གི་གཙུག་ལག་ཁང་ནང་ཡིད་དམ་རྟ་མགྲིན་གྱི་བསྙེན་མཚམས་ལ་བཞུགས་ཡོད་པ་མ་ཟད། གྲྭ་ཚང་གི་ཚོགས་ཁང་ནང་ཡུལ་སྐོར་བ་དང་མཆོད་མཇལ་བ་རྣམས་གནས་སྐབས་རིང་མཚམས་འཇོག་གནང་ཡོད་པ་དང་གྲྭ་ཚང་དང་ཁང་ཚན། བླ་བྲང་དགེ་འདུན་པ་སོ་སོ་བཅས་སྤྱི་སྒེར་གང་ནས་ཀྱང་གནས་སྐབས་རིང་ཕྱི་ནས་ཡོང་བའི་འགྲུལ་པ་བདག་ཉར་དང་སྣེ་ལེན་ཞུ་མི་ཆོག་པའི་ལམ་སྟོན་ཡང་གནང་འདུག གཞིས་ཆགས་སོ་སོའི་གཞིས་འགོ་ལས་ཁུངས་ནས་ཀྱང་གཞིས་ཆགས་ནང་འདུ་འཛོམས་ཀྱི་གནང་སྒོ་ཁག་མཚམས་འཇོག་དགོས་པའི་འབོད་སྐུལ་གནང་ཡོད་པ་རེད།རྩ་བའི་ཁ་སང་ཕྱི་ཚེས་ ༡༣ བར་རྒྱ་ནག་གི་ཝུ་ཧན་ནང་ཏོག་དབྱིབས་རིམས་ནད་དེའི་འོག་མི་ཁྲི་བརྒྱད་ལྷག་ལ་ནད་དེ་ཕོག་ཡོད་པ་དང་མི་ ༣༢༡༣ བརྒལ་བ་འདས་གྲོངས་སུ་ཕྱིན་པ། དེ་བཞིན་རྒྱལ་སྤྱིའི་ཁྲོད་རྒྱལ་ཁབ་ ༡༥༧ ལྷག་གི་ནང་རིམས་ནད་དེ་ཁྱབ་བརྡལ་ཕྱིན་པའི་ཁྲོད་མི་ ༤༤༠༦༧ ལྷག་ལ་རིམས་ནད་དེ་ཕོག་པར་མ་ཟད་མི་ ༦༥༠༠ འདས་གྲོངས་སུ་གྱུར་ཡོད་པའི་ཆེས་ཛ་དྲག་གནས་སྟངས་གྱུར་ཡོད།

རྒྱ་གར་ནང་ཏོག་དབྱིབས་རིམས་ནད་རྐྱེན་པས་འདས་གྲོངས་སུ་གྱུར་བའི་གནད་དོན་གཅིག་བྱུང་འདུག

ཁ་སང་ཕྱི་ཚེས་ ༡༣ ཉིན་རྒྱ་གར་དབུས་གཞུང་གི་འཕྲོད་བསྟེན་ལས་ཁུངས་ཀྱིས་གསར་འགོད་བསྒྲགས་གཏམ་ཞིག་སྤེལ་བར་རྒྱ་གར་ལྷོ་ཕྱོགས་ Karnataka ནས་ཡིན་པའི་ལོ་ན་ ༧༦ སོན་པའི་སྐྱེས་པ་ཞིག་ཚེས ༡༠ ཉིན་འདས་གྲོངས་སུ་གྱུར་ཡོད་པ་དང་དེ་ནི་ཏོག་དབྱིབས་རིམས་ནད་རྐྱེན་པས་འདས་གྲོངས་སུ་གྱུར་བ་ཆེས་ཐོག་མ་དེ་ཡིན་པར་བརྗོད་འདུགརྒྱ་གར་དབུས་གཞུང་གི་འཕྲོད་བསྟེན་ལས་ཁུངས་ཀྱི་གསར་འགོད་བསྒྲགས་གཏམ་ནང་ལོ་ན་ ༧༦ སོན་པ་ཁོང་ཕྱི་ཟླ་ ༢ ཚེས་ ༢༩ ཉིན་ Saudi Arabia ནས་ Hydrebad དུ་འབྱོར་ཡོད་པ་དང་སྐབས་དེར་ཁོང་ཁྲག་རླུང་སྟོད་འཚང་དང་། དབུགས་བསགས་གྱི་ནད་རྟགས་ཐོན་པ་ལས་ནད་རྟགས་གཞན་ ཐོན་མེད་སྟབས་ Hydrebad ནས་གྲོང་ཁྱེར་ kalaburgi དུ་ཕྱིན་ཡོད་སྐོར་དང་ཟླ་ ༣ ཚེས་ ༦ ཉིན་ཁོང་གློ་རྒྱག་པ་དང་ཚ་བ་རྒྱས་པའི་ནད་རྟགས་བྱུང་ནས་སྒེར་གི་སྨན་ཁང་ལ་བསྟེན་གཏུག་བྱས་འདུག  འོན་ཀྱང་ཕྱི་ཚེས་ ༩ ཉིན་ནད་གཞི་ཛ་དྲག་ཏུ་ཕྱིན་ནས་ kalaburgi ཁུལ་གྱི་སྒེར་གྱི་སྨན་ཁང་དུ་ཏོག་དབྱིམས་རིམས་ནད་ཀྱི་དོགས་གཞི་འོག་ཟུངས་ཁྲག་བརྟག་ཕྱིར་ཕྱིན་དོན་བཞིན་ཏོག་དབྱིབས་རིམས་ནད་ཕོག་པར་ར་འཕྲོད་བྱུང་འདུགཁང་གི་ནང་མི་ཚོས་དེར་ངོས་ལེན་མ་གནང་བར་སྒེར་གྱི་སྨན་ཁང་གཞན་ཞིག་ཏུ་ཁྲིད་འདུག་པ་དང་སྐབས་དེར་ས་གནས་རྫོང་དཔོན་གྱིས་ཁུལ་དེར་ཡོད་པའི་ Gulbarga Institute of Medical Science ཞེས་པའི་སྨན་ཁང་དུ་བསྟེན་གཏུག་གནང་དགོས་པའི་ལམ་སྟོན་གནང་ཡང་ནང་མིས་དེར་རྩིས་འཇོག་མ་ཞུ་བར་ hydrebad ཁུལ་གྱི་སྒེར་གྱི་སྨན་ཁང་ཞིག་ཏུ་གནས་སྤོ་གནང་འདུག མཐར་སྒེར་གྱི་སྨན་ཁང་དེ་ནས་ཕྱིར་ཐོན་ཏེ་ Gulbarga Institute of Medical Science ཞེས་པའི་སྨན་ཁང་དུ་འགྲོ་བའི་ལམ་བར་ནས་འདས་གྲོང་སུ་གྱུར་ཡོད་པ་བཀོད་འདུག རྒྱ་གར་དབུས་གཞུང་གི་འཕྲོད་བསྟེན་ལས་ཁུངས་ཀྱིས་དེ་རིང་ཞོགས་པ་ཆུ་ཚོད་ ༡༠ བར་འདོན་སྤེལ་གནང་བའི་རྒྱ་གར་ཁུལ་གྱི་ཏོག་དབྱིབས་རིམས་ནད་ཀྱི་གནས་སྟངས་དེ་མངའ་སྡེ་དང་རྒྱལ་ས། དེ་བཞིན་རྒྱ་གར་དབུས་གཞུང་གྱི་ཐད་ཀར་སྟངས་འཛིན་གནང་ཡུལ་གྱི་ས་གནས་ཁག་ ༡༣ ནང་ནད་ཡམས་དེ་བསླེབས་ཟིན་པ་དང་ད་བར་ཁྱོན་ཏོག་དབྱིབས་རིམས་ནད་ཕོག་པའི་མི་གྲངས་ ༧༥ ཡོད་སྐོར་བརྗོད་འདུག ནད་པ་ ༧༥ ཁོངས་སུ་རྒྱ་གར་བ་ ༥༨ དང་ཕྱི་གླིང་བ་ ༡༧ ཆགས་འདུག་པར་མ་ཟད་ད་བར་ནད་ཡམས་དེའི་རྐྱེན་པས་འདས་གྲོངས་སུ་གྱུར་བ་གཅིག་དང་། སྨན་བཅོས་གནང་ནས་དྲག་སྐྱེད་བྱུང་བ་ Kerala  ཁུལ་ནས་མི་གྲངས་གསུམ་བྱུང་འདུག ནད་ཡམས་ཕོག་ཡུལ་གྱི་ས་གནས་ཁག་ལས་ནད་པ་མང་ཤོས་ Kerala དང་།  Uttar Pradesh དེ་བཞིན་ Maharashtra བཅས་ཆགས་ཀྱི་འདུགཕྱོགས་མཚུངས་ནད་ཡམས་དེ་ཛ་དྲག་གི་རང་བཞིན་དང་འབྲེལ་ནས་རྒྱ་གར་དབུས་གཞུང་གི་འཕྲོད་བསྟེན་ལས་ཁུངས་ཀྱིས་དེ་རིང་ཉིན་དགུང་ཆུ་ཚོད་ ༡༢ ནས་ཟླ་བ་རྗེས་མའི་ཕྱི་ཚེས་ ༡༥ བར་ཕྱིར་བསྐྱོད་མཐོང་མཆན་གནང་མཚམས་བཞག་པའི་གསལ་བསྒྲགས་ཤིག་ཀྱང་སྤེལ་འདུག མི་མང་འདུ་འཛོམས། ཚོགས་སྐྱིད་ཁག་གི་ལྷན་ཚོགས། ཟབ་སྦྱོང་རྣམས་རེ་ཞིག་མཚམས་འཇོག་དགོས་པའི་བཀོད་ཁྱབ་དང་དེ་བཞིན་ཕྱི་ཟླ་ ༣ ཚེས་ ༣༡ བར་རྒྱ་གར་གྱི་རྒྱལ་ས་ལྡི་ལིས་གཙོས་པའི་ས་ཁུལ་མང་དག་ཅིག་ཏུ་སློབ་གྲྭ་དང་མཐོ་སློབ་རྣམས་དུས་ཚོད་ངེས་མེད་བར་དུ་ཕྱིར་བཤོལ་གནང་ཡོད་པ་རེད།གཞི་རྩའི་ནད་ཡམས་དེ་དང་འབྲེལ་ནས་འཛམ་གླིང་སྤྱི་ཡོངས་ཀྱི་གནས་བབ་རགས་བསྡུས་ཤིག་བརྗོད་ན། ཁ་སང་ཕྱི་ཚེས་ ༡༢ ཉིན་འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ནས་འདོན་སྤེལ་གནང་བའི་སྙན་ཐོ་ ༥༢ ནང་ཉེ་བའི་ཆུ་ཚོད་ ༢༤ ནང་ཏོག་དབྱིབས་རིམས་ནད་ཕོག་པའི་ས་ཁུལ་བཞི་གསར་དུ་ཐོན་ཡོད་སྐོར་དང་། ཁ་སང་ཕྱི་ཚེས་ ༡༢ བར་རྒྱ་ནག་གི་ཝུ་ཧན་གཙོས་རྫོང་དང་རྒྱལ་ས་སོགས་ས་ཁུལ་ ༣༤ ནང་ནད་པ་ ༨༠༩༨༡ དང་འདས་གྲོངས་སུ་གྱུར་བའི་མི་གྲངས་ ༣༡༧༣  ཆགས་ཡོད་པ་དང་། ལྷག་པར་དུ་ཉེ་བའི་ཆུ་ཚོད་ ༢༤ ནང་ནད་པ་ངོ་རྟགས་ཆོད་པ་ ༢༦ དང་དོགས་གཞི་ཡོད་པ་ ༣༣ དེ་བཞིན་མི་གྲངས་ ༡༡ འདས་གྲོངས་སུ་གྱུར་བ་བཀོད་འདུགསྙན་ཐོའི་ནང་རྒྱ་ནག་གི་ཕྱི་ཕྱོགས་སུ་ཡོད་པའི་འཛམ་གླིང་གྱི་རྒྱལ་ཁབ་དང་ས་ཁུལ་སོགས་ ༡༡༨ མིང་མངོན་གསལ་གནང་བ་དང་འབྲེལ། འཛམ་གླིང་གི་ས་ཁུལ་དེ་དག་ཏུ་ཁ་སང་ཕྱི་ཚེས་ ༡༢ བར་ངོ་རྟགས་ཆོད་པའི་ནད་པ་ ༤༤༠༦༧ དང་ནད་ཡམས་རྐྱེན་པས་འདས་གྲོངས་སུ་གྱུར་བ་མི་གྲངས་ ༡༤༤༠ བྱུང་ཡོད་པ་བཀོད་འདུག འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ནས་འདོན་སྤེལ་གནང་བའི་སྙན་ཐོར་གཞིགས་ཚེ་འཛམ་གླིང་རྒྱལ་ཁབ་ཀུན་གྱི་ནང་ནད་ཡམས་དེ་ཁྱབ་བརྡལ་བྱུང་ཡོད་པ་ལྟར། ནད་པ་མང་ཤོས་ཡོད་པ་ཨི་ཊ་ལི་ཆགས་ཀྱི་འདུག་པ་དང་། ཨི་ཊ་ལིར་ངོ་རྟགས་ཆོད་པའི་ནད་པ་ ༡༤༧༧༥ དང་འདས་གྲོངས་སུ་གྱུ་བའི་མི་གྲངས་ ༡༠༢༣ ཆགས་ཀྱི་འདུག  དེ་བཞིན་ཨི་རན་ནང་ནད་པ་གྲངས་ ༩༩༥༨ དང་འདས་གྲོངས་སུ་གྱུར་བའི་མི་གྲངས་ ༤༡༧ ཆགས་ཀྱི་འདུག  གོ་ལ་ཁྱོན་ཡོངས་སུ་ཁ་སང་བར་ངོ་རྟགས་ཆོད་པའི་ནད་པ་ ༡༣༡༧༥༡ ཐོན་ཡོད་པར་མ་ཟད་ཟླ་བ་གཅིག་ཀྱི་དུས་ཡུན་ནང་ནད་པའི་གྲངས་ཚད་ལ་གཞིགས་ན་ལྡབ་གཅིག་འཕར་ཆ་བྱུང་ཡོད་པ་རེད།

ཨ་རིར་རྒྱ་ནག་རྒྱལ་ནང་གི་གནད་དོན་ཐོག་ཐེ་བྱུས་གནང་མཚམས་འཇོག་དགོས་པའི་ཉེན་བརྡ།

ཁ་ཉིན་ཨ་རིའི་ཕྱི་སྲིད་ལས་ཁུངས་ནས་ཕྱི་ལོ་ ༢༠༡༩ ལོའི་འགྲོ་བ་མིའི་ཐོབ་ཐང་གི་སྙན་ཐོ་འདོན་སྤེལ་བརྒྱུད་རྒྱ་གཞུང་གིས་བོད་དང་ཤིན་ཅང་ནང་གི་འགྲོ་བ་མིའི་ཐོབ་ཐང་ལ་རྩིས་མེད་རྡོག་རོལ་ཚབས་ཆེན་བཏང་ཡོད་པ་གསལ་འདོན་གནང་ཡོད་པའི་ཁྲོད་ཁ་སང་རྒྱ་ནག་གཞུང་ནས་དུས་རྒྱུན་ལྟར་ཨ་རིའི་འགྲོ་བ་མིའི་ཐོབ་ཐང་གི་སྙན་ཐོར་སྐྱོན་བརྗོད་ཀྱིས་ཨ་རི་ངོས་ནས་རྒྱ་ནག་རྒྱལ་ནང་གི་གནད་དོན་ལ་ཐེ་བྱུས་གནང་མཚམས་འཇོག་དགོས་པའི་ཉེན་བརྡ་བཏང་འདུགརྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་ Geng Shung ཡིས་རྒྱུན་ལྡན་གྱི་གསར་འགོད་ལྷན་ཚོགས་ཐོག་ཉེ་ཆར་ཨ་རིས་འདོན་སྤེལ་གནང་བའི་སྙན་ཐོའི་རྒྱ་ནག་སྐོར་གྱི་འགྲོ་བ་མིའི་ཐོབ་ཐང་ཚན་པའི་ནང་བཀོད་པའི་གནས་ཚུལ་རྣམས་ལུང་འདྲེན་དང་སྦྲགས། དེ་ནི་རབ་བཏགས་ཀྱི་གཏམ་རྙིང་པ་ཁོ་ན་བསྐྱར་ཟློས་བྱས་པ་ཞིག་ལས་ཕྱི་སྲིད་དྲུང་ཆེ་ Mike Pompeo ཡིས་འགྲེལ་བརྗོད་གནང་བ་ཡོངས་རྫོགས་ཆབ་སྲིད་ཀྱི་རྫུན་གཏམ་དང་ཕྱོགས་ལྷུང་འཛིན་པ་ཞིག་ཆགས་ཀྱི་ཡོད་སྟབས་མཐའ་གཅིག་ཏུ་དགག་པ་ཡོད་ཅེས་བཤད་པར་མ་ཟད། རྒྱ་ནག་གཞུང་གིས་ད་ཕན་རྒྱལ་ཁབ་དེའི་ནང་གི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་དང་ཡར་རྒྱས་གཏོང་རྒྱུའི་གནད་དོན་དེ་གལ་འགངས་ཆེན་པོར་ངོས་འཛིན་བཞིན་ཡོད་ཚུལ་དང་རྒྱ་ནག་དམར་ཤོག་ཚོགས་པ་བཙུགས་པ་ནས་བཟུང་རྒྱ་ནག་རྒྱལ་ནང་གི་འགྲོ་བ་མིའི་ཐོབ་ཐང་གནད་དོན་ཐད་གྲུབ་འབྲས་ཧ་ལས་པ་ཐོན་ཡོད་ལུགས་རྒྱལ་སྤྱིའི་མང་ཚོགས་ནས་ཀྱང་དངོས་སུ་མཐོང་ཡོད་པར་འགྲེལ་བརྗོད་དང་འབྲེལ་ཏེ་གནས་ཚུལ་དེར་ཨ་རི་ནང་གི་མི་སྣ་ཁག་ཅིག་གིས་འགྲེལ་བརྗོད་བྱས་པ་དང་སྙན་ཐོ་བརྒྱུད་རྩིས་མེད་གཏང་ཐབས་མེད་ཅེས་ལན་འདེབས་བྱས་འདུགད་དུང་ཤིན་ཅང་ནི་རྒྱ་ནག་རྒྱལ་ནང་གི་གནད་དོན་ཞིག་ཡིན་སྟབས་རྒྱལ་ཁབ་དང་ཚོགས་པ་ཁག་ནས་དེར་ཐེ་བྱུས་བྱེད་དབང་མེད་སྐོར་འགྲེལ་བརྗོད་དང་ཨ་རིས་ཤིན་ཅང་གི་གནད་དོན་ཐད་ངེས་པར་དུ་ཡིད་གཟབ་གནང་དགོས་པར་མ་ཟད་དེ་འབྲེལ་སྙན་ཐོ་བརྒྱུད་ནས་བཟོས་པའི་ནོར་འཁྲུལ་ཁག་འཕྲལ་དུ་ཡོ་བསྲང་གནང་དགོས་པའི་ཉེན་བརྡ་བཏང་འདུགགཞི་རྩའི་ཁ་ཉིན་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱིས་འདོན་སྤེལ་གནང་བའི་ ༢༠༡༩ ལོའི་འགྲོ་བ་མིའི་ཐོབ་ཐང་གི་སྙན་ཐོ་དེ་འཛམ་གླིང་རྒྱལ་ཁབ་ ༢༠༠ ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ལ་ཉམས་ཞིབ་གནང་བ་ཅིག་ཆགས་ཡོད་པ་དང་། དེའི་ནང་རྒྱ་ནག་དམར་ཤོག་ཚོགས་པའི་དཔོན་རིགས་ཚོས་ཤིན་ཅང་ནང་གི་ཡུ་གུར་མི་རིགས་རང་སྐྱོང་ཁུལ་དུ་ཁ་ཆེ་གྲངས་ཉུང་མི་རིགས་ཧ་ཅང་མང་པོ་སྡེབ་ལ་དོ་དམ་བཀག་ཉར་བྱས་པའི་གནད་དོན་ལུང་འདྲེན་དང་སྦྲགས། བོད་དང་ཤིན་ཅང་ནང་གཞུང་འབྲེལ་གྱི་སྨྲ་བརྗོད་རང་དབང་དང་ཆོས་དད་རང་དབང་། འདུ་འཛོམས་དང་འགྲོ་སྡོད་སོགས་ཀྱི་ཐད་ས་ཁུལ་གཞན་ཁག་ལས་ཧ་ཅང་དམ་དྲག་ཆེ་བ་ཡོད་སྐོར་གསུངས་འདུག ལྷག་པར་དུ་བོད་སྐོར་གྱི་ཚན་པའི་ནང་སྔ་ལོ་ ༢༠༡༩ ལོར་བོད་ས་ཡོངས་ཀྱི་ནང་བོད་མི་གར་སོང་ཆ་མེད་དུ་གྱུར་བ་དང་སྡུག་སྦྱོང་མནར་གཅོད་བཏང་བ། གནས་ཚུལ་བཀག་སྡོམ་བྱས་པ་དང་བོད་མིའི་ཞི་བའི་འདུ་འཛོམས་དང་འགྲུལ་བསྐྱོད་རང་དབང་། དེ་བཞིན་བོད་མིའི་ཐུན་མོང་མ་ཡིན་པའི་ཆོས་ཕྱོགས་ཀྱི་བྱེད་སྒོ་དང་ཆབ་སྲིད་ཀྱི་རང་དབང་སོགས་ཀྱི་ཐོག་དམ་དྲག་ཤུགས་ཆེ་བྱས་པ་སོགས་རྒྱ་ནག་གཞུང་གིས་བོད་མིའི་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་ཚབས་ཆེན་གཏོང་བཞིན་ཡོད་པ་བཅས་གསལ་འདོན་གནངཡོད་པ་རེད།

