Tibetan Royal Year of 2151 | Year of the Wood Dragon

- Advertisement -spot_img

TAG

པཎ་ཆེན་རིན་པོ་ཆེ

བོད་ཀྱི་བུད་མེད་ལྷན་ཚོགས་ཀྱིས་རྒྱལ་ལ་ལྡི་ལིའི་ཕྱི་རྒྱལ་གཞུང་ཚབ་ཁག་ཏུ་༸པཎ་ཆེན་རིན་པོ་ཆེའི་གནད་དོན་སྐོར་ཞུ་གཏུགས་གནང་པ།

༸ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅིུག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་རྒྱ་ནག་གཞུང་གིས་བཙན་འཁྲིད་བྱས་ནས་ད་བར་མི་ལོ་ ༢༢ ཧྲིལ་པོ་འཁོར་བའི་ཉིན་མོ་དང་བསྟུན། དབུས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོ་དང་། དྲུང་ཆེ། དེ་བཞིན་ལྡི་ལི་ས་གནས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོ་དབུས་པའི་རྒྱུན་ལས་གཅིག་བཅས་ཀྱིས་ཁ་སང་ཚེས་ ༡༧ ཉིན་རྒྱལ་ས་ལྡི་ལིར་ཡོད་པའི་རྒྱ་ནག་དང་ཨ་རི་ལ་སོགས་པའི་ཕྱི་རྒྱལ་གྱི་གཞུང་ཚབ་ཆེ་ཁག་ ༡༣ ལ་ཆེད་བསྐྱོད་གནང་སྟེ། ༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་གནད་དོན་དང་འབྲེལ་བའི་དགོས་འདུན་དོན་ཚན་ལྔ་ཡོད་པའི་ཞུ་ཡིག་ཞིག་ཕུལ་ཡོད་པ་མ་ཟད། བུད་མེད་ཀྱི་སྐུ་ཚབ་ཚོས་དེ་རིང་མུ་མཐུད་དེ་རྒྱལ་ཁབ་ཁག་ ༡༣ ཙམ་གྱི་གཞུང་ཚབ་ལ་སྐོར་བསྐྱོད་གནང་གི་ཡོད་པ་རེད། བུད་མེད་ལྷན་ཚོགས་ཀྱི་ཞུ་སྙན་དེའི་ནང་དགོས་འདུན་གཙོ་བོ་ནི་