རྒྱ་ནག་དམར་ཤོག་ཚོགས་པའི་དྲག་གནོན་མྱོང་མཁན་ཡེ་ཤུའི་མཆོད་དཔོན་ཇིན་ལ་ལན་ཊོས་འགྲོ་བ་མིའི་ཐོབ་ཐང་གཟེངས་རྟགས་དབུལ་རྒྱུ་རེད་འདུག

Tibetan News Headlines

  • Art & Culture: In Conversation with Tibetan Actor, Musician and Producer Tsering Dorjee Bawa

ཪེས་གཟའ་ཉི་མ། ༢༠༢༦།༡༡།༠༨

  • སྒྱུ་རྩལ་བ་ཚེ་རིང་འབའ་བ་ལགས་དང་གླེང་མོལ།

ཡེ་ཤུའི་ཆོས་ཉམས་ལེན་བྱས་པར་རྒྱ་ནག་དམར་ཤོག་ཚོགས་པས་དྲག་གནོན་དང་ཉིན་གྲངས་ ༢༦༦ རིང་བཙོན་ཁང་དུ་བཅུག་པའི་ཡེ་ཤུའི་མཆོད་དཔོན་ཇིན་ལགས་ལ་ལན་ཊོས་གཟེངས་རྟགས་འབུལ་བཞེས་གནང་ཡོད་པ་དང་སྦྲགས། ཁོང་གིས་ཆོས་གྲོགས་གཞན་རྣམས་བཙོན་གྲོལ་མ་ཐོབ་བར་དུ་མུ་མཐུད་ཞུ་གཏུག་བྱ་རྒྱུ་ཡིན་པ་གསུངས་འདུག

པེ་ཅིང་ཛི་ཧོན་མཆོད་ཁང་ Beijing Zion Church གསར་འཛུགས་གནང་མཁན་ཨི་ཛ་ར་ཇིན་མིང་རི་ Ezra Jin Mingri ལགས།

དེ་ཡང་དེ་རིང་ཟླ་བ་ ༡༠ ཚེས་ ༩ རེས་གཟའ་པ་སངས་ཉིན་ The Lantos Foundation for Human Rights and Justice   ཞེས་པའི་ཚོགས་པའི་ངོས་ནས་རྒྱ་ནག་དམར་ཤོག་ཚོགས་པས་ཛི་ཧོན་ལྷ་ཁང་གི་འགོ་ཁྲིད་ལ་དྲག་གནོན་བྱེད་འགོ་བཙུགས་ནས་ལོ་ངོ་གཅིག་འཁོར་བ་དང་བསྟུན། ཕྱི་ལོ་ ༢༠༢༦ ལོའི་ལན་ཊོས་འགྲོ་བ་མིའི་ཐོབ་ཐང་གི་གཟེངས་རྟགས་དེ་བཞིན་པེ་ཅིང་ཛི་ཧོན་ལྷ་ཁང་ Beijing Zion Church གསར་འཛུགས་གནང་མཁན་ཨི་ཛ་ར་ཇིན་མིང་རི་ Ezra Jin Mingri ལགས་སུ་དབུལ་རྒྱུའི་གསལ་བསྒྲགས་གནང་འདུག

ཕྱི་ལོ་ ༢༠༠༧ ལོར་གསར་འཛུགས་བྱས་པའི་ཛི་ཧོན་ལྷ་ཁང་དེ་བཞིན་རྒྱ་ནག་ནང་གི་དེབ་སྐྱེལ་བྱས་མེད་པའི་ཡེ་ཤུ་གསར་སྨྲ་བའི་(Protestant) ལྷ་ཁང་གཞི་རྒྱ་ཆེ་ཤོས་ཤིག་ཏུ་གྱུར་ཡོད་པ་དང་། ལྷ་ཁང་གི་འཛིན་སྐྱོང་ནས་མཆོད་ཁང་ནང་དུ་ངོ་རིས་རྩད་གཅོད་བྱེད་མཁན་པར་ཆས་འཛུགས་རྒྱུར་ངོས་ལེན་མ་བྱས་པའི་རྐྱེན་གྱིས། ཕྱི་ལོ་ ༢༠༡༨ ནས་བཟུང་རྒྱ་གཞུང་གིས་ཆོས་ཕྱོགས་ཀྱི་སྒྲིག་འཛུགས་དེར་དྲག་གནོན་བཤུ་གཞོག་གཏོང་འགོ་བཙུགས་ཏེ། ལོ་དེ་རང་ལ་ལྷ་ཁང་སྒོ་རྒྱག་ཏུ་བཅུག་ཡོད།

སྔ་ལོའི་ཟླ་བ་ ༡༠ པའི་ནང་དུ་རྒྱ་གཞུང་གིས་ལྷ་ཁང་དེ་ལ་དྲག་གནོན་སྔར་ལྷག་བྱས་ཏེ། རྒྱ་ནག་གི་གྲོང་ཁྱེར་ ༡༠ ནས་ཡེ་ཤུའི་མཆོད་དཔོན་དང་ཚོགས་མི་ ༣༠ ལྷག་འཛིན་བཟུང་བྱས་ཡོད་པ་དང་། རྗེས་སུ་མཆོད་དཔོན་ཕལ་ཆེ་བ་གློད་བཀྲོལ་བཏང་ཡོད་ནའང་། ཇིན་ལགས་ཉིན་གྲངས་ ༢༦༦ རིང་བཙོན་འཇུག་བྱས་ཡོད།

