Tibetan Royal Year of 2151 | Year of the Wood Dragon

G7 དབུ་ཁྲིད་རྣམས་ལ་བོད་དོན་ཐད་རྒྱ་གཞུང་ལ་གནོན་ཤུགས་སྤྲོད་དགོས་པའི་ཞུ་སྐུལ།

Tibetan News Headlines

  • UK’s Ministry of Defence ‘hacked by China’
  • French lawmakers targeted by Chinese cyberattack demand sanctions, amid Xi visit
  • Bharat Tibbat Sahyog Manch celebrates concluding ceremony of its 25th anniversary
  • Tibet house Japan organizes Tibet festival at Tsukiji Hongwanji temple
  • Rights group protests world’s leading press freedom predators visit to France
  • Alalamo: ‘Gyaling Sey’, by Acho Namgyal

རེས་གཟའ་མིག་དམར། ༢༠༢༤།༠༥།༠༧

  • རྒྱ་གཞུང་གིས་ཨིན་ཡུལ་རྒྱལ་སྲུང་ལྷན་ཁང་ལ་སོ་ཉུལ་བྱས་པ་མངོན་གསལ།
  • ཕྷ་རན་སིའི་གྲོས་ཚོགས་འཐུས་མི་ཁག་གཅིག་གིས་རྒྱ་ནག་གི་དྲ་ལམ་གཏོར་རྒོལ་བ་རྣམས་ལ་སྲིད་དོན་ཉེས་ཆད་བཀལ་དགོས་པའི་འབོད་སྐུལ།
  • རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པ་དབུ་བརྙེས་ནས་ལོ་ ༢༥ འཁོར་བའི་དུས་དྲན་མཇུག་སྒྲིལ་གྱི་མཛད་སྒོ་འཚོགས་པ།
  • ཉི་འོང་ནང་བོད་ཀྱི་དུས་སྟོན་སྲུང་བརྩི།
  • གསར་འགོད་རང་དབང་ལ་དྲག་གནོན་བྱེད་མཁན་ཆེས་སྡུག་ཤོས་རྒྱལ་ཁབ་ཀྱི་འགོ་ཁྲིད་ France ནང་བསླེབས་པར་ངོ་རྒོལ་བྱས་འདུག
  • ཨ་ལ་ལ་མོ་དམིགས་བསལ་ལས་རིམ། སྟོད་གཞས་རྒྱ་གླིང་སྲས།

ཟླ་བ་རྗེས་མར་ཉི་ཧོང་ནང་ G7 ཞེས་པའི་རྒྱལ་སྤྱིའི་སྟོབས་ཆེན་རྒྱལ་ཁབ་བདུན་གྱི་དབུ་ཁྲིད་རྣམ་པའི་ལྷན་ཚོགས་འཚོགས་རྒྱུ་ཡིན་པ་དང་བསྟུན། G7 དབུ་ཁྲིད་རྣམས་ལ་རྒྱ་ནག་གིས་བོད་དང་ཤིན་ཅང་། ཧོང་ཀོང་ནང་གི་ཆེས་ཞེན་པའི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་གླེང་མོལ་དང་སྦྲགས་ཏེ་རྒྱ་གཞུང་གིས་ཁུལ་དེ་དག་ནང་སྤེལ་བཞིན་པའི་བྱ་ངན་དག་ལ་ངེས་པར་དུ་སྐྱོན་བརྗོད་ཀྱི་བསྒྲགས་གཏམ་ཞིག་སྤེལ་དགོས་པའི་ཞུ་སྐུལ་གནང་འདུག

