Tibetan Royal Year of 2151 | Year of the Wood Dragon

གནས་ཆེན་མཉན་ཡོད་དུ་ནང་པའི་དགེ་སློང་མ་བརྒྱ་དང་བཞི་བཅུ་ཞེ་ལྔས་དབྱར་གནས་དབུ་འཛུགས།

Tibetan News Headlines

  • བོད་ཀྱི་བེུད་། བལ་ཡུལ་ལྷ་མོ་ཚོགས་པའི་ཚོགས་མི་དང་གློག་བརྙན་འཁྲབ་སྟོན་པ་འཕྲིན་ལས་ལྷ་མོ་ལགས་དང་ལྷན་ཁོང་གི་སྒྱུ་སྩལ་གྱི་ལམ་བུའི་སྐོར་གླེང་མོལ།

རེས་གཟའ་ཉི་མ། ༢༠༢༤།༠༥།༠༥

  • Women of Tibet: In conversation with Thinley Lhamo, member of Nepal Tibetan opera and star in Nepalese film ‘Shambala’

དེ་རིང་བོད་ཟླ་ ༦ ཚེས་ ༡༥ ཉིན་ནས་དབུ་འཛུགས་ཀྱིས་འཛམ་གླིང་རྒྱལ་ཁབ་བཅུ་ལྷག་ནས་ཆེད་ཕེབས་གནང་བའི་ནང་པའི་དགེ་སློང་མའི་ཞལ་གྲངས་ ༡༤༥ ལྷན་འཛོམས་ཐོག་མཉན་ཡོད་ཐེག་གསུམ་གཙུག་ལག་ཁང་དུ་དམ་ཆོས་འདུལ་བའི་ཕྱག་བཞེས་དང་མཐུན་པའི་དབྱར་གནས་དབུ་འཛུགས་གནང་འདུག

རྣམ་འདྲེན་བཞི་པ་བདག་ཅག་གི་སྟོན་པ་མཉམ་མེད་ཤཱཀྱ་སེང་གེ་ཐེངས་ ༢༥ དབྱར་གནས་ལ་བཞུགས་པ་དང་དེ་བཞིན་ཆོ་འཕྲུལ་བསྟན་པ་སོགས་ཀྱི་མཛད་པ་དུ་མ་བསྐྱངས་པའི་གནས་ཆེན་ཁྱད་པར་ཅན་རྒྱ་གར་གྱི་ཨུ་ཏྟརཔྲ་དེ་ཤའི་ཁོངས་གཏོགས་སུ་ཆགས་པའི་ Shravasti འམ་མཉན་ཡོད་དུ་ཕྱི་ལོ་༢༠༡༩ ལོར་བྷར་མ་དང་ཤྲི་ལངྐ་སོགས་ནས་ཆེད་དུ་གདན་འདྲེན་ཞུས་པའི་འཕགས་པ་གནས་བརྟན་སྡེ་པའི་དགེ་སློང་ ༡༠༨ ལྷག་ལྷན་ཞུགས་ཐོག་དམ་ཆོས་འདུལ་བའི་ཕྱག་བཞེས་དང་མཐུན་པའི་དབྱར་གནས་ལ་ཚོགས་ཡོད་པ་ལྟར། དེ་རིང་བོད་ཟླ་ ༦ ཚེས་ ༡༥ ཉིན་ནས་དབུ་འཛུགས་ཀྱིས་༸སྒྲུབ་བརྒྱུད་བསྟན་པའི་མངའ་བདག་འབྲི་གུང་༸སྐྱབས་མགོན་མཆོག་གི་རླབས་ཆེན་གྱི་དགོངས་གཞི་དང་མཐུན་འགྱུར་འོག་འཛམ་གླིང་རྒྱལ་ཁབ་ཨ་རི་དང་ཡོ་རོབ། རྒྱ་བལ་འབྲུག་གསུམ། དེ་བཞིན་ཨོ་གླིང་ཕ་རན་སི། ཝེ་ཏི་ནམ་སོགས་བཅུ་ལྷག་གི་ནང་པའི་དགེ་སློང་མའི་ཞལ་གྲངས་ ༡༤༥ ལྷན་འཛོམས་ཐོག་མཉན་ཡོད་ཐེག་གསུམ་གཙུག་ལག་ཁང་དུ་དམ་ཆོས་འདུལ་བའི་ཕྱག་བཞེས་དང་མཐུན་པའི་དབྱར་གནས་དབུ་འཛུགས་ཀྱི་རྟེན་འབྲེལ་མཛད་སྒོ་ཚོགས་ཡོད་པ་རེད།

རྩ་བའི་འབྲི་གུང་༸སྐྱབས་མགོན་མཆོག་གི་ཐུགས་བསྐྱེད་ལ་བརྟེན་ནས་མཉན་ཡོད་ཀྱི་གནས་ཆེན་འདིར་ལོ་ངོ་ ༢༠༠༠ ལྷག་ཙམ་གྱི་རྗེས་ལ་དབྱར་གནས་ཚོགས་ཐུབ་པ་བྱུང་བ་ནི་ནང་པ་སངས་རྒྱས་པའི་ལོ་རྒྱུས་ནང་གནད་ཆེ་བ་ཞིག་ཆགས་ཡོད་ཅིང་། ཐེངས་འདིའི་ནང་པའི་བཙུན་མ་ཚོའི་དབྱར་གནས་འདི་བཞིན་དམ་ཆོས་འདུལ་བའི་ཐོག་སྐུ་ཡོན་ཆེན་པོ་ཡོད་པ་ཐེ་ཝན་གྱི་བཙུན་མ་ Guo Goang ལགས་དང་མཁན་མོ་སྒྲོལ་མ་ལགས་རྣམ་གཉིས་ཀྱིས་གཙོས་པའི་བཙུན་མ་རྒན་གྲས་ཁག་གཅིག་དབུ་བཞུགས་ཀྱིས་ཉིན་གྲངས་ ༤༥ རིང་དབྱར་གནས་སུ་བཞུགས་ཀྱི་ཡོད་པ་རེད།

དེ་བཞིན་བཞུགས་སྒར་དུ་རྟེན་གཞི་བྱས་པའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་སྐུ་བཅར་རྣམ་རྒྱལ་གྲྭ་ཚང་གི་དགེ་འདུན་པ་ཚོ་དེ་རིང་བོད་ཟླ་ ༦ ཚེས་ ༡༥ ནས་བོད་ཟླ་ ༩ ཚེས་ ༡༥ བར་ཁྱོན་ཟླ་བ་གསུམ་གྱི་རིང་གཞི་གསུམ་ཕྱག་ལེན་དབྱར་གནས་ལ་བཞུགས་ཀྱི་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།