Tibetan Royal Year of 2151 | Year of the Wood Dragon

G7 འགོ་ཁྲིད་ཚོས་ཞི་ཅིན་ཕིང་ལ་བོད་ནང་གི་གཏན་སློབ་ཁག་སྒོ་རྒྱག་པར་གནོན་ཤུགས་སྤྲོད་དགོས་པའི་འབོད་སྐུལ།

Tibetan News Headlines

  • Press watchdog RSF: China’s communist regime leads world in repression of journalistic rights
  • Sikyong Penpa Tsering meets President of South Tyrol, before leaving for Berlin
  • Xi Jinping faces strong protests from Tibetans and rights advocates in Paris
  • Nancy Pelosi honored with Presidential Medal of Freedom, US highest civilian award
  • Tibetan MMA fighter Rinchen Griffithsgolha makes history with first professional victory
  • History Feature: Panchen Rinpoche’s Footprints Across Tibet

རེས་གཟའ་ཟླ་བ། ༢༠༢༤།༠༥།༠༦

  • རྒྱ་ནག་ནི་གསར་འགོད་རང་དབང་གི་གནས་སྟངས་ཆེས་ཞན་ཤོས་ཡིན་པ་ཐེར་འདོན།
  • སྲིད་སྐྱོང་མཆོག་ལྷོ་ཊེ་རོལ་རང་སྐྱོང་མངའ་སྡེའི་སྲིད་འཛིན་དང་མཇལ་མོལ་གནང་རྗེས་འཇར་མ་ནིའི་རྒྱལ་ས་ Berlin དུ་ཕེབས་འབྱོར།
  • ཞི་ཅིན་ཕིང་ལ་ཧྥ་རན་སིར་བསླེབས་སྐབས་བོད་མིས་ངོ་རྒོལ།
  • ལྕམ་ Pelosi མཆོག་ཨ་རིའི་ལོ་རྒྱུས་ནང་གྲོས་ཚོགས་ཀྱི་ཚོགས་གཙོ་ཆེས་རླབས་ཆེན་ཞིག་ཡིན་པའི་ཆེ་བསྟོད།
  • བོད་མི་ཞིག་གིས་ཁུ་ཚུར་དྲག་རྩལ་གྱི་ཆེད་ལས་རྩེད་འགྲན་ནང་ཆེས་ཐོག་མ་མཉམ་ཞུགས་ཀྱིས་རྒྱལ་ཁ་ཐོབ་འདུག
  • བོད་ཀྱི་རྒྱལ་རབས་དང་ལོ་རྒྱུས། ༸པཎ་ཆེན་ཨེར་ཏེ་ནི་ཞིབ་འཇུག་ལས་ལེའུ་དྲུག་པ་བོད་ཁམས་ཞབས་ཀྱིས་བཅགས་པ།

འཛམ་གླིང་རྒྱལ་ཁབ་ཁག་གི་ཆེད་མཁས་མི་སྣས་ G7 ཞེས་པའི་རྒྱལ་སྤྱིའི་སྟོབས་ཆེན་རྒྱལ་ཁབ་ ༧ གྱི་དབུ་ཁྲིད་རྣམས་ཀྱིས་སྲིད་འཛིན་ཞི་ཅིན་ཕིང་ལ་བོད་ནང་གི་སློབ་ཆུང་བྱིས་པ་ཚོ་བཙན་དབང་གིས་གཏན་འཇགས་སློབ་གྲྭར་གཏོང་བཞིན་པའི་ལས་གཞི་སྤེལ་མཚམས་འཇོག་དགོས་པར་གནོན་ཤུགས་སྤྲོད་དགོས་པའི་འབོད་སྐུལ་གནང་འདུག

རིང་མིན་ཟླ་ ༥ ཚེས་ ༡༩ ནས་ ༢༡ བཅས་ཉིན་གྲངས་གསུམ་རིང་ཉི་ཧོང་ནང་འཛམ་གླིང་ཁྲོད་སྟོབས་ཆེན་རྒྱལ་ཁབ་ ༧ དང་ཡུ་རོབ་མཐུན་ཚོགས་ལས་གྲུབ་པའི་ G7 ལྷན་ཚོགས་ཀྱི་ཕྱི་སྲིད་བློན་ཆེན་རིམ་པའི་ཚོགས་འདུ་འཚོགས་གཏན་ཁེལ་བ་དང་བསྟུན། ཉེ་ཆར་བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་ Centre for Himalayan Asian Studies and Engagement གཉིས་ཟུང་སྦྲེལ་གྱིས་བོད་ནང་རྒྱ་གཞུང་གིས་ཆེད་འཛུགས་བྱས་པའི་མི་སེར་སྤེལ་ཡུལ་གྱི་གཏན་འཇགས་སློབ་གྲྭ་དང་འབྲེལ་བའི་དྲ་ཐོག་བགྲོ་གླེང་ཞིག་ཚོགས་ཡོད་པ་དང་། ཆེད་མཁས་མི་སྣ་ཚོས་རྒྱ་ནག་གིས་བོད་ནང་དུ་དྲག་གནོན་ཅན་གྱི་སྲིད་བྱུས་འདྲ་མིན་ལག་བསྟར་ཁྲོད་བོད་ནང་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་མུ་མཐུད་ཇེ་ཞན་ཇེ་སྡུག་ཏུ་འགྲོ་བཞིན་པར་མ་ཟད། རྒྱ་གཞུང་གིས་བོད་མིའི་ངོ་བོ་རྩ་བརླག་གཏོང་ཐབས་སུ་བོད་པའི་སློབ་ཆུང་བྱིས་པ་རྣམས་བཙན་དབང་གིས་ཐོག་ནས་སོ་སོའི་ཕ་མ་དང་ཁ་བྲལ་དུ་བཏང་སྟེ་རྒྱ་གཞུང་གིས་ཆེད་འཛུགས་བྱས་པའི་མི་སེར་སྤེལ་ཡུལ་གྱི་གཏན་འཇགས་སློབ་གྲྭ་ཁག་ཏུ་གཏོང་བཞིན་ཡོད་པ་བཅས་ཀྱི་གནས་སྟངས་ལ་ཐུགས་འཚབ་ཀྱི་རྣམ་པ་མངོན་གསལ་དང་སྦྲགས། G7 འགོ་ཁྲིད་རྣམས་ནས་སྲིད་འཛིན་ཞི་ཅིན་ཕིང་ལ་བོད་མིའི་ངོ་བོ་རྩ་བརླག་གཏོང་ཐབས་ཀྱི་གཏན་འཇགས་སློབ་གྲྭ་ཁག་སྒོ་རྒྱག་པར་གནོན་ཤུགས་སྤྲོད་དགོས་པའི་འབོད་སྐུལ་གནང་འདུག

དབྱིན་ཡུལ་དུ་རྟེན་གཞི་བྱས་པའི་ Free Tibet ཞེས་བོད་དོན་རྒྱབ་སྐྱོར་ཚོགས་པའི་དྲིལ་བསྒྲགས་དང་ཞིབ་འཇུག་འགན་འཛིན་ John Jones ལགས་དང་ Italy ནང་དུ་རྟེན་གཞི་བྱས་པའི་ Bitter Winter ཞེས་པའི་གསར་ཁང་གི་ངེས་སྟོན་པ་སྐུ་ཞབས་ Marco Respinti ལགས། དེ་བཞིན་བོད་མིའི་ཕྱོགས་རྒྱ་གར་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ངེས་སྟོན་པ་རིག་འཛིན་ཆོས་སྒྲོལ་ལགས་བཅས་མཉམ་ཞུགས་གནང་ཡོད་པ་རེད།

རྒྱ་གར་གྱི་རྩོམ་པ་པོ་དང་གསར་འགོད་པ་སྐུ་ཞབས་ Vijay Kranti ལགས་ཀྱིས་ལས་རིམ་གཙོ་སྐྱོང་དང་དེ་བཞིན་ JNU མཐོ་སློབ་ཀྱི་སློབ་དཔོན་སྐུ་ཞབས་ Aaayushi Ketkar ལགས་ཀྱིས་དྲི་བ་དྲིས་ལན་གྱི་ལས་རིམ་སྟངས་འཛིན་གནང་ཡོད།

རྒྱ་གར་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ངེས་སྟོན་པ་རིག་འཛིན་ཆོས་སྒྲོན་ལགས་ཀྱིས་ད་ལྟའི་ཆར་བོད་ནང་བོད་ཕྲུག་ས་ཡ་གཅིག་ལ་ཉེ་བ་རྣམས་རང་ཉིད་ཀྱི་ནང་མི་དང་སྤྱི་ཚོགས་སོགས་དང་ཁ་བྲལ་བཏང་ནས་རྒྱ་ནག་གི་གཞི་རྒྱ་ཆེ་བའི་དབང་བསྒྱུར་ལམ་ལུགས་ཀྱི་བཅའ་སྡོད་སློབ་གྲྭ་ཁག་ཏུ་བཙན་དབང་གིས་གཏོང་བཞིན་པ་དེ་ནི་རྐང་བོད་པའི་བྱིས་པ་རྣམས་རང་མི་རིགས་ཀྱི་ཆོས་དང་རིག་གཞུང། སྐད་ཡིག་བཅས་ཀྱི་གོ་རྟོགས་གང་ཡང་མེད་པ་བཟོས་ནས་བོད་མི་རིགས་ཀྱི་ངོ་བོ་རྩ་མེད་གཏོང་ཐབས་ཀྱི་རྒྱ་སྒྱུར་སློབ་གསོའི་སྲིད་བྱུས་ཤིག་ཡིན་པར་སྐྱོན་བརྗོད་དང་འབྲེལ་སྲིད་བྱུས་དེ་ཉིད་འཕྲལ་མར་མཚམས་འཇོག་དགོས་པའི་ནན་བརྗོད་གནང་འདུག

དེ་བཞིན་སྐབས་དེར་སྐུ་ཞབས་ Marco Respini ལགས་ཀྱིས་འདི་ལོའི་རྒྱལ་ཚོགས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས། རིག་གཞུང་ཐོབ་ཐང་ཚོགས་ཆུང་གི་བསྐྱར་ཞིབ་ཚོགས་ཐེངས་ ༧༣ ཐོག་འདོན་སྤེལ་གནང་བའི་ཞིབ་འཇུག་སྙན་ཐོ་ངོ་སྤྲོད་གནང་བ་བརྒྱུད་རྒྱལ་ཚོགས་ཀྱི་སྤྱི་དཔལ་རིག་གསུམ་ཐོབ་ཐང་ཚོགས་ཆུང་ནས་བསྐྱར་ཞིབ་ཚོགས་འདུ་ཐོག་རྒྱ་གཞུང་གིས་བོད་ནང་འབྲོག་པ་གཙོས་བོད་མི་རྣམས་བཙན་གྱིས་གནས་སྤོའི་སྲིད་བྱུས་དང་བོད་ཕྲུག་རྣམས་བཅའ་སྡོད་སློབ་གྲྭར་བཙན་བཅུག་བྱས་པའི་གནད་དོན་གླེང་སློང་གིས་འདྲི་རྩད་ནན་པོ་གནང་སྐབས་རྒྱ་གཞུང་གི་ངོས་ནས་དེར་ལེན་འདེབས་གང་ཡང་བྱས་མེད་པ་སོགས་ལུང་འདྲེན་གནང་སྟེ། འདས་པའི་ལོ་ཤས་ནང་རྒྱ་ནག་དམར་ཤོག་ཚོགས་པའི་གོ་གནས་དེ་བཞིན་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་ལྟ་སྤྱོད་མཐུན་མཁན་རྣམས་ལ་སྲུང་སྐྱོབ་མི་ཐུབ་པའི་གནས་སུ་གྱུར་བར་མ་ཟད། ད་ཆ་རྒྱ་ནག་གཞུང་གིས་སྤེལ་བཞིན་པའི་བྱ་ངན་མཐའ་དག་རྒྱལ་སྤྱིའི་ཁྲོད་སྦད་ཐབས་བྲལ་བ་ཞིག་ཏུ་གྱུར་ཡོད་པར་ཟུར་ཟ་གནང་འདུག

འབྲེལ་ཡོད་གསར་གནས།

གསར་གནས།