ལྷོ་ཁ་གནས་སྡོད་བྱེད་མཁན་ཁག་གཅིག་སྐྱིད་གྲོང་གི་གོད་ཆགས་སྐོར་དཀྲོག་གཏམ་སྤེལ་བའི་ཉེས་འཛུགས་འོག་འཛིན་བཟུང་།

Tibetan News Headlines

  • Snowland Forum 2026 Opens in Taipei to Examine China’s Ethnic-Unity Law
  • Tibetan Activist Begins Peace March from Amsterdam to UN in Geneva to Restore Independence
  • BTSM Launches 15th Tawang Tirth Yatra in Guwahati as Part of Tibet Awareness Campaign
  • Bicycle Rental and Tour Guide Initiative Launched in Kollegal Dhondenling to Boost Eco-Tourism
  • Tibetan Art Curriculum ‘Understanding Zo-Rigpa’ Launched in Dharamsala
  • Nepal PM Balendra Shah Arrives in New Delhi for First Bilateral Visit, Talks with Modi

ཪེས་གཟའ་ཟླ་བ། ༢༠༢༦།༡༡།༢༣

  • འདི་ལོའི་གངས་ལྗོངས་གླེང་སྟེགས་ཐོག་རྒྱ་ནག་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་ཁྲིམས་ཡིག་དེར་ཐུན་མོང་གིས་གདོང་ལེན་གནང་ཕྱོགས་དང་འབྲེལ་བགྲོ་གླེང་།
  • བོད་རང་བཙན་སླར་གསོའི་ཆེད་དུ་གོམ་བགྲོད་ལས་འགུལ་འགོ་འཛུགས་གནང་འདུག
  • ཆོས་རིག་བཀའ་བློན་དབུ་བཞུགས་ཐོག་རྟ་དབང་གནས་སྐོར་ཐེངས་བཅོ་ལྔ་པ་དབུ་འཛུགས།
  • ཀོ་ལེ་གྷལ་དོན་ལྡན་གླིང་ནང་རྐང་འཁོར་གླ་གཡར་དང་ཡུལ་སྐོར་སྣེ་ཁྲིད་ཀྱི་ལས་གཞི་དབུ་འབྱེད།
  • བཟོ་རིག་པར་གོ་རྟོགས། མཐོང་རྒྱ་དང་གསར་གཏོད་ཀྱི་གདན་ཞུ། ཞེས་པའི་བཟོ་རིག་སྒྱུ་རྩལ་གྱི་བསླབ་གཞི་དཔེ་དེབ་ཅིག་དབུ་འབྱེད།
  • བལ་ཡུལ་གྱི་སྲིད་བློན་བྷ་ལེནྡྲ་ཤཱ་ཡི་རྒྱ་གར་དུ་ཐེངས་དང་པོའི་གཞུང་འབྲེལ་འཚམས་གཟིགས་དབུ་འཛུགས།

རྒྱ་གཞུང་གིས་བལ་བོད་ས་ཚམས་སུ་ཆུ་ལོག་གི་གོད་ཆགས་དང་འབྲེལ་བའི་གནས་ཚུལ་གང་བྱུང་ཁྱབ་སྤེལ་བྱས་ཡོད་ཚུལ་གྱི་ཉེས་མིང་འོག་ཉུང་མཐར་མི་བཅུ་ལ་ཉེས་ཆད་བཅད་ཡོད་པ་ཡོངས་བསྒྲགས་བྱས་པ་མ་ཟད།  ལྷོ་ཁ་ས་ཁུལ་དུ་གནས་སྡོད་བྱེད་མཁན་སྐོར་ཞིག་གིས་གོད་ཆགས་དང་འབྲེལ་བའི་དཀྲོག་གཏམ་སྤེལ་བའི་ཉེས་འཛུགས་འོག་འཛིན་བཟུང་བྱས་པའི་གནས་ཚུལ་ཐོན་འདུག

