Tibetan Royal Year of 2151 | Year of the Wood Dragon

༸གོང་ས་མཆོག་རྒྱ་གར་བྱང་ཤར་ཨ་རུ་ནཱ་ཅལ་མངའ་ཁུལ་དུ་ཆིབས་བསྒྱུར་མཛད་རྒྱུ་བཀའ་བཞེས་སྨིན་སྩལ་ཐོབ་བ།

Tibetan News Headlines

  • Tibetan delegation embark on an official visit to Taiwan
  • Sikyong Penpa Tsering begins final leg of his Europe visit to France
  • Chinese undercover agent breaks silence on espionage operations, including information gathering on Tibetans
  • UK Religious Freedom Envoy hears testimonies about threat to freedom of religion and belief from Tibetans and other minorities
  • Tibetan student topper dedicates accomplishment to the Dalai Lama as he reaches 90
  • 29th Gyalyum Chenmo in begins in Hunsur with the host beating Odisha Phuntsokling 2-0

རེས་གཟའ་ཕུར་བུ། ༢༠༢༤།༠༥།༡༦

  • བོད་མིའི་སྐུ་ཚབ་ཁག་གཅིག་ཐེ་ཝན་ནང་གཞུང་འབྲེལ་ཕྱོགས་བསྐྱོད་གནང་བཞིན་པ།
  • སྲིད་སྐྱོང་མཆོག་ཧྥ་རན་སིར་ཉིན་གསུམ་རིང་ཕྱོགས་ཕེབས་གནང་བཞིན་པ།
  • རྒྱ་རིགས་སོ་མྱུལ་བ་ཞིག་གིས་རྒྱ་ནག་གཞུང་གིས་ཨོ་གླིང་གཙོས་རྒྱལ་སྤྱིའི་ཁྲོད་སྤེལ་བཞིན་པའི་བྱ་སྤྱོད་ཐེར་འདོན།
  • དབྱིན་ཡུལ་ནང་དུ་ཆོས་དད་རང་དབང་ཐོག་གྲོས་བསྡུར་ལས་རིམ་ཞིག་འཚོགས་གནང་འདུག
  • རྒྱལ་ཡོངས་ཡིག་རྒྱུགས་ནང་བརྒྱ་ཆ་ ༩༥.༢ སོན་པ་དེ་འདི་ལོར་༸གོང་ས་མཆོག་དགུང་གྲངས་ ༩༠ བདག་གིས་བཞེས་པར་ཕྱག་རྟགས་ཡིན།
  • རྒྱལ་ཡུམ་ཆེན་མོའི་དྲན་རྟེན་རྐང་རྩེད་སྤོ་ལོའི་རྕེད་འགྲན་ཐེངས་ ༢༩  དབུ་འཛུགས།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལོ་ ༢༠༡༧ ལོའི་ཟླ་ ༣ པའི་ནང་རྒྱ་གར་བྱང་ཤར་ཨ་རུ་ནཱ་ཅལ་མངའ་ཁུལ་དུ་ཆིབས་བསྒྱུར་མཛད་རྒྱུ་བཀའ་བཞེས་བཟང་པོ་སྨིན་སྩལ་ཐོབ་འདུག
དེའང་ཁ་སང་ཚེས་ ༩ ཉིནhh14་བྱང་ཤར་གྱི་གསར་འགྱུར་ཁང་ Northeast Today ཞེས་པས་གནས་ཚུལ་སྤེལ་བར་གཞིགས་ན། ཉེ་ཆར་གསར་དུ་བདམས་ཐོན་བྱུང་བའི་རྒྱ་གར་བྱང་ཤར་ཨ་རུ་ནཱ་ཅལ་མངའ་སྡེའི་བློན་ཆེན་པདྨ་མཁའ་འགྲོ་ མཆོག་དང་བློན་ཆེན་གཞོན་པ་ Chbowna Mein མཆོག དེ་བཞིན་མངའ་སྡེ་གྲོས་ཚོགས་ཀྱི་ཚོགས་གཙོ་ T.N Thongdok མཆོག་བཅས་ཀྱིས་གཙོས་པའི་ཨ་རུ་ནཱ་ཅལ་མངའ་སྡེའི་གནད་ཡོད་མི་སྣ་ཁག་ཅིག་གིས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཁ་སང་ཚེས་ ༩ ཉིན་སྔ་དྲོ་ཚོུད་ ༨།༣༠ ཙམ་ལ་ཏི་ཝིའི་ཁུལ་དུ་ཆིབས་བསྒྱུར་མ་མཛད་གོང་༸གང་ཉིད་ཀྱི་བཞུགས་གནས་མགྲོན་ཁང་དུ་ཁོང་རྣམས་དང་མཇལ་འཕྲད་གནང་ཡོད་པ་རེད་འདུག
སྐབས་དེར་བློན་ཆེན་པདྨ་མཁའ་འགྲོ་མཆོག་ནས་ཨ་རུ་ནཱ་ཅལ་མང་ཚོགས་ཀྱི་ཚབ་ཞུས་ཏེ་༸གོང་ས་མཆོག་ལ་༸སྐུ་ཁམས་གསལ་ཐང་དང་མགོན་པོ་༸གང་གི་ཐུགས་ཀྱི་བཞེས་དགོངས་ཟབ་མོ་མཐའ་དག་ལྷུན་གྱིས་འགྲུབ་པའི་སྨོན་འདུན་ཤུགས་དྲག་ཞུས་པ་དང་སྦྲགས། ཨ་རུ་ནཱ་ཅལ་མངའ་ཁུལ་གྱི་མང་ཚོགས་རྣམས་ནས་༸གོང་ས་མཆོག་ཁུལ་དེར་ཆིབས་བསྒྱུར་མཛད་རྒྱུར་ངང་སྒུག་ཆེན་པོ་གནང་བཞིན་ཡོད་པ་ལྟར། ༸གང་ཉིད་མཆོག་ཁུལ་དེར་ཆིབས་བསྒྱུར་གནང་སྐྱོང་ཡོང་བའི་གསོལ་འདེབས་ཞུས་པར་མགོན་པོ་མཆོག་ནས་བཀའ་བཞེས་བཟང་པོ་སྨིན་སྩལ་མཛད་དོན་བཞིན་རིང་མིན་ཕྱི་ལོ་ ༢༠༡༧ ལོའི་ཟླ་ ༣ པའི་ནང་བདུན་ཕྲག་གཉིས་པའི་ནང་ཆིབས་བསྒྱུར་བསྐྱང་གཏན་འཁེལ་ཡོད་པ་རེད།
༸གོང་མཆོག་གིས་ཁོང་རྣམས་ལ་ཁྱེད་རྣམས་ནི་མི་མhhdlང་ལ་ཞབས་ཕྱི་ཞུ་མཁན་ཞིག་ཡིན་སྟབས། རང་སོ་སོའི་ཆབ་སྲིད་ཚོགས་པའི་ལངས་ཕྱོགས་ལ་ལྟོས་མེད་མང་ཚོགས་ཀྱི་རེ་འདུན་བསྒྲུབ་རྒྱུ་དེ་གནད་ཆེར་ངོས་འཛིན་གྱིས་བྱམས་བརྩེའི་སྒོ་ནས་མང་ཚོགས་ཀྱི་བདེ་དོན་སེལ་དགོས་པར་ལམ་སྟོན་མཛད་འདུག
དེ་བཞིན་༸གོང་ས་མཆོག་ནས་ད་སྐབས་འཛམ་གླིང་ནང་ཕན་ཚུན་དབར་འཁྲུག་འཛིང་སོགས་ཇེ་མང་དུ་འགྲོ་བཞིན་པའི་གནས་སྟངས་ཐོག་ཐུགས་འཚབ་ཡོད་སྐོར་གསུངས་པ་དང་འབྲེལ། ཆོས་ལུགས་གང་ཞིག་ཡིན་རུང་འགྲོ་བ་གཞན་ལ་གནོད་འཚེ་བྱ་དགོས་པའི་ལྟ་གྲུབ་སྤེལ་གྱི་མེད་པ་དང། སེམས་ལ་ཞི་བདེ་ཡོང་ཕྱིར་ཞི་བདེ་དང་བྱམས་བརྩེའི་ལྟ་གྲུབ་དེ་ཡིད་ངག་གཉིས་ཀྱི་ཐོག་ནས་ཉམས་བཞེས་གནང་དགོས་གལ་ཡིན་པར་བཀའ་སྩལ་མཛད་ཡོད། དེ་རྗེས་༸གོང་ས་མཆོག་སྔ་དྲོ་ཚོུད་ ༡༠།༣༠ སྟེང་རྒྱལ་ས་ལྡི་ལི་ནས་མཁའ་ལམ་བརྒྱུད་ལ་ཏི་ཝིར་ཆིབས་སྒྱུར་གནང་ཡོད་པ་རེད།

