མདུན་ངོས།
ངོ་སྤྲོད།
༸གོང་ས་མཆོག
བོད།
བཙན་བྱོལ།
རྒྱ་ནག
རྒྱལ་སྤྱི།
རྒྱང་སྲིང་འོད་ཚད།
སྒྲ་མཛོད།
བརྙན་མཛོད།
འབྲེལ་ལམ།
Search
VOICE OF TIBET
ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་།
Pulses PRO
Tibetan Royal Year of 2151 | Year of the Wood Dragon
中文
Facebook
RSS
Soundcloud
Twitter
Youtube
ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་།
Voice Of Tibet
text
འཚོལ་བཤེར།
མདུན་ངོས།
ངོ་སྤྲོད།
༸གོང་ས་མཆོག
བོད།
བཙན་བྱོལ།
རྒྱ་ནག
རྒྱལ་སྤྱི།
རྒྱང་སྲིང་འོད་ཚད།
སྒྲ་མཛོད།
བརྙན་མཛོད།
འབྲེལ་ལམ།
མདུན་ངོས།
ངོ་སྤྲོད།
༸གོང་ས་མཆོག
བོད།
བཙན་བྱོལ།
རྒྱ་ནག
རྒྱལ་སྤྱི།
རྒྱང་སྲིང་འོད་ཚད།
སྒྲ་མཛོད།
བརྙན་མཛོད།
འབྲེལ་ལམ།
འཚོལ་བཤེར།
- Advertisement -
TAG
གྲྭ་ཀླུ་དཀོན་མཆོག་རྒྱ་མཚོ་ལགས་གར་ཁྲིད་ཤེས་རྟོགས་མེད་པ་གྱུར་འདུག
Homepage
གྲྭ་ཀླུ་དཀོན་མཆོག་རྒྱ་མཚོ་ལགས་གར་ཁྲིད་ཤེས་རྟོགས་མེད་པ་གྱུར་འདུག
vot.org
-
13/01/2016
བོད་མདོ་སྨད་མཚོ་སྔོན་ཞིང་ཆེན་རྨ་ལྷོ་ཁུལ་འཐབ་ཕྱོགས་གཅིག་གྱུར་ཁང་གི་ལས་བྱེད་ཡིན་ཟེར་བའི་མི་གཉིས་ཀྱིས་ཁ་སང་ཚེས་ ༡༢ བོད་ནང་གི་ཉིན་དགུང་ཚོུད་ ༣།༣༠ ཙམ་ལ་གཅན་ཚ་རྫོང་གི་ལ་མོ་བདེ་ཆེན་དགོན་པའི་གྲྭ་ཀླུ་དཀོན་མཆོག་རྒྱ་མཚོ་ལགས་འཐབ་ཕྱོགས་གཅིག་གྱུར་ཁང་དུ་ངེས་པར་དུ་ཡོང་དགོས་པ་བརྗོད་ནས་ཁོང་སླར་ཡང་འཛིན་བཟུང་བྱས་འདུག འདི་གར་གནས་ཚུལ་ངོ་སྤྲོད་གནང་མཁན་གྱི་གསུངས་པར། ད་ལྟའི་ཆར་གྲྭ་ཀླུ་དཀོན་མཆོག་རྒྱ་མཚོ་ལགས་བཙོན་ཁང་གང་དུ་ཁྲིད་ཡོད་པ་དང་ཁོང་གི་གནས་སྟངས་ཇི་ཡིན་ཤེས་རྟོགས་མེད་སྟབས། ཁོང་གི་ནང་མི་གཙོས་པའི་ཉེ་འབྲེལ་རྣམས་སེམས་འཚབ་ཆེན་པོ་གནང་བཞིན་ཡོད་པ་རེད་འདུག གཞི་རྩའི་ལ་མོ་བདེ་ཆེན་དགོན་གྱི་གྲྭ་ཀླུ་དཀོན་མཆོག་རྒྱ་མཚོ་ལགས་ནི།ད་ལྟ་རང་ལོ་ ༣༧ ཡིན་པ་དང་ཕྱི་ལོ་ ༡༩༩༤ ལོར་ཁོང་རྒྱ་གར་དུ་སྐྱབས་བཅོལ་ཕེབས་ནས་ལོ་ ༦ རིང་རྒྱ་གར་ལྷོ་ཕྱོགས་འབྲས་སྤུང་སྒོ་མང་གྲྭ་ཚང་དུ་སློབ་གཉེར་གནང་འདུག ༢༠༠༠ ལོར་ཕ་ཡུལ་ལ་ཕྱིར་ལོག་གནང་འདུག གྲྭ་ཀླུ་དཀོན་མཆོག་རྒྱ་མཚོ་ལགས་ཀྱིས་ཕྱི་ལོ་༢༠༡༣ཙམ་ནས་ཉིན་ཞག་ང་བཞི་ཞེས་པའི་བརྩམས་ཆོས་ཤིག་འགོ་འཛུགས་དང་འབྲེལ། བརྩམས་ཆོས་དེའི་ནང་ཁོང་དེ་སྔ་རྒྱ་གར་ལ་བཙན་བྱོལ་ཡོང་སྐབས་ལམ་བར་དཀའ་སྡུག་གི་ཚོར་བ་དངོས་ཁག་སྤེལ་ཉིན་ཞག་ང་བཞི་ཞེས་པའི་དཔེ་དེབ་ཅིག་ཏུ་བཀོད་གནང་ཡོད་སྟབས། ཟླ་སྔོན་མའི་ཚེས་ ༡༨ ཉིན་རྒྱ་གཞུང་ནས་ཁོང་འཛིན་བཟུང་བྱས་པ་རེད། སྐབས་དེར་ཁོང་གི་གྲྭ་བ སྔོག་བཤེར་བྱས་པ་མ་ཟད། ཉིན་ཞག་ང་བཞི་ཞེས་པའི་བརྩམས་ཆོས་དེ་པར་བསྐྲུན་བྱེད་མི་ཆོག་པ་ར་བཀག་སྡོམ་བྱས་པ་མ་ཟད། ཁོང་འཛིན་བཟུང་གིས་གཟའ་འཁོར་གཅིག་རིང་བཀག་ཉར་བྱས་རྗེས་བཙོན་གྲོལ་བཏང་ཡོད་པ་རེད།
Latest news
Tuesday 07/05/2024
07/05/2024
རྒྱ་གཞུང་གིས་ཨིན་ཡུལ་རྒྱལ་སྲུང་ལྷན་ཁང་ལ་སོ་ཉུལ་བྱས་པ་མངོན་གསལ།
07/05/2024
གསར་འགོད་རང་དབང་ལ་དྲག་གནོན་བྱེད་མཁན་ཆེས་སྡུག་ཤོས་རྒྱལ་ཁབ་ཀྱི་འགོ་ཁྲིད་ཧྥ་རན་སི་ནང་བསླེབས་པར་ངོ་རྒོལ།
07/05/2024
ཧྥ་རན་སིའི་གྲོས་ཚོགས་འཐུས་མི་ཁག་གཅིག་གིས་རྒྱ་ནག་གི་དྲ་ལམ་གཏོར་རྒོལ་བ་རྣམས་ལ་སྲིད་དོན་ཉེས་ཆད་བཀལ་དགོས་པའི་འབོད་སྐུལ།
07/05/2024
Monday 06/05/2024
06/05/2024
- Advertisement -