དེ་ཡང་འདི་ག་རླུང་འཕྲིན་ཁང་ལ་གནས་ཚུལ་ཤེས་རྟོགས་བྱུང་བར་གཞིགས་ན། རྒྱ་རིགས་ཀྲོའུ་ཟེར་བ་ཞིག་གིས་བརྙན་ཐུང་ཞིག་གི་བརྒྱུད་དེ། སྐྱིད་གྲོང་གི་འདམ་རྡོའི་གོད་ཆགས་ཁྲོད་ཉུང་མཐར་མི་གྲངས་ ༡༥༠༠ ཙམ་རྐྱེན་ལམ་དུ་སོང་བ་དང་། མི་ ༣༠༠༠ ལྷག་ཙམ་བོར་བརླག་ཏུ་སོང་ཡོད་པའི་གནས་ཚུལ་བསྒྲགས་རྗེས། རྒྱ་གཞུང་གིས་ཁོ་པས་དྲྭ་ལམ་དུ་བལ་བོད་ས་མཚམས་སུ་བྱུང་བའི་རང་བྱུང་གོད་ཆགས་ཀྱི་སྐོར་ལ་མི་མང་པོ་བོར་བརླག་དང་འདས་གྲོངས་སུ་ཕྱིན་ཡོད་པའི་དཀྲོག་གཏམ་སྤེལ་བའི་ཉེས་འཛུགས་འོག་འཛིན་བཟུང་བཀག་ཉར་བྱས་འདུག་ལ། དེ་བཞིན་ཕྱི་ཚེས་ ༢༧ ཉིན། རྒྱ་རིགས་ཞུའུ་ཟེར་བ་ཞིག་གིས་ཀྱང་གོད་ཆགས་དང་འབྲེལ་བའི་གསར་འགྱུར་བརྙན་ཐུང་ཞིག་གི་མཆན་ཁྲོད། གོད་ཆགས་ཀྱི་རྐྱེན་པས་ཤི་རྨས་དང་བོར་བརླག་ཏུ་སོང་བའི་མི་གྲངས་ནི་རྒྱ་གཞུང་གིས་དྲིལ་བསྒྲགས་བྱས་པ་ལས་མང་བ་ཡོད་སྐོར་དང་། གོད་ཆགས་ཀྱི་བྱུང་རྐྱེན་ཀྱང་རྒྱ་གཞུང་གིས་འགྲེལ་བརྗོད་བྱས་པའི་གནས་ཚུལ་ལྟར་མིན་སྐོར་བཀོད་ཡོད་སྟབས། གོད་ཆགས་དང་འབྲེལ་བའི་དཀྲོག་གཏམ་སྤེལ་བའི་ཉེས་མིང་འོག་འཛིན་བཟུང་བཀག་ཉར་བྱས་ཡོད་འདུག

དེ་བཞིན། དྲྭ་ཐོག་ནས་གནས་ཚུལ་མཁོ་སྤྲོད་བྱེད་མཁན་གཞན་གཉིས་ནས་ཀྱང་དེ་ལྟར་བྱས་པའི་ཉེས་མིང་འོག་འཛིན་བཟུང་བཀག་ཉར་བྱས་ཡོད་པ་མ་ཟད།  གོང་ཞུས་ལྷོ་ཁ་ས་ཁུལ་གྱི་མི་བཞི་པོ་དེ་དག་གིས་གོད་ཆགས་ཀྱི་གནས་ཚུལ་ལ་ཁ་གཡར་ནས་དྲྭ་ཐོག་གི་ལྟ་ཀློག་མང་དུ་གཏོང་ཐབས་བྱ་ཕྱིར་གོད་ཆགས་སྐོར་གྱི་གནས་ཚུལ་རྫུན་མ་བཟོས་ཏེ་མི་མང་ལ་ནོར་འཁྲུལ་ཅན་གྱི་གོ་རྟོགས་སྤེལ་ཐབས་བྱས་ཡོད་ཚུལ་གྱི་ཉེས་པ་བཙུགས་ནས། དྲྭ་རྒྱའི་ཐོག་གི་མཆན་དང་བརྙན་སོགས་ནག་བསུབ་གཏང་དགོས་པའི་སྐུལ་མ་བཏང་ཡོད་འདུག

