Tibetan Royal Year of 2151 | Year of the Wood Dragon

- Advertisement -spot_img

TAG

༸གོང་ས་མཆོག་གིས་ཞི་བདེའི་ལྷན་ཚོགས་སུ་བཅར་མཁན་ཚོས་ཏཱ་ལའི་བླ་མའི་སེམས་ཤུགས་དེ་འཁྱེར་ནས་ལས་དོན་མུ་མཐུད་གཉེར་རོགས་ཞེས་བཀའ་བསྩལ་བ།

མ་འོངས་པར་འཛམ་བུ་གླིང་འདི་གང་ཆགས་མིན་ད་ལྟའི་དུས་རབས་ཀྱི་མི་ཚོའི་ལག་ཏུ་ཡོད།

དེ་རིང་ཟླ་ ༡༠ ཚེས་ ༢༤ ཉིན་གྱི་སྔ་ཐོག་ཚོུད་ ༩ སྟེང་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག་རྒྱལ་སྤྱིའི་རྒྱལ་ཁབ་འདྲ་མིན་ནང་ཞི་བདེ་དང་སྤྱི་ཚོགས་ལ་ཕན་པའི་ལས་འཆར་འགན་ཁུར་བ་ཁག་ཅིག་དང་ལྷན་དུ་དམིགས་བསལ་མཇལ་མོལ་གྱི་ལྷན་ཚོགས་ཐེངས་གསུམ་པ་དབུ་འཛུགས་གནང་བ་དང་འབྲེལ། མགོན་པོ་༸གང་ཉིད་མཆོག་ནས་མ་འོངས་པར་འཛམ་བུ་གླིང་འདི་གང་ཆགས་མིན་ད་ལྟའི་དུས་རབས་ཀྱི་མི་ཚོའི་ལག་ཏུ་ཡོད་ཅེས་བཀའ་བསྩལ་སོང་།དེ་ཡང་ཨ་རི་ནང་རྟེན་གཞི་བྱས་པའི་ United States Institute of Peace ཞེས་པའི་ཞི་བདེའི་བསྟི་གནས་ཁང་གིས་ཕྱི་ལོ་ ༢༠༡༦ ལོ་ནས་དེང་སྐབས་དམག་འཁྲུག་དང་མི་གསོད་ཁྲག་སྦྱོར་སོགས་ཆེས་ཛ་དྲག་གི་དཀའ་ངལ་འཕྲད་བཞིན་པའི་ཡུལ་གྲུ་ཁག་ཅིག་གི་གཞོན་སྐྱེས་མགོ་ཁྲིད་མི་ཉུང་བ་ཞིག་འདུ་བསྐོང་ཐོག་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་༸གོང་ས་མཆོག་དང་ལྷན་དུ་མཇལ་མོལ་གྱི་ལྷན་ཚོགས་ཤིག་གོ་སྒྲིག་ཞུ་བཞིན་ཡོད་པ་དང་། ཐེངས་འདིའི་ལྷན་ཚོགས་ཐོག་ Afghanistan དང་ Tunisia དེ་བཞིན་བྷར་མ། ཨ་ཕི་རི་ཀ། སུ་དཱན། སོ་མཱ་ལི་ཡ། ...

༸གོང་ས་མཆོག་གིས་ཞི་བདེའི་ལྷན་ཚོགས་སུ་བཅར་མཁན་ཚོས་ཏཱ་ལའི་བླ་མའི་སེམས་ཤུགས་དེ་འཁྱེར་ནས་ལས་དོན་མུ་མཐུད་གཉེར་རོགས་ཞེས་བཀའ་བསྩལ་བ།

བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་འཛམ་གླིང་ཞི་བདེ་གོང་འཕེལ་དང་འབྲེལ་བའི་ལྷན་ཚོགས་ཐེངས་གཉིས་པ་ལེགས་གྲུབ་དང་སྦྲགས། ༸གོང་ས་མཆོག་གིས་རྒྱལ་ཁབ་ ༡༢ ནས་ཕེབ་ས་པའི་ཚོགས་བཅར་བ་རྣམས་ལ་རང་རང་སོ་སོའི་ས་གནས་སུ་ཕར་བསྐྱོད་སྐབས་ཏཱ་ལའི་བླ་མའི་སེམས་ཤུགས་དེ་འཁྱེར་ནས་ལས་དོན་གཉེར་མུ་མཐུད་གཉེར་རོགས་ཞེས་བཀའ་བསྩལ་སོང་། ཨ་རིའི་ཞི་བདེ་ལྟེ་གནས་ཁང་ནས་ཁ་སང་དང་དེ་རིང་བཅས་སུ་༸རྒྱལ་བའི་ཕོ་བྲང་དུ་༸གོང་ས་མཆོག་དང་ལྷན་རྒྱས་འཛམ་གླིང་འདིའི་ནང་དྲག་གནོན་དང་ཟིང་འཁྲུག་ཧ་ཅང་ཆེ་བའི་རྒྱལ་ཁབ་ཁག་ཅིག་གི་ནང་འཚེ་བ་མེད་པ་དང་ཞི་བདེ་གོང་འཕེལ་གྱི་ལས་དོན་གཉེར་བཞིན་པའི་ན་གཞོན་འགོ་ཁྲིད་ཁག་ཅིག་དབར་བགྲོ་གླེང་ཚོགས་འདུ་ཐེངས་གཉིས་པ་གོ་སྒྲིག་གནང་ཡོད་པ་རེད། དེ་རིང་སྔ་ཐོག་ལྷན་ཚོགས་ཀྱི་ཚོགས་ཐུན་མཐའ་མའི་སྐབས་དེར་ཚོགས་བཅར་བ་ཁག་ཅིག་གིས་རང་ཉིད་སྐྱབས་བཅོལ་གྱི་གནས་བབ་འོག་ལ་འཕྲད་བཞིན་པའི་དཀའ་ངལ་སྐོར་ལ་སྙན་སེང་ཞུས་པ་དང་། དེ་བཞིན་གནད་དོན་དེ་འབྲེལ་བཀའ་འདྲི་ཁ་ཤས་ཕུལ་སོང་བ་མ་ཟད། སྒོས་སུ་དྲག་གནོན་དང་ཟིང་འཁྲུག་ཆེ་བའི་ས་གནས་སུ་ཞི་བདེ་གོང་འཕེལ་དང་རྒྱུན་སྐྱོང་ཇི་ལྟར་གནང་ཚུལ་སོགས་ཀྱི་སྐོར་བཀའ་འདྲི་དགོངས་སྐོར་ཞུས་ཡོད་པ་རེད། ༸གོང་ས་མཆོག་གིས་འཛམ་གླིང་ཞི་བདེ་གོང་འཕེལ་དང་འབྲེལ་བའི་ཐོག་ཕྱག་ལས་དང་དོ་འཁུར་བཞེས་བཞིན་པའི་གཞོན་སྐྱེས་ཚོགས་བཅར་བའི་ལས་དོན་ལ་བསྔགས་བརྗོད་མཛད་པ་དང་སྦྲགས། ང་ཚོར་འཕྲད་བཞིན་པའི་དཀའ་ངལ་དེ་དག་འདས་པའི་ནོར་འཁྲུལ་ལས་བྱུང་བ་ཡིན་སྟབས། ནོར་འཁྲུལ་དེ་དག་གི་རྒྱུ་རྐྱེན་གང་ཡིན་ཤེས་ཐོག་མ་འོངས་པར་དེ་ལྟར་མི་ཡོང་བའི་འགོག་ཐབས་བྱ་རྒྱུ་ནི་ཤིན་ཏུ་གལ་གནད་ཡིན་ཞིང་། ལྷག་པར་དུ་༸གང་ཉིད་མཆོག་གིས་ཞི་བདེའི་ལྷན་ཚོགས་འདི་ལྟ་བུའི་ཚོགས་མི་དང་ལས་དོན་རྒྱ་བསྐྱེད་ནས་ད་ལྟ་ལྟར་ལྷག་བསམ་དང་ཆོད་སེམས་བརྟན་པོའི་ཐོག་ནས་ European union ལྟ་བུའི་རྒྱལ་སྤྱིའི་རང་བཞིན་ལྡན་པའི་རྒྱ་ཆེ་བ་དང་ཁྱབ་ཆེ་བའི་ངོ་བོ་ཐོག་ནས་ཕྱག་ལས་གནང་རྒྱུར་འབད་བརྩོན་གནང་གལ་ཡིན་པ་ལམ་སྟོན་རྒྱ་ཆེ་བསྩལ་སོང་། དེ་བཞིན་༸གོང་ས་མཆོག་གིས་༸གང་ཉིད་མཆོག་གི་དགོངས་པ་བཞེས་ཕྱོགས་སྐོར་དང་འབྲེལ། མཚམས་རེ་༸སྐུ་ཉིད་མཆོག་ནས་འགྲོ་བ་མི་ལ་འཕྲད་བཞིན་པའི་དཀའ་ངལ་སྐོར་ལ་དགོངས་པ་བཞེས་སྐབས་༸གང་ཉིད་མཆོག་འགྲོ་བ་མི་གཅིག་པ་ཡིན་སྟབས་གང་ཡང་བྱ་རྒྱུ་མེད་པ་གཟིགས་གནང་གི་ཡོད་ནའང་། འགྱུར་བ་དང་ལས་འགུལ་ཆེན་པོ་ཞིག་ཡོང་བར་ཐོག་མ་གང་ཟག་གཅིག་གིས་འགོ་ཁྲིད་དགོས་སྟབས། ཚོགས་བཅར་བ་རྣམས་ལ་རང་རང་སོ་སོའི་ས་གནས་སུ་ཕར་བསྐྱོད་སྐབས་ཏཱ་ལའི་བླ་མའི་སེམས་ཤུགས་དེ་འཁྱེར་ནས་ལས་དོན་གཉེར་མུ་མཐུད་གཉེར་རོགས་ཞེས་བཀའ་བསྩལ་སོང་། སྐབས་དེར་ཚོགས་བཅར་བ་ཞིག་གིས་འཛམ་གླིང་ནང་ཏཱ་ལའི་བླ་མ་མང་པོ་དགོས་ཀྱི་འདུག་ཅེས་གསུངས་ཡོད་པ་ལྟར། ༸གོང་ས་མཆོག་གིས་ལྷན་ཚོགས་སུ་བཅར་མཁན་ཁྱེད་རྣམ་པ་ཚོས་ཏཱ་ལའི་བླ་མའི་སེམས་ཤུགས་དེ་འཁྱེར་ནས་ལས་དོན་གཉེར་མུ་མཐུད་གཉེར་རོགས་ཞེས་འབོད་སྐུལ་བཅས་གནང་ཡོད། གླིང་ཆེན་ Africa འི་ Nigeria ནས་ཡིན་པ་ Victoria ལགས་ཀྱིས་༸གོང་ས་མཆོག་ལ་ཁོ་མོ་སྔ་ལོའི་ཚོགས་འདུ་དང་པོར་བཅར་ནས་རྗེས་སུ་ས་གནས་ཀྱི་དགེ་རྒན་ ༢༠༠ ཙམ་ལ་༸གོང་ས་མཆོག་གི་ནང་སེམས་ཀྱི་ཞི་བདེ་བསྐྲུན་ཐབས་དང་དང་འཚེ་བ་མེད་པའི་སྐོར།...

Latest news

- Advertisement -spot_img