ཟླ་འདིའི་ཕྱི་ཚེས་ ༡༩ ཉིན་ཉི་ཧོང་གི་གྲོས་ཚོགས་འོག་མའི་ཚོགས་ཁང་དུ་ཉི་ཧོང་གྲོས་ཚོགས་ཀྱི་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གྱི་རྟོག་ཞིབ་ཚོགས་ཆུང་གི་སྤྱི་ཁྱབ་དྲུང་ཆེ་ Mitsubayashi Hiromi ལགས་དང་ཉི་ཧོང་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་སྤྱི་ཁྱབ་དྲུང་ཆེ་ Ishikawa Akimasa ལགས་རྣམ་གཉིས་དབུ་བཞུགས་ཐོག་ཉི་ཧོང་བོད་ཀྱི་སྐུ་ཚབ་དོན་གཅོད་ཨརྱ་ཚེ་དབང་རྒྱལ་པོ་ལགས་དང་། ཡུ་གུར། ལྷོ་སོག ཧོང་ཀོང་བཅས་ཀྱི་སྐུ་ཚབ་མཉམ་སྦྲེལ་གྱིས་གསར་འགོད་ལྷན་ཚོགས་ཤིག་གོ་སྒྲིག་གནང་སྟེ་རྒྱ་ནག་གཞུང་གིས་ཁུལ་དེ་དག་ནང་གི་འགྲོ་བ་མིའི་ཐོབ་ཐང་བརྩི་མེད་རྡོག་རོལ་གཏོང་བཞིན་པའི་གནད་དོན་ལ་ G7 དབུ་ཁྲིད་རྣམས་ཀྱིས་ངེས་པར་དུ་ཐུགས་སྣང་གནང་དགོས་ཞེས་ནན་བརྗོད་གནང་བ་མ་ཚད་པར་རྒྱ་ནག་གཞུང་ལ་དེ་ལྟ་བུའི་དྲག་གནོན་ཅན་གྱི་ལས་གཞི་མཚམས་འཇོག་དགོས་པར་གནོན་ཤུགས་སྤྲོད་དགོས་ཞེས་ཞུ་སྐུལ་གནང་འདུག

སྐབས་དེར་ཉི་ཧོང་སྐུ་ཚབ་དོན་གཅོད་ཨརྱ་ཚེ་དབང་རྒྱལ་པོ་ལགས་ཀྱིས་རྒྱ་ནག་གིས་བོད་ནང་དུ་དྲག་གནོན་ཅན་གྱི་སྲིད་བྱུས་འདྲ་མིན་ལག་བསྟར་ཁྲོད་བོད་ནང་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་མུ་མཐུད་ཇེ་ཞན་ཇེ་སྡུག་ཏུ་འགྲོ་བཞིན་པར་མངོན་གསལ་དང་སྦྲགས། ལྷག་དོན་སྲིད་འཛིན་ཞི་ཅིན་ཕིང་གི་སྣེ་ཁྲིད་འོག་རྒྱ་ནག་གཅིག་གི་སྲིད་བྱུས་བརྒྱུད་བོད་དང་ཤིན་ཅང་། ལྷོ་སོག་བཅས་ཀྱི་ཆོས་རིག་དང་། མི་རིགས་ཀྱི་ངོ་བོ་བཅས་པ་རྩ་མེད་བཟོ་བཞིན་པར་ངོ་སྤྲོད་དང་འབྲེལ། སྟོབས་ཆེན་རྒྱལ་ཁབ་བདུན་ལས་གྲུབ་པའི་རྒྱལ་སྤྱིའི་དཔལ་འབྱོར་སྒྲིག་འཛུགས་ཀྱི་དབུ་ཁྲིད་རྣམ་པས་ཐེངས་འདིའི་ལྷན་ཚོགས་བརྒྱུད་རྒྱ་གཞུང་གི་ངན་བྱུས་རྣམས་ལ་སྐྱོན་བརྗོད་ཤུགས་ཆེ་གནང་ཡོད་པ་འཁོད་པའི་བསྒྲགས་གཏམ་ཞིག་སྤེལ་དགོས་པར་ནན་སྐུལ་དང། བྱ་ངན་དེ་དག་གང་མགྱོགས་མཚམས་འཇོག་དགོས་པར་གནོན་ཤུགས་སྤྲོད་དགོས་ཞེས་འབོད་སྐུལ་གནང་ཡོད།  

གསར་འགོད་ལྷན་ཚོགས་ཐོག་ཉི་ཧོང་གྲོས་ཚོགས་ཀྱི་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གྱི་རྟོག་ཞིབ་ཚོགས་ཆུང་གི་སྤྱི་ཁྱབ་དྲུང་ཆེ་ Mitsubayashi Hiromi ལགས་ཀྱིས་ཉེ་ཆར་ཉི་ཧོང་ནང་ཚོགས་པའི་སྟོབས་ཆེན་རྒྱལ་ཁབ་བདུན་ལས་གྲུབ་པའི་རྒྱལ་སྤྱིའི་དཔལ་འབྱོར་སྒྲིག་འཛུགས་ཀྱི་དབུ་ཁྲིད་རྣམ་པའི་ཚོགས་འདུ་སྐོར་གླེང་མོལ་དང་འབྲེལ། འགྲོ་བ་མིའི་ཐོབ་ཐང་དང་རྒྱལ་སྤྱིའི་ཁྲིམས་ཀྱི་སྒྲོམ་གཞི་སྲུང་སྐྱོབ་ཀྱི་གལ་གནད་སྐོར་ལ་འགྲེལ་བརྗོད་གནང་བར་མ་ཟད། ཉི་ཧོང་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་སྤྱི་ཁྱབ་དྲུང་ཆེ་ Ishikawa Akimasa ལགས་ཀྱིས་ཀྱང་ཉི་ཧོང་གི་ངོས་ནས་བོད་དང་ཤིན་ཅང་། ལྷོ་སོག དེ་བཞིན་ཧོང་ཀོང་བཅས་ཀྱི་རང་དབང་འཐབ་རྩོད་ལ་རྒྱབ་སྐྱོར་དང་རྒྱལ་སྤྱིའི་ཁྲིམས་ཀྱི་འགྲོ་ལུགས་སྲུང་སྐྱོབ་ལ་རྒྱབ་སྐྱོར་ཤུགས་ཆེར་གནང་བཞིན་ཡོད་ཅེས་བསྐྱར་ནན་གནང་འདུག