ཇིན་ལགས་ཀྱིས་གཟེངས་རྟགས་དང་འབྲེལ་ཏེ། The Christian Post ལ་གསུངས་དོན་ལ། ཁོང་ཉིད་ལ་ལན་ཊོས་གཟེངས་རྟགས་གནང་བར་དགའ་བསུ་དང་སྦྲགས། དེ་བརྒྱུད་ནས་རྒྱ་ནག་ནང་ཆོས་དད་ཅན་ཚོར་སྲིད་གཞུང་གིས་དྲག་གནོན་བྱེད་བཞིན་པའི་གནས་སྟངས་གོ་རྟོགས་སྤེལ་བར་ཕན་ཐོགས་ཡོང་ངེས་ཡིན་པ་གསུངས་འདུག

དེ་ཡང་ཁོང་གིས། “རྒྱ་ནག་དམར་ཤོག་ཚོགས་པས་ངའི་ལྷ་ཁང་དང་དེའི་ཚོགས་མི་གཙོས་པའི་ཆོས་ཕྱོགས་ཀྱི་ལམ་སྲོལ་སྒྲིག་འཛུགས་མང་པོར་དྲག་གནོན་བྱས་ཡོད། ད་ཆ་རྒྱལ་སྤྱིའི་མི་མང་མཉམ་རུབ་བྱས་ཏེ་རྒྱ་ནག་མི་མང་གི་ཆོས་དད་རང་དབང་སྐོར་ཞུ་གཏུག་བྱ་རྒྱུའི་དུས་ལ་བབ་ཡོད། དེ་ནི་ཞི་བདེ་དང་དྲང་བདེན་སྤྱི་ཚོགས་ཤིག་གི་གཞི་རྩའི་ཐོབ་ཐང་ཡིན།” ཞེས་ཞུ་གཏུག་གནང་འདུག

དེ་བཞིན་ཁོང་གིས། “ད་ལྟ་ངས་བཙོན་ཁང་ནང་དུ་ཡོད་པའི་ཛོ་ཧོན་ལྷ་ཁང་ཁོངས་གཏོགས་ཀྱི་ཚོགས་མི་བརྒྱད་གློད་བཀྲོལ་ཡོང་ཐབས་སུ་ཞུ་གཏུག་བྱེད་ཀྱི་ཡོད། ཁོང་ཚོ་གློད་བཀྲོལ་མ་བཏང་བར་དུ་ངས་ཞུ་གཏུག་མུ་མཐུད་བྱ་རྒྱུ་ཡིན།”  ཞེས་གསུངས་འདུག

The Lantos Foundation ཚོགས་པའི་ཚོགས་གཙོ་ཀེ་ཀྲི་ན་ལན་ཊོས་སུ་ཝིཊ་ Katrina Lantos Swett ལགས་ཀྱིས་ཐེངས་འདིའི་གཟེངས་རྟགས་ཇིན་ལགས་སུ་དབུལ་རྒྱུའི་ཐག་གཅོད་དང་འབྲེལ་ཏེ། ཇིན་ལགས་ཀྱིས་དྲག་གནོན་འོག་ཏུའང་གཡོ་བ་མེད་པའི་སྙིང་སྟོབས་བསྟན་ནས་འཛམ་གླིང་ཁྱོན་ཡོངས་ཀྱི་མི་མང་ལ་སེམས་ཤུགས་སྤར་ཡོད།  ཐེངས་འདིའི་ལན་ཊོན་གཟེངས་རྟགས་དེ་རང་ཉིད་ཀྱི་རིན་ཐང་གཅེས་འཛིན་དང་། གཞན་ལ་མིག་དཔེ་སྟོན་མཁན་གྱི་གང་ཟག་ཁོང་ལྟ་བུར་དབུལ་རྒྱུ་བྱུང་བར་དགའ་སྤྲོ་ཆེན་པོ་བྱུང་ཞེས་བརྗོད་འདུག

གཞི་རྩའི་ལན་ཊོས་ཐེབས་རྩ་ནི། ན་ཛི་ཇར་མ་ནིའི་དྲག་གནོན་མྱོང་མཁན་ཨ་རིའི་གྲོས་ཚོགས་འཐུས་མི་ཀྲོམ་ལན་ཊོས་ Tom Lantos ལགས་ཀྱི་རྗེས་དྲན་དུ་ཕྱི་ལོ་ ༢༠༠༨ ལོར་གསར་འཛུགས་གནང་ཡོད་པ་དང་། ཕྱི་ལོ་ ༢༠༠༩ ནས་བཟུང་ལོ་ལྟར་ཐེབས་རྩའི་ངོས་ནས་འགྲོ་བ་མིའི་ཐོབ་ཐང་འཐབ་རྩོད་པ་རྣམས་ལ་ལན་ཊོས་འགྲོ་བ་མིའི་ཐོབ་ཐང་གི་གཟེངས་རྟགས་གནང་གི་ཡོད་པ་དང་། ད་བར་གཟེངས་རྟགས་དེ་བཞེས་མཁན་ཁོངས་སུ། ༸གོང་ས་མཆོག་དང་། ཨི་ལི་བི་སལ། ཧི་ལ་རི་ཀི་ལིན་ཊོན་སོགས་བྱུང་ཡོད་པ་རེད་འདུག

འབྲེལ་ཡོད་གསར་གནས།

གསར་གནས།