Tibetan Royal Year of 2151 | Year of the Wood Dragon

- Advertisement -spot_img

TAG

༸གོང་ས་མཆོག་གིས་ Brazil སྲིད་འཛིན་གསར་པར་འཚམས་འདྲི་སྩལ་བ།

༸གོང་ས་མཆོག་གིས་ Brazil སྲིད་འཛིན་གསར་པར་འཚམས་འདྲི་སྩལ་བ།

དེ་རིང་ཕྱི་ལོ་ ༢༠༢༣ ཟླ་ ༡ ཚེས་ ༢ ཉིན་༸བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྐུ་ཞབས་ Luiz Inacio Lula da Silva མཆོག་སླར་ཡང་ Brazil བྷར་ཛིལ་གྱི་སྲིད་འཛིན་དུ་བསྐོ་བཞག་བྱུང་བར་དགའ་བསུའི་འཚམས་འདྲི་དང་སྦྲགས། སྤྱི་ལོ་གསར་པའི་ནང་སྲིད་འཛིན་མཆོག་གི་བྱ་བ་ཐམས་ཅད་ལམ་ལྷོང་ཡོང་བའི་ཐུགས་སྨོན་མཛད་འདུགདེ་ཡང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆེན་གིས་རྡོར་གདན་དགའ་ལྡན་འཕེལ་རྒྱས་གླིང་ནས་སྩལ་བའི་འཚམས་འཕྲིན་ནང་། མགོན་པོ་༸གང་ཉིད་མཆོག་དེ་སྔ་བྷར་ཛིལ་ནང་ཐེངས་འགའ་ཤས་ཕེབས་རྒྱུའི་གོ་སྐབས་བྱུང་ཡོད་པ་དང་། སྐབས་དེར་མགོན་པོ་༸གང་ཉིད་མཆོག་གིས་བྱམས་སྙིང་རྗེ་དང་གཞན་ཕན། དེ་བཞིན་འགྲོ་བ་མིའི་གཞི་རྩའི་རིན་ཐང་གོང་སྤེལ་སོགས་ཀྱི་ཐད་ལ་བཀའ་སློབ་ལམ་སྟོན་མཛད་སྐབས་ས་གནས་མི་མང་ཚོས་དོ་སྣང་དང་དགའ་མོས་ཆེན་པོ་གནང་པར་དགའ་བསུ་དང་བསྔགས་བརྗོད་མཛད་བཞིན་ཡོད་ཅེས་བཀའ་སྩལ་འདུག ལྷག་པར་དུ་མགོན་པོ་༸གང་ཉིད་མཆོག་གིས། སྲིད་འཛིན་ Lula da Silva མཆོག་ནས་མི་མང་དབུལ་པོར་བཀྲེས་ལྟོགས་ཀྱི་སྡུག་བསྔལ་སེལ་རྒྱུའི་མཚོན་པའི་དབུལ་ཕྱུག་གི་ཁྱད་པར་མེད་པ་བཟོ་རྒྱུ་དང་།...

Latest news

- Advertisement -spot_img