གསར་འགོད་ལྷན་ཚོགས་ཐོག་མཉམ་ཞུགས་གནང་མཁན་བོད་དང་ཤིན་ཅང། ལྷོ་སོག ཧོང་ཀོང་བཅས་ཀྱིས་ཁུལ་སོ་སོའི་ནང་གི་ཡ་ང་བའི་གནས་སྟངས་ཁག་ངོ་སྤྲོད་དང་འབྲེལ་ཏེ་གསར་འགོད་པ་རྣམས་ལ་རྒྱ་ནག་གིས་མི་སྤྱོད་ལས་འདས་པའི་བྱ་སྤྱོད་སྤེལ་བའི་ཐོག་ཐུགས་སྣང་གནང་དགོས་པའི་ཞུ་སྐུལ་གནང་བ་དང་ཆབས་ཅིག སྐུ་ཚབ་དེ་དག་ནས་ཟུང་སྦྲེལ་གྱིས་སྤེལ་བའི་བསྒྲགས་གཏམ་ཞིག་སྐུ་ཞབས་ Hiromi བརྒྱུད་ G7 དབུ་ཁྲིད་རྣམས་ལ་འབུལ་ལམ་ཞུ་དགོས་པའི་གསོལ་འདེབས་ཞུས་པར་རྒྱ་ནག་གཞུང་གི་ཐོག་ལ་ Global Magnitsky Act  ཞེས་པའི་ཁྲིམས་གཞི་ལག་བསྟར་དགོས་པའི་གཞེན་སྐུལ་གནང་འདུག

གཞི་རྩའི་སྟོབས་ཆེན་རྒྱལ་ཁབ་བདུན་ལས་གྲུབ་པའི་རྒྱལ་སྤྱིའི་དཔལ་འབྱོར་སྒྲིག་འཛུགས་ཀྱི་དབུ་ཁྲིད་རྣམ་པའི་ལྷན་ཚོགས་དེ་ཉི་ཧོང་གི་ Hiroshima  གྲོང་ཁྱེར་དུ་ཟླ་བ་རྗེས་མའི་ཚེས་ ༡༩ ནས་ ༢༡ བར་འཚོགས་གཏན་ཁེལ་ཡོད་པ་དང་། ཉེ་ལམ་ཡུལ་དེའི་ Karuizawa གྲོང་ཁྱེར་དུ་ G7 ཕྱི་སྲིད་བློན་ཆེན་རྣམ་པའི་ལྷན་ཚོགས་ཚོགས་ཡོད་པ་ལྟར། ལྷན་ཚོགས་ཀྱི་བསྒྲགས་གཏམ་ནང་རྒྱལ་ཁབ་དེ་དག་གཅིག་གྱུར་གྱི་སྒོ་ནས་ཨུ་རུ་སུ་དང་རྒྱ་ནག་གི་བྱ་སྤྱོད་རྣམས་ལ་གདོང་ལེན་ནན་པོ་གནང་རྒྱུའི་རྣམ་པ་གསལ་འདོན་དང་འབྲེལ། རྒྱ་ནག་གཞུང་ལ་རྒྱལ་སྤྱིའི་ཁྲོད་འགན་ཁུར་ཡོད་པའི་རྒྱལ་ཁབ་ཅིག་བྱེད་དགོས་ཞེས་སྐུལ་མ་གནང་བར་མ་ཟད་བོད་དང་ཤིན་ཅང་ནང་གི་ཆེས་ཞན་པའི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ལ་མུ་མཐུད་ནས་ཐུགས་འཚབ་གནང་བཞིན་ཡོད་པར་བསྐྱར་ནན་གནང་ཡོད།

འབྲེལ་ཡོད་གསར་གནས།

གསར་གནས།