Tibetan Royal Year of 2151 | Year of the Wood Dragon

དྷ་སའི་བོད་མི་དང་ས་གནས་རྒྱ་གར་བའི་དབར་ལ་ཞི་མཐུན་མཉམ་གནས་ཡོང་ཐབས་ཀྱི་ཚོགས་འདུ་བསྐོང་ཚོགས།

Tibetan News Headlines

  • EU-China relations and significance of Xi Jinping’s Europe visit: Discussion

རེས་གཟའ་པ་སངས། ༢༠༢༤།༠༥།༡༡

  • ཞི་ཅིན་ཕིང་གི་ཐེངས་འདིའི་ཡོ་རོབ་སྐོར་བསྐྱོད་ཀྱི་གནད་འགག་དང་། རྒྱ་ནག་དང་ཡོ་རོབ་དབར་གྱི་འབྲེལ་ལམ་སྐོར་གླེང་མོལ་གྱི་ལས་རིམ།

དེ་རིང་ཟླ་ ༡༠ ཚེས་ ༢༦ ཉིན་གྱི་སྔ་ཐོག་ཚོུད་ ༡༠ སྟེང་བཞུགས་སྒར་དུ་རྟེན་གཞི་བྱས་པའི་བོད་ཀྱི་རྩོད་རྙོག་འདུམ་སྒྲིག་ལྟེ་གནས་ཁང་གི་གོ་སྒྲིག་འོག་ནོར་བུ་གསོལ་མགྲོན་ཁང་དུ་ Coexisting and Flourishing འམ་མཉམ་གནས་དང་ཁྱབ་སྤེལ་ཞེས་པའི་མིང་བྱང་འོག་དྷ་ས་གྲོང་སྡེ་ཡར་རྒྱས་གནང་ཕྱོགས་དང་འབྲེལ་ཏེ་དྷ་སའི་བོད་མི་དང་རྒྱ་གར་བའི་དབར་ལ་ཞི་མཐུན་མཉམ་གནས་ཡོང་ཐབས་ཀྱི་ཚོགས་འདུ་བསྐོང་ཚོགས་གནང་སོང་།

ལྷན་ཚོགས་ཐོག་དྷརྨ་སཱ་ལཱ་གྲོང་སྡེའི་སྤྱི་ཁྱབ་སྐུ་ཞབས་ Omkar  Nehriya ལགས་དང་ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ Ajit Nehria ལགས། དེ་བཞིན་འབྲེལ་ཡོད་གྲོང་སྡེ་ལས་ཁུངས་ཀྱི་གནད་ཡོད་མི་སྣ་དང་ས་གནས་རྒྱ་གར་གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་འཐུས་མི། བོད་ཀྱི་བུད་མེད་ལྷན་ཚོགས་དང་བོད་ཀྱི་གཞོན་ནུ་ལྷན་ཚོགས་སོགས་བོད་མིའི་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་སྐུ་ཚབ་སོགས་ནས་མཉམ་ཞུགས་གནང་འདུག

སྐབས་དེར་ལྷན་ཚོགས་གོ་སྒྲིག་གནང་མཁན་བོད་ཀྱི་རྩོད་རྙོག་འདུམ་སྒྲིག་ལྟེ་གནས་ཁང་གི་འགན་འཛིན་གཞོན་པ་བསོད་ནམས་བདེ་ཆེན་ལགས་ཀྱིས་ཐེངས་ལྷན་ཚོགས་ཀྱི་དགོས་དམིགས་སྐོར་འགྲེལ་བརྗོད་གནང་དོན་འདས་པའི་ལྷན་ཚོགས་སྐབས་གཏན་འབེབས་གནང་བའི་གྲོས་ཆོད་ཁག་ལག་བསྟར་ཇི་གནང་ཐོག་ལ་བསྐྱར་ཞིབ་དང་། ལྷག་དོན་ཐེངས་འདིའི་ལྷན་ཚོགས་ཐོག་དྷ་སར་གཉུག་མར་གནས་པའི་བོད་མི་དང་ས་གནས་རྒྱ་གར་བའི་དབར་ལ་ཞི་མཐུན་མཉམ་གནས་ཡོང་ཐབས་དང་དྷ་སའི་ཁོར་ཡུག་སྲུང་སྐྱོབ་གནད་དོན་གཉིས་ཀྱི་ཐོག་ལ་དགོངས་ཚུལ་བརྗེ་ལེན་གནང་ཡོད་པར་གསུངས་སོང་།  

རྩ་བའི་བོད་ཀྱི་རྩོད་རྙོག་འདུམ་སྒྲིག་ལྟེ་གནས་ཁང་གིས་ལོ་ལྟར་བཞུགས་སྒར་གཙོས་རྒྱ་གར་གྱི་ས་གནས་འདྲ་མིན་ཁག་ཏུ་བོད་པའི་ཚོགས་སྐྱིད་ཁག་དང་རྒྱ་གར་ཡུལ་མི་དང་སློབ་མ་ཚོར་རྩོད་རྙོད་ཞི་འདུམ་ཡོང་ཐབས་སྐོར་ལ་ཟབ་ཁྲིད་སྣ་མང་གནང་བཞིན་ཡོད་པར་མ་ཟད། ལྷག་པར་དུ་བཞུགས་སྒར་དུ་ཕྱི་ལོ་ ༢༠༠༩ ལོ་ནས་ས་གནས་ཀྱི་དཀའ་རྙོག་ཁག་སེལ་ཐབས་སུ་ Coexisting and Flourishing འམ་མཉམ་གནས་དང་ཁྱབ་སྤེལ་ཞེས་པའི་གྲོས་བསྡུར་ལྷན་ཚོགས་ཤིག་གོ་སྒྲིག་ཞུ་བཞིན་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།