སྤྱིར་ཁ་སང་ཕྱི་ཚེས་ ༣༡ ཉིན། ཀྲུང་གོའི་སྤྱི་བདེ་ལས་ཁུངས་ཀྱི་དྲྭ་རྒྱའི་བདེ་འཇགས་སྲུང་སྐྱོབ་ཚན་པས། མི་བཅུ་ཡིས་དྲྭ་ལམ་དུ་བལ་བོད་ས་མཚམས་སུ་བྱུང་བའི་རང་བྱུང་གོད་ཆགས་ཀྱི་སྐོར་ལ་མི་མང་པོ་བོར་བརླག་དང་འདས་གྲོངས་སུ་ཕྱིན་ཡོད་པའི་དཀྲོག་གཏམ་སྤེལ་བར་བརྟེན། དྲྭ་རྒྱའི་བདེ་འཇགས་ཟེར་བའི་ཁྲིམས་ལུགས་གཞིར་བཟུང་ཉེས་ཆད་བཅད་ཡོད་ཅེས་ཡོངས་བསྒྲགས་བྱས་ཡོད་པ་དང་། དེ་ལྟར་ཡང་མི་བཅུ་པོ་དེ་དག་སུ་ཡིན་མིན་གཙོས་མི་རེ་རེར་ཆད་པ་གང་འདྲ་བཏང་ཡོད་པ་སོགས་ཀྱི་གནས་ཚུལ་གང་ཡང་ཕྱིར་བསྒྲགས་བྱས་མེད་པ་རེད་འདུག

ཕྱོགས་མཚུངས་ཁ་སང་ཕྱི་ཚེས་ ༣༡ ཉིན་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པས་བལ་བོད་ས་མཚམས་ཁུལ་དུ་བྱུང་བའི་གོད་ཆགས་ཀྱིས་བོད་པའི་མི་དམངས་སྟོང་ཕྲག་གི་འཚོ་བ་དང་ཚེ་སྲོག་ལ་གནོད་སྐྱོན་ཐེབས་ཡོད་ནའང་། རྒྱ་གཞུང་གིས་ས་ཚིགས་དེར་གནས་ཚུལ་དངོས་དྲིལ་བསྒྲགས་བྱས་བར་དམ་དྲག་ཤུགས་ཆེ་བྱས་པ་མ་ཟད། ཆུ་ལོག་གི་གོད་ཆགས་དང་འབྲེལ་བའི་གནས་ཚུལ་གང་བྱུང་ཁྱབ་སྤེལ་བྱས་ཡོད་ཚུལ་གྱི་ཉེས་མིང་འོག་ཉུང་མཐར་མི་བཅུ་ལ་དྲྭ་རྒྱའི་བདེ་འཇགས་ཟེར་བའི་ཁྲིམས་ལུགས་གཞིར་བཟུང་ཉེས་ཆད་བཅད་ཡོད་པ་ལུང་འདྲེན་གྱིས། གོད་ཆགས་ཀྱི་གནོད་འཚེ་ཕོག་པའི་བོད་མི་རྣམས་ལ་སོ་སོའི་ད་ལྟའི་གནས་བབ་དེ་བཞིན་འཛམ་གླིང་སྤྱིར་ཕྱིེར་བསྒྲགས་བྱས་ཆོག་པའི་ཁོར་ཡུག་བསྐྲུན་དགོས་པ་གསུངས་འདུག

མ་ཟད། ཕྱི་རྒྱལ་གྱི་གསར་འགོད་པ་དང་རང་དབང་ཅན་གྱི་ཞིབ་འཇུག་པ་རྣམས་ཆོག་མཆན་མེད་པར་ཁུལ་དེར་འཛུལ་ཞུགས་བྱེད་བཅུག་གི་མེད་པ་དང་ཆབས་ཅིག  རྒྱ་ནག་རང་གིས་གསར་འགོད་པ་རྣམས་ཀྱང་གོད་ཆགས་བྱུང་སའི་ས་གནས་དང་། ཁྱིམ་ཚང་ལ་བཅར་འདྲི་བྱེད་པར་བཀག་སྡོམ་བྱས་ཐོག་གསར་ཁང་ཁག་གིས་རྒྱ་ནག་གཞུང་འབྲེལ་གྱི་བརྒྱུད་ལམ་ཁག་གི་གྲངས་ཐོ་དང་གནས་ཚུལ་ལ་བརྟེན་དགོས་པའི་ཉེན་བརྡ་བཏང་ཡོད་པ་གསལ་འདོན་གནང་འདུག