རྩ་བའི་རྒྱ་གར་གྱི་ཨ་རུ་ནཱ་ཅལ་མངའ་ཁུལ་གྱི་མོན་རྟ་དབང་ས་ཁུལ་དེ་རྒྱ་གར་དང་བོད། དེ་བཞིན་འབྲུག་བཅས་ཀྱི་ས་མཚམས་སུ་ཆགས་ཀྱི་ཡོད་པ་དང་། ས་ཁུལ་དེའི་ཐོག་རྒྱ་ནག་གིས་བདག་དབང་ཡོད་ཚུལ་བརྗོད་ནས་རྒྱ་དཀར་ནག་གཉིས་དབར་ལོ་མང་ནས་རྩོད་རྙོག་ཤུགས་ཆེ་ཡོད་པའི་གནད་དོན་ཞིག་ཡིན་པ་རེད། ༸གོང་ས་མཆོག་ནས་དེ་སྔོན་ཕྱི་ལོ་ ༢༠༠༣ དང་དེ་རྗེས་ ༢༠༠༩ བཅས་ཁུལ་དེར་ཐེངས་གཉིས་ཙམ་ཆིབས་བསྒྱུར་མཛད་ཡོད་པ་དང་། ཕྱི་ལོ་ ༢༠༠༩ ལོའི་ཆིབས་བསྒྱུར་སྐབས་རྒྱ་ནག་གཞུང་གིས་རྒྱ་གར་གཞུང་ལ་བོད་མིའི་ཁ་བྲལ་གྱི་ལས་འགུལ་ལ་རྒྱབ་སྐྱོར་བྱེད་བཞིན་ཡོད་པར་སྐྱོན་བརྗོད་ཤུགས་ཆེ་བྱས་ཡོད་པ་རེད།

 

འབྲེལ་ཡོད་གསར་གནས།

གསར་གནས།