Tibetan Royal Year of 2151 | Year of the Wood Dragon

བཀའ་ཤག་ནས་ལས་བྱེད་དྲུག་དམིགས་བསལ་བསྐོ་གཞག་གནང་འདུག

Tibetan News Headlines

  • Former political prisoner Namkyi’s brave Journey: From Protest, Imprisonment to Eventual Escape to India

རེས་གཟའ་སྤེན་པ། ༢༠༢༤།༠༥།༠༤

  • རྒྱ་གཞུང་གི་མནར་གཅོད་འོག་༸རྒྱལ་བ་རིན་པོ་ཆེར་དད་གུས་གཡོ་མེད་དུ་གནས་པའི་ཆབ་སྲིད་བཙོན་ཟུར་རྣམ་སྐྱིད་ལགས།

བོད་མིའི་སྒྲིག་འཛུགས་བཀའ་ཤག་ནས་སྤྱི་ཟུར་ཤར་གླིང་བསྟན་འཛིན་ཟླ་སྒྲོན་ལགས་ཀྱིས་གཙོས་པའི་དེ་སྔ་གྲོས་སྟོན་པའི་ངོ་བོར་ཡོད་པ་ལས་བྱེད་དྲུག་པོ་དེ་དག་ད་ཆ་དམིགས་བསལ་ལས་བྱེད་དུ་བསྐོས་འདུག
དེ་ཡང་ཉེ་ཆར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གཉིས་པའི་ཐོག་བཀའ་ཤག་ནས་དམིགས་བསལ་ལས་བྱེད་ ༡༨ ཐད་བསྐོ་གནང་ཆོག་པའི་སྒྲིག་གཞི་བསྐྱར་བཅོས་ཀྱི་ཁྲིམས་འཆར་གཏན་འབེབས་སོང་བཞིན། ཟླ་ ༡༠ ཚེས་ ༤ ཉིན་བོད་མིའི་སྒྲིག་འཛུགས་ལས་བྱེད་འདེམས་ལྷན་གྱི་སྒྲིག་གཞི་དོན་ཚན་ ༡༩ པའི་ནང་གསེས་ ༡ གསར་བཅུག་ཁྲིམས་གཞི་འོག སྤྱི་ཟུར་ཤར་གླིང་བསྟན་འཛིན་ཟླ་སྒྲོན་ལགས་དང་། ཨ་རིའི་སྐུ་ཚབ་དོན་གཅོད་ཟུར་པ་དབུ་དཀར་ཚང་སྐལ་རྡོར་ལགས། རུ་སུ་སྐུ་ཚབ་དོན་གཅོད་ཀྱི་དྲུང་ཡིག་ཀརྨ་བསྟན་འཛིན་ལགས། ཆོས་འཕེལ་ཐུབ་བསྟན་ལགས། སྦར་སིལ་སྐུ་ཚབ་དོན་གཅོད་ཀྱི་ལས་བྱེད་རིན་འཛིན་ཆོས་སྒྲོན་ལགས། དེ་བཞིན་དཔལ་འབྱོར་ལས་ཁུངས་ཀྱི་ལས་བྱེད་བསྟན་འཛིན་སྟོབས་ཆེན་ལགས་བཅས་ཐད་བསྐོས་གནང་འདུག
བཀའ་ཤག་གི་དམིགས་བསལ་ཐད་བསྐོས་གནང་བའི་ལས་བྱེད་དེ་དག་ད་ལྟའི་ཆར་ལོ་གཉིས་རིང་བསྐོ་གཞག་གནང་འདུག་ཀྱང་། རྗེས་སུ་དགོས་གལ་གཟིགས་ཚེ་དུས་ཡུན་འཕར་འགྱངས་གནང་རྒྱུ་ཡོད་པ་རེད་འདུག

འབྲེལ་ཡོད་གསར་གནས།

གསར་གནས།