  བོད་མིའི་སྒྲིག་འཛུགས་ཀྱིས་བོད་ཀྱི་བུད་མེད་ཉིན་མོ་སྲུང་བརྩི།

ཁ་སང་ཟླ་ ༣ ཚེས་ ༡༢ ཉིན་རྒྱུབ་ཏུ་བོད་མིའི་སྒྲིག་འཛུགས་དཔལ་འབྱོར་ལས་ཁུངས་ཀྱི་བུད་མེད་ནུས་སྟོབས་གོང་སྤེལ་ཚན་པའི་གོ་སྒྲིག་འོག་གངས་སྐྱིད་སྲིད་སྐྱོང་ཚོགས་ཁང་ནང་བོད་ཀྱི་བུད་མེད་ཉིན་མོ་སྲུང་བརྩི་གནང་སྟེ། འདྲ་མཉམ་ Each for Equal  ཞེས་པའི་བརྗོད་གཞིའི་ཐོག་གཏམ་བཤད་ཀྱི་ལས་རིམ་ཞིག་གོ་སྒྲིག་གནང་འདུགཁ་སང་གི་མཛད་སྒོ་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་དབུས་བཀའ་བློན་རྣམ་པ་དང་། ལྷན་ཁང་ཁག་གི་དྲུང་ཆེ་ཆུང་རྣམ་པ། སྲི་ཞུའི་ལས་བྱེད་བཅས་ཚང་འཛོམས་ཀྱིས་ཐོག་མར་སྲིད་སྐྱོང་མཆོག་གིས་དེ་སྔོན་ཕྱི་ལོ་ ༡༩༥༩ ཟླ་ ༣ ཚེས་ ༡༢ ཉིན་བོད་ནང་བུད་མེད་རྣམས་ཀྱིས་མ་གྲོས་བསམ་པ་གཅིག་མཐུན་གྱིས་བོད་ཀྱི་བསྟན་པ་ཆབ་སྲིད་དང་རྩ་དོན་སླད་རྒྱ་ནག་དམར་པོའི་དྲག་གནོན་ལ་ཞི་རྒོལ་གྱེན་ལངས་ཤུགས་ཆེ་གནང་བའི་དེ་བྱུང་ངོ་སྤྲོད་གནང་བ་དང་སྦྲགས། ཕྱི་ཟླ་ ༣ ཚེས་ ༡༢ ཉིན་དེ་བོད་ཀྱི་བུད་མེད་ཉིན་མོར་སྲུང་བརྩི་ཞུ་བཞིན་ཡོད་པའི་གཏམ་བཤད་གནང་འདུགསྲིད་སྐྱོང་མཆོག་གིས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དང་སྒྲིག་འཛུགས་ནང་ལས་བྱེད་ཕོ་མོའི་དབར་དབྱེ་འབྱེད་རྩ་བ་ནས་མེད་ཚུལ་དང་། ལྷག་དོན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེའི་བཀའ་དྲིན་དང་སྒྲིག་འཛུགས་ཀྱི་སྲིད་བྱུས་བཟང་པོ་ཕྱག་བསྟར་རྒྱུན་འཛིན་གནང་བའི་དྲིན་ལས་བོད་མིའི་སྒྲིག་འཛུགས་ཀྱི་བུད་མེད་ནུས་སྟོབས་གོང་སྤེལ་གྱི་སྲིད་བྱུས་གཏན་འབེབས་གནང་བ་ལྟར་བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་ཏུ་ཕྱག་བསྟར་གནང་བཞིན་ཡོད་པ་མ་ཟད། གངས་སྐྱིད་ལས་ཁུངས་ཁག་ཏུའང་མུ་མཐུད་ཕྱག་བསྟར་གནང་མུས་ཡིན་པར་གསུངས་བ་དང་སྦྲགས་ཏེ་ད་ལྟ་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ནང་ཕྱག་ལས་གནང་བཞིན་པའི་སྲི་ཞུ་བའི་ཞལ་གྲངས་ ༢༠༩ བུད་མེད་ཡིན་པ་དང་། དེའི་ཁོངས་ནས་བུད་མེད་ས་གནས་འགོ་འཛིན་གནང་བཞིན་པ་ཞལ་གྲངས་ ༡༠ ཡོད་པ་གསུངས་ནས་སྲི་ཞུའི་ལས་བྱེད་རྣམས་ས་གནས་ཁག་ཏུ་ཕེབས་ཚེ་ཁ་ཡོད་ལག་ཡོད་ཀྱི་སྤྱི་ཚོགས་ནང་ཕན་ཐོགས་གནང་ཐུབ་པར་འབད་བརྩོན་དགོས་ལུགས་ཀྱི་སྐུལ་མ་དང་ལྷན་དུ་དེ་ལྟར་ཡོང་བར་སྲི་ཞུ་བ་ཚང་མས་ཐུགས་འགན་བཞེས་དགོས་པའི་འབོད་སྐུལ་གནང་འདུགགཞན་ཡང་བུད་མེད་ནུས་སྟོབས་གོང་སྤེལ་ཚན་པས་བོད་ཀྱི་བུད་མེད་རྣམས་ཀྱིས་བོད་ཀྱི་རྩ་དོན་ཐད་ལ་འགན་ཁུར་བཞེས་པའི་དངོས་བྱུང་གི་གློག་བརྙན་ཞིག་གཟིགས་འབུལ་ཞུས་པ་དང་བུད་མེད་ནུས་སྟོབས་གོང་སྤེལ་ཚན་པའི་ཕྱག་ལས་གནང་ཕྱོགས་སོགས་ངོ་སྤྲོད་གནང་འདུགརྩ་བའི་ཕྱི་ཟླ་ ༣ ཚེས་ ༡༢ ཉིན་ནི་བོད་ཀྱི་བུད་མེད་རྣམས་ཀྱིས་རྒྱལ་ས་ལྷ་སར་རྒྱ་ནག་གི་དབང་སྒྱུར་ལ་ངོ་རྒོལ་སྐད་འབོད་གནང་བའི་ལོ་རྒྱུས་ཁྲོད་ཀྱི་དམིགས་བསལ་གྱི་ཉིན་མོ་ཞིག་ཡིན་པ་ལྟར། བོད་ཀྱི་བུད་མེད་ལྷན་ཚོགས་ཀྱིས་ཉིན་མོ་འདི་ནི་བུད་མེད་སྒེར་ལངས་ཀྱི་ཉིན་མོ་སྲུང་བརྩི་ཞུ་བཞིན་ཡོད་ཀྱང་། ཕྱི་ལོ་ ༢༠༡༧ ལོར་བཀའ་ཤག་སྐབས་ ༡༥ པས་ཉིན་མོ་འདི་ནི་བོད་ཀྱི་བུད་མེད་ཀྱི་ཉིན་མོར་གཏན་འབེབས་གནང་སྟེ་སྲུང་བརྩི་གནང་གི་ཡོད་པ་རེད། འོན་ཀྱང་བོད་ཀྱི་བེུད་ལྷན་ཚོགས་གཙོ་བོར་གྱུར་པའི་བེུད་ཁག་གཅིག་གིས་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་ཟླ་ ༣ ཚེས་ ༡༢ ཉིན་མོ་དེ་བོད་ཀྱི་དཔའ་མོ་རྣམས་ལ་རྗེས་དྲན་དང་ལས་འགུལ་གྱི་ཉིན་མོ་ཞིག་ལ་སྲུང་བརྩི་གནང་དགོས་པ་ལས་དུས་ཆེན་གྱི་ངོ་བོར་སྲུང་བརྩི་ཞུ་ན་འགྲིག་གི་མེད་པའི་དགོངས་ཚུལ་ཤུགས་ཆེ་དང་བཅས་བེུད་ཀྱི་ཉིན་མོ་ཞེས་པ་དེར་ངེས་ལེན་གནང་གི་མེད་པ་རེད། འབྲེལ་ཡོད་པར་རྣམས་བོད་མིའི་སྒྲིག་འཛུགས།

 བཞུགས་སྒར་དུ་བོད་ཀྱི་བུད་མེད་སྒེར་ལངས་ཐེངས་ ༦༡ པ་སྲུང་བརྩི།

བོད་ཀྱི་བུད་མེད་ལྷན་ཚོགས་ཀྱིས། མཉམ་འབྲེལ་རྒྱལ་ཚོགས་ནས་རྒྱ་ནག་ལ་གནོན་ཤུགས་སྤྲད་དེ་༸གོང་ས་མཆོག་གི་སྐུ་ཚབ་དང་ལྷན་དུ་གྲོས་མོལ་བསྐྱར་གསོ་དགོས་པའི་དགོས་འདུན་དང་སྦྲགས། བོད་ཀྱི་བོད་ཀྱི་བུད་མེད་སྒེར་ལངས་ཐེངས་ ༦༡ པ་དེ་སྲུང་བརྩི་ཞུས་གནང་སོང་། དེ་ཡང་དེ་རིང་སྔ་དྲོ་ཕྱག་ཚོད་བདུན་པའི་ཐོག    བཞུགས་སྒར་གྱི་ལྷ་རྒྱལ་རིའི་མདུན་ཐང་དུ་།  བོད་ཀྱི་བུད་མེད་སྒེར་ལངས་ཐེངས་ ༦༡ པ་དེ་སྲུང་བརྩི་གནང་སྟེ།   གཏམ་བཤད་ཀྱི་མཛད་སྒོ་གྲོལ་མཚམས་སུ།   ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་སྒོ་འགྲམ་ནས་རྡ་སའི་མེག་སྒན་གྱི་བཞི་མདོ་བར་རྒྱ་ནག་ལ་ངོ་རྒོལ་སྐད་འབོད་ཀྱི་གོམ་བགྲོད་ལས་འགུལ་ཞིག་སྤེལ་སོང་། མཛད་སྒོའི་ཐོག་སྐུ་མགྲོན་གྱི་གཙོ་བོ།   