དེ་བཞིན་རྒྱ་ནག་གི་ཝེ་བོ་སོགས་སྤྱི་ཚོགས་དྲྭ་ལམ་ཁག་ཏུ་རྒྱ་ནག་ནས་ཁུལ་དེར་ཛ་དྲག་མྱུར་སྐྱོབ་ལས་དོན་ཤུགས་ཆེ་སྤེལ་བཞིན་པ་དང་། ལྷག་པར་རྒྱ་རིགས་དམག་མིས་བོད་མི་རྣམས་ལ་སེམས་གསོ་གཏོང་བའི་བརྙན་ཐུང་རིགས་བརྒྱུད་སྐུལ་ཤུགས་ཆེ་བྱས་པའི་བརྒྱུད། རྒྱལ་སྤྱི་སྤྱི་ཚོགས་ནང་རྒྱ་ནག་གཞུང་གིས་བོད་ཁུལ་དུ་བྱུང་བའི་གོད་ཆགས་དེར་འགན་འཁུར་གྱི་ཡོད་ཚུལ་གྱི་རྣམ་པ་སྟོན་བཞིན་ཡོད་སྐོར་འབད་བརྩོན་བྱེད་བཞིན་ཡོད་ནའང་། ཚོགས་པས་དེ་ལྟ་བུའི་བྱ་སྤྱོད་ཁག་གིས་གར་སོང་ཆ་མེད་དུ་གྱུར་བའི་མི་རྣམས་ཀྱི་གཉེན་ཉེ་རྣམས་འཚོལ་བར་དཀའ་ངལ་བཟོས་པ་མ་ཟད། གོད་ཆགས་ལ་མ་འོངས་པར་དོ་དམ་བྱས་པར་འགོག་རྐྱེན་ཆེན་པོ་བཟོ་སྲིད་པ་གསུངས་འདུག

ལྷག་དོན་གནད་དོན་དབྱེ་ཞིབ་པ་ཁག་གཅིག་གིས་རྒྱ་ནག་གཞུང་གིས་བོད་སྐྱིད་གྲོང་ཕྱོགས་ནས་བླངས་པའི་པར་དང་བརྙན་སོགས་ཐེངས་འདིའི་ཆུ་ལོག་དང་འབྲེལ་བའི་གནས་ཚུལ་ཡོངས་རྒྱ་ནག་གི་སྤྱི་ཚོགས་བརྒྱུད་ལམ་ཁག་ནས་མེད་པར་བཟོ་བཞིན་པ་དེ་ནི་ཆུ་ལོག་གི་དཔང་རྟགས་མེད་པར་བཟོ་ཆེད་དམིགས་ཡོད་པ་མ་ཟད།  རྒྱ་ནག་གཞུང་གིས་སྐྱིད་གྲོང་གཙོས་པའི་བོད་ཁུལ་ཡོངས་སུ་རང་སྣང་གང་དྲན་གྱིས་འཛུགས་བསྐྲུན་ལས་གཞི་སྤེལ་བཞིན་པའི་གནད་དོན་རྒྱལ་སྤྱིའི་ཁྲོད་ནས་མེད་པ་བཟོ་ཐབས་ཡིན་སྐོར་གསུངས་འདུག

གཞི་རྩའི་རྒྱལ་སྤྱིའི་ཁྲོད་ད་སྐབས་བོད་ས་མཚམས་སུ་ཆུ་ལོག་གི་གོད་ཆགས་དང་འབྲེལ་རྒྱ་ནག་ལ་སྐྱོན་བརྗོད་སྣ་མང་སླེབས་བཞིན་ཡོད་ཀྱང་།  རྒྱ་གཞུང་གིས་དེར་ངོས་ལེན་མེད་ཅེས་དང་། ལྷག་པར་ཕྱི་ཟླ་ ༨ ཚེས་ ༢༣ ཉིན་བལ་ཡུལ་དུ་ཡོད་པའི་རྒྱ་ནག་གི་གཞུང་ཚབ་ཁང་གིས་སྤྱི་ཚོགས་དྲྭ་ལམ་གྱི་ཐོག་ཐེངས་འདིའི་ཆུ་ལོག་གི་དོན་རྐྱེན་སྐོར་སྔ་ས་ནས་བལ་ཡུལ་ལ་སྔོན་བརྡ་རིགས་གང་ཡང་བཏང་མེད་སྐོར་གྱི་སྐྱོན་འཛུགས་དེ་རིགས་ནི་རྫུན་མ་ཡིན་པར་བརྗོད་འདུག་པ་དང་ཆབས་ཅིག  སྐྱོན་འཛུགས་བྱེད་རྒྱུ་ལས་ལྡོག་སྟེ། ཕན་ཚུན་ཕྱོགས་གཉིས་མཉམ་ལས་བྱེད་དགོས་པ་སོགས་བརྗོད་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།