Tibetan Royal Year of 2151 | Year of the Wood Dragon

- Advertisement -spot_img

TAG

གཅིག་ཕན་གཅིག་གྲོགས་ཀྱི་ཟབ་སྦྱོང་བརྒྱུད་བེུད་ཚོར་རང་ཁ་རང་གསོའི་ལས་གཞི་སྤེལ་རྒྱུའི་ནུས་པ་གོང་འཕེལ་གཏོང་བཞིན་འདུག

གཅིག་ཕན་གཅིག་གྲོགས་ཀྱི་ཟབ་སྦྱོང་བརྒྱུད་བེུད་ཚོར་རང་ཁ་རང་གསོའི་ལས་གཞི་སྤེལ་རྒྱུའི་ནུས་པ་གོང་འཕེལ་གཏོང་བཞིན་འདུག

བོད་པའི་བེུད་ཕན་ཚུན་དབར་མཐུན་ལམ་རྒྱ་སྐྱེད་ཐོག་གཅིག་ཕན་གཅིག་གྲོགས་ཐུབ་རྒྱུ་གཙོས་དཀའ་ངལ་ཁག་ལ་མཉམ་རུབ་ཀྱིས་གདོང་ལེན་ཐུབ་ཆེད་དུ་ཟབ་སྦྱོང་ཞིག་གནང་འདུག ཟླ་ ༨ ཚེས་ ༡༢ ཉིན་བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ཀྱི་ཁྱབ་ཁོངས་བེུད་ནུས་སྟོབ་གོང་སྤེལ་ཚན་པས་གོ་སྒྲིག་འོག་རྒྱ་གར་ལྷོ་ཕྱོགས་མོན་གྷོ་བོད་མི་གཞིས་ཆགས་སུ་བོད་པའི་བེུད་ ༡༦ ལ་གཅིག་ཕན་གཅིག་གྲོགས་ཀྱི་ཟབ་སྦྱོང་གནང་ཡོད་པ་རེད། དེའང་ཟླ་འདིའི་ཚེས་ ༡༢ ཉིན་ནས་དབུ་འཛུགས་ཀྱིས་ཚེས་ ༡༤ བར་ཉིན་གྲངས་གསུམ་རིང་ལ་རྒྱ་གར་གདོད་མའི་མི་རིགས་ཀྱི་ཤེས་ཡོན་དང་ཁོར་ཡུག་སྲུང་སྐྱོབ་ཐེབས་རྩ་ཁང་གི་ངེས་སྟོན་པ་ལྕམ་ Mohini Poojary ལགས་ཀྱིས་གཙོ་བོ་གཅིག་ཕན་གཅིག་གྲོགས་ཀྱི་ལྟ་གྲུབ་ཀྱི་ངོ་བོ་དང་དེ་ཇི་ལྟར་ལག་བསྟར་གནང་དགོས་པ། དེ་བཞིན་དེའི་གལ་གནད་བཅས་ཀྱི་སྐོར་སློབ་ཁྲིད་གནང་འདུག འདི་ག་རླུང་འཕྲིན་ཁང་གིས་བེུད་ནུས་སྟོབས་གོང་སྤེལ་ཚན་པའི་འབྲེལ་མཐུད་པ་བདེ་ཆེན་དབང་མོ་ལགས་སུ་དེ་འབྲེལ་བཅར་འདྲི་ཞུས་པར་ཁོང་གིས་ད་ལན་གྱི་ཟབ་སྦྱོང་དེའི་ནང་མཉམ་ཞུགས་གནང་མཁན་བེུད་ ༡༦ པོ་དེ་དག་རྣམས་སྡེ་ཁག་གཉིས་སུ་ཆ་བགོས་ཀྱིས་ལྷ་མོ་སྤྱི་ཕན་དང་། སྒྲོལ་མ་ཆིག་སྒྲིལ་ཞེས་སྡེ་ཁག་གཉིས་སུ་དབྱེ་ནས་སོ་སོའི་རུ་ཁག་ནང་བུད་མེད་གཞན་གང་མང་འཚུད་ཐབས་བྱ་རྒྱུ་དང་། ལས་གཞི་དེའི་འོག་རུ་ཁག་གཉིས་ལ་མ་དངུལ་ཧིན་སྒོར་འབུམ་རེ་གནང་ཡོད་པ་གསུངས་སོང་། རྩ་བའི་ནང་སྲིད་ལས་ཁུངས་ཀྱི་བེུད་ནུས་སྟོབས་གོང་སྤེལ་ཚན་པས་བེུད་ཚོར་གཅིག་ཕན་གཅིག་གྲོགས་ཀྱི་ཟབ་སྦྱོང་ཕུལ་བ་དེ་ཆེས་ཐོག་མ་ཆགས་ཀྱི་འདུག ཟབ་སྦྱོང་དེའི་བརྒྱུད་སྤྱི་ཚོགས་དང་དཔལ་འབྱོར་གྱི་གནས་སྟངས་ལ་ཕྲན་བུ་དཀའ་ངལ་ཡོད་པའི་བེུད་རྣམས་ལ་གཅིག་ཕན་གཅིག་གྲོགས་ཀྱི་ལམ་ནས་ནུས་པ་རྒྱ་སྐྱེད་ཐུབ་རྒྱུར་དམིགས་པ་ཞིག་དང་། ལྷག་དོན་མ་འོངས་པར་བུད་མེད་ནུས་སྟོབས་གོང་སྤེལ་ཚན་པས་བུད་མེད་ཚོར་རང་ཁ་རང་གསོའི་ལས་གཞི་འདི་ལྟ་བུ་བཙན་བྱོལ་བོད་མིའི་གཞིས་སྒར་ཁག་ཏུ་སྤེལ་འཆར་ཡོད་པ་རེད་འདུག  

Latest news

- Advertisement -spot_img