བོད་མིའི་སྒྲིག་འཛུགས་ཀྱི་དྲུང་ཆེ་ཟུར་བ།  བཙུན་མའི་ལས་འཆར་འགན་འཛིན་སྣང་བཟའ་ཆོས་སྒྲོན་ལགས་ཀྱི་གཙོ་བྱས་པའི་རྡ་སའི་ས་གནས་འགོ་འཛིན་དང་ཚོགས་སྐྱིད་ཁག་གི་སྐུ་ཚབ   དེ་བཞིན་རྡ་ས་ཁུལ་གྱི་མི་མང་སྐོར་ཞིག་མཉམ་འཛོམས་གནང་འདུག    བོད་ཀྱི་བུད་མེད་ལྷན་ཚོགས་ངོས་ནས་དེ་རིང་གི་དུས་ཚིག་དང་བསྟུན་ཡོང་ས་ཁྱབ་བསྒྲགས་གཏམ་ཞིག་འདོན་སྤེལ་གནང་བའི་ནང་དུ་རྒྱ་ནག་གིས་ད་ཆ་བོད་ནང་དུ་འཆར་ལྡན་བུ་སྐྱེས་ཀྱི་སྲིད་བྱུས་ལག་བསྟར་གྱིས་བོད་མི་རིགས་ཀྱི་འཚོ་གནས་ལ་གནོད་སྐྱོན་ཆེན་པོ་བཟོས་ཡོད་པ་མ་ཟད།  བོད་ཀྱི་བུད་མེད་ཀྱི་ཐོ་ཐང་ལའང་གནོད་སྐྱོན་ཆེན་པོ་བཟོས་ཡོད་པར་འགྲེལ་བརྗོད་ཀྱིས།   ཐེངས་འདིའི་བུད་མེད་སྒེར་ལངས་ཀྱི་ཉིན་མོ་དང་བསྟུན་ནས་བོད་རྒྱ་འབྲེལ་མོལ་སྐྱར་གསོ་དགོས་པ་དང་། པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གིས་དབུས་པའི་ཆབ་སྲིད་བཙོན་པ་རྣམས་འཕྲལ་དུ་གློད་བཀྲོལ་དགོས་པ་སོགས་དགོས་འདུན་དོན་ཚན་བཞི་ཕྱིར་བསྒྲགས་གནང་སོང་། དེ་བཞིན་སྐབས་དེར། སྐུ་མགྲོན་གཙོ་བོ་སྣང་བཟའ་ཆོས་སྒྲོན་ལགས་ཀྱིས་བུད་མེད་སྒེར་ལངས་ཀྱི་ཉིན་མོ་འདི་ནི་གཞུང་འབྲེལ་ཡིན་མིན་ལ་མ་བལྟས་པར།  བོད་ཀྱི་བུད་མེད་ཀྱིས་དབུ་ཁྲིད་པའི་མི་མང་གི་མཛད་སྒོ་ཆེན་པོ་ཞིག་ཡིན་པར་ངོ་སྤྲོད་ཀྱིས།   ད་ཆ་བཙན་བྱོལ་གྱི་མི་ལོ་དྲུག་ཅུའི་རིང་མི་རབས་རྒན་པ་རྣམས་ཀྱིས་འགན་རྐང་བཞེས་ཀྱི་ཐོག་ནས་བོད་ཀྱི་རྩ་དོན་སྤྱི་དང་།  སྒོས་སུ་བོད་མི་རིགས་ཀྱི་ཆོས་དང་རིག་གཞུང་རྒྱུན་འཛིན་དར་སྤེལ་བྱས་ཡོད་པ་བཞིན། ད་ཆ་མི་རབས་གསར་བའི་དཔུང་ཁག་གིས་ཀྱང་མི་རབས་གོང་མ་རྣམས་ལ་མིག་དཔེར་བལྟས་བའི་ཐོག་ནས་བོད་རྩ་དོན་འཐབ་རྩོད་རྒྱུན་སྐྱོང་གནང་རྒྱུའི་རེ་སྐུལ་དང་།   མགོན་པོ་གང་གི་ལམ་སྟོན་གྱི་འོག་ལ་ཤར་སྐྱོད་བྱེད་རྒྱུ་གལ་ཆེན་ཡིན་སྐོར་གསུངས་བཤད་གནང་སོང་། རྩ་བའི་བུད་མེད་སྒེར་ལངས་ཀྱི་ཉིན་མོ་དེ་ནི་ ༡༩༥༩ ལོའི་ཕྱི་ཟླ་གསུམ་པའི་ཚེས་༡༢ཉིན་བོད་ཀྱི་རྒྱལ་ས་ལྷ་སའི་ནང་། བུད་མེད་་ཕོན་ཆེན་འདུ་འཛོམས་ཀྱིས་རྒྱ་ནག་གཞུང་གི་དྲག་པོའི་དབང་བསྒྱུར་ལ་ཞི་རྒོལ་བྱས་པའི་དུས་དྲན་གྱི་ཉིན་མོ་དེ་ཡིན་པ་རེད།  བུད་མེད་ལྷན་ཚོགས་ཀྱིས་དེ་རིང་གི་ཉིན་མོ་སྲུང་བརྩི་དང་སྦྲགས། བོད་རིགས་མི་མང་ཡོད་དོ་ཅོག་གིས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་གྱི་ཐོག་ནས་བོད་ཀྱི་གནད་དོན་ཐད་འབད་བརྩོན་དང་༸གོང་ས་མཆོག་གི་ཡང་དག་པའི་ལམ་སྟོན་དབུ་ཁྲིད་འོག་མུ་མཐུད་འབད་བརྩོན་དང་ཤར་བསྐྱོད་བྱ་རྒྱུའི་ཁས་ལེན་དམ་བཅའ་བཞག་འདུག  

ལས་འགུལ་བ་རྣམས་རྒྱའི་གཞུང་ཚབ་ཏུ་མ་འབྱོར་བའི་གོང་ནས་འཛིན་བཟུང་།

བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་བུད་མེད་སྒེར་ལངས་ཉིན་མོ་དང་བསྟུན་དེ་རིང་སླར་ཡང་རྒྱལ་ས་ལྡི་ལིའི་རྒྱའི་གཞུང་ཚབ་ཏུ་རྒོལ་འཆོང་གནང་རྒྱུའི་ལས་འགུལ་གྲ་སྒྲིག་གནང་ཡོད་པ་ཡིན་ཀྱང་། ས་གནས་སྐོར་སྲུང་བས་ལས་འགུལ་བ་མི་གྲངས་ ༢༢ ལྷག་ཡོད་པ་དེ་དག་རྒྱའི་གཞུང་ཚབ་ཕྱོགས་སུ་མ་འབྱོར་གོང་མི་ཀྲར་ ༡༠༠ གི་ས་ཐག་ནས་འཛིན་བཟུང་བྱས་ཡོད་པ་རེད།  བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་དེ་རིང་བུད་མེད་སྒེར་ལངས་ཉིན་མོ་དང་བསྟུན་རྒྱལ་ས་ལྡིའི་རྒྱའི་གཞུང་ཚབ་ཏུ་གསུམ་བཅུའི་དུས་དྲན་ལས་འགུལ་ལས་རྒོལ་འཆོང་གི་ལས་འགུལ་གཞི་རྒྱ་ཆེ་བ་ཅིག་སྤེལ་རྒྱུའི་སྟ་གོན་གནང་སྟེ་དེ་རིང་སྔ་དྲོ་ཚོུད་ ༡༡ ཙམ་ལ་ལས་འགུལ་བ་མི་གྲངས་ ༢༢ ལྷག་ནས་རྒྱའི་གཞུང་ཚབ་ཏུ་རྒོལ་འཆོང་གནང་བར་ཕེབས་ཡོད་པ་དང་། སྐབས་དེར་རྒྱ་གར་དང་རྒྱལ་སྤྱིའི་གསར་འགོད་པ་མང་པོ་ཞིག་རྒྱལ་ས་ལྡི་ལིའི་རྒྱའི་གཞུང་ཚབ་ཀྱི་རྒྱལ་སྒོའི་ཕྱོགས་སུ་བོད་མི་ངོ་རྒོལ་བ་སྒུག་ཡོད་ཀྱང་གཞོན་ནུའི་ལས་འགུལ་བ་རྣམས་རྒྱའི་གཞུང་ཚབ་ཡོད་ས་ནས་མི་ཀྲར་ ༡༠༠ ལྷག་གི་ས་ཐག་དབྱིན་ཇིའི་གཞུང་ཚབ་མདུན་ནས་སྐོར་སྲུང་བས་འཛིན་བཟུང་བྱས་ཡོད་པ་རེད།གསར་འགོད་པ་རྣམས་དངོས་སུ་ས་གནས་དེར་འབྱོར་སྐབས་ལས་འགུལ་བ་ཚང་མ་ས་གནས་སྐོར་སྲུང་བས་འཛིན་བཟུང་བྱས་ཏེ་རླངས་འཁོར་ནང་བཅུག་ཟིན་པར་མ་ཟད་བོད་མི་ལས་འགུལ་བ་དེ་དག་ཚང་མ་ Mandir Marg  ས་གནས་སྐོར་སྲུང་ལས་ཁུངས་སུ་དོ་དམ་བྱས་འདུགགཞི་རྩའི་དེ་རིང་རྒྱལ་ས་ལྡི་ལིའི་ནང་བུད་མེད་སྒེར་ལངས་ཉིན་མོ་དང་བསྟུན་ལྡི་ལི་ས་གནས་བུད་མེད་ལྷན་ཚོགས་གིས་གོམ་བགྲོད་ཀྱི་ལས་འགུལ་ཞིག་སྤེལ་རྒྱུར་སྟ་གོན་གནང་ཡོད་ཀྱང་། ས་གནས་སྐོར་སྲུང་ལས་ཁུངས་ནས་དེང་སྐབས་ཏོག་དབྱིམས་ནད་རིམས་འགོས་ཁྱབ་ཀྱི་ཉེན་ཁ་ཡོད་རྐྱེན་གོམ་བགྲོད་གནང་རྒྱུའི་བཀའ་འཁྲོལ་གནང་མེད་པར་བརྟེན་བོད་སྒར་བསམ་ཡས་གླིང་དུ་མཛད་སྒོ་སྟབས་བདེ་ཞིག་ཚོགས་ཏེ་བུད་མེད་སྒེར་ལངས་ཉིན་མོ་སྲུང་བརྩི་ཞུས་ཡོད་པ་རེད།

Latest news