Tibetan Royal Year of 2151 | Year of the Wood Dragon

ཧྥ་རན་སི་མང་ཚོགས་བརྒྱ་ཆ་ ༨༦ གིས་སྲིད་འཛིན་ཨོ་ལན་ཌི་མཆོག་ནས་༸གོང་ས་མཆོག་དང་མཇལ་འཕྲད་ཞུ་དགོས་པ་ཞུས་འདུག

Tibetan News Headlines

  • Sikyong Penpa Tsering meets President Macron, gifts autographed photo of the Dalai Lama with French leader
  • Tibetans inside and outside Tibet mark Calligraphy Day
  • Derge protests put dams back on the agenda: Rights group calls for transparency of Dam construction plans in Tibet
  • Mexico legislators and friends of Tibet gather to strategize and reaffirm commitment to Tibet’s rights
  • Sarah College for Higher Tibetan Studies holds 23rd graduation ceremony

རེས་གཟའ་ལྷག་པ། ༢༠༢༤།༠༥།༠༡

  • སྲིད་སྐྱོང་མཆོག་གིས་ཕ་རན་སིའི་སྲིད་འཛིན་ལྷན་དུ་མཇལ་འཕྲད་གནང་འདུག
  • བོད་གཞིས་བྱེས་གཉིས་སུ་རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་ཉིན་མོ་སྲུང་བརྩི་ཟབ་རྒྱས་ཞུས་པ།
  • རྒྱ་གཞུང་གི་ཆུ་མཛོད་གསར་རྒྱག་གི་ལས་གཞི་ཐད་ཕྱི་གསལ་ནང་གསལ་དགོས་པའི་འབོད་སྐུལ།
  • Mexico ནང་དུ་མ་འོངས་བོད་དོན་རྒྱབ་སྐྱོར་གྱི་ལས་དོན་སྤེལ་ཕྱོགས་སྐོར་ཚོགས་འདུ་ཚོགས་པ།
  • རྡ་ས་རིགས་སློབ་མ་ལག་གཉིས་ཀྱི་སློབ་ཐོན་མཛད་སྒོ་ཚོགས་པ།

ཁ་སང་ཟླ་ ༩ ཚེས་ ༡༢ ཉིན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཧྥ་རན་སི་ནང་༸ཞབས་སོར་བདེ་བར་འཁོད་གནང་མཛད་པ་དང་བསྟུན། རྒྱལ་སྤྱིའི་གསར་འགོད་པ་དང་དཔྱད་ཞིབ་པ་ཁག་ཅིང་གིས་ཁུལ་དེའི་སྲིད་འཛིན་སྐུ་ཞབས་ Francois Hollande མཆོག་ནས་ཧྥ་རན་སི་དང་རྒྱ་ནག་དབར་གྱི་ཆབ་སྲིད་དང་དཔལ་འབྱོར་སོགས་ཀྱི་འབྲེལ་ལམ་ལ་དོ་ཕོfrance-300x178ག་མི་ཡོང་བ་དང་། ལྷག་པར་དུ་རྒྱ་གཞུང་གིས་བཙན་གནོན་སོགས་རྐྱེན་པས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་མགོན་ཆེན་པོ་མཆོག་དང་མཇལ་འཕྲད་ཞུ་གི་མ་རེད་ཅེས་བརྗོད་བཞིན་ཡོད་ཀྱང་། ཁུལ་དེའི་ས་གནས་མང་ཚོགས་བརྒྱ་ཆ་ ༨༦ གིས་སྲིད་འཛིན་ཨོ་ལན་ཌི་ Hollande མཆོག་ནས་༸གོང་ས་མཆོག་དང་མཇལ་འཕྲད་ཞུ་དགོས་ཀྱི་རེད་ཅེས་འབོད་སྐུལ་ཞུས་འདུག

དེ་ཡང་མགོན་པོ་༸གང་ཉིད་མཆོག་ཧྥ་རན་སི་ནང་ཆིབས་བསྒྱུར་མ་བསྐྱང་པའི་གོང་དུ་ཁུལ་དེར་རྟེན་གཞི་བྱས་པའི་ IFOP POLL ཞེས་མང་ཚོགས་ཀྱི་བསམ་ཚུལ་བསྡུ་རུབ་བྱེད་མཁན་གྱི་ལྟེ་གནས་ཁང་གིས་སྲིད་འཛིན་ཨོ་ལན་ཌི་མཆོག་ནས་༸གོང་ས་མཆོག་དང་མཇལ་འཕྲད་ཞུ་མིན་དང་འབྲེལ་མང་ཚོགས་ཀྱི་དགོངས་ཚུལ་ཁག་ཅིག་བསྡུ་རུབ་བྱས་ཡོད་པ་དང་། སྐབས་དེར་ཧྥ་རན་སི་ས་གནས་མང་ཚོགས་བརྒྱ་ཆ་ ༨༦ གིས་མང་མོས་ཐོག་སྲིད་འཛིན་ Hollande མཆོག་ནས་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་སྲུང་གནང་པའི་ཐོག་ད་རེས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཁུལ་དེར་ཆིབས་སྒྱུར་བཀའ་དྲིན་མཛད་པ་དང་བསྟུན་གཞུང་འབྲལ་གྱི་ཕེབས་བསུའི་མཇལ་འཕྲད་ཞུ་དགོས་གལ་ཡིན་པ་བཅས་ཞུས་འདུག

གཞི་རྩའི་ད་རེས་མང་ཚོགས་ཀྱི་བསམ་ཚུལ་བསྡུ་རུབ་གནང་རྒྱུའི་ལས་གཞི་དེ་གཙོ་བོ་ཁུལ་དེའི་གྲོས་ཚོགས་གོང་མའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་སྐུ་ཞབས་ Andre Gattolin ལགས་ཀྱིས་གོ་སྒྲིག་ཞུས་པ་ཞིག་དང་། ཁོང་གིས་ད་རེ2016-09-11-brussels-g15-hhdlbrussels_392__mle3366ས་ཀྱི་མང་མོས་གྲུབ་འབྲས་དང་འབྲེལ་ཏེ་གསུངས་པར་རྒྱ་ནག་གཞུང་གིས་ནུབ་ཕྱོགས་རྒྱལ་ཁབ་ཁག་ལ་གནོན་ཤུག་ཇི་ཙམ་སྤྲོད་ཀྱང་། མང་ཚོགས་རྣམས་ཀྱིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དད་གུས་ཤིན་ཏུ་ཆེན་པོ་གནང་བཞིན་ཡོད་པ་མ་ཟད། ལྷག་པར་དུ་ཧྥ་རན་སི་མང་ཚོགས་རྣམས་ནས་༸གོང་ས་མཆོག་དང་བོད་ཀྱི་འཐབ་རྩོད་ལ་ཆོད་སེམས་བརྟན་པའི་རྒྱབ་སྐྱོར་ཚད་མཐོ་པོ་ཡོད་ཅེས་གསུངས་འདུག         འདི་ག་རླུང་འཕྲིན་ཁང་གིས་ཧྥ་རན་སི་གྱི་རྒྱལ་ས་པེ་རིས་ Paris དུ་བཅར་བཞུགས་བོད་མིའི་སྒྲིག་འཛུགས་ཀྱི་འབྲེལ་མཐུད་པ་ཚེ་རིང་དོན་གྲུབ་ལགས་སུ་གནད་དོན་དེའི་སྐོར་སྒེར་གྱི་དགོངས་ཚུལ་ཇི་ཡོད་བཅར་འདྲི་ཞུས་པར་ཁོང་གིས་ཧྥ་རན་སི་རྒྱལ་ཁབ་དང་མང་ཚོགས་རྣམས་ནི་༸གོང་ས་མཆོག་ལ་དད་གུས་དང་བོད་དོན་ལ་རྒྱབ་སྐྱོར་གནང་མཁན་གྱི་ནུབ་ཕྱོགས་རྒྱལ་ཁབ་ཆེ་ཤོས་དེ་ཆགས་ཡོད་སྐོར་གསུངས་སོང་།

རྩ་བའི་༸གོང་ས་མཆོག་གི་ཧྥ་རན་སི་ནང་གི་མཛད་འཆར་ཡོད་པའི་ཁྲོད། ཁུལ་དེའི་སྲིད་འཛིན་ Hollande མཆོག་ནས་མགོན་པོ་མཆོག་དང་མཇལ་འཕྲད་ཞུ་མིན་ལ་ལྟོས་མེད། སང་ཉིན་ཚེས་ ༡༤ ཉིན་ཁུལ་དེའི་གྲོས་ཚོགས་ཀྱི་ཚོགས་གཙོ་སྦྲེལ་པོས་དབུས་པའི་ཧྥ་རན་སི་བོད་དོན་རྒྱབ་སྐྱོར་ཚོགས་པའི་གྲོས་ཚོགས་འཐུས་མི་ཁག་གཙོ་བོར་གྱུར་པའི་གནད་ཡོད་མི་སྣ་ཁག་ཅིག་དང་མཇལ་འཕྲད་གནང་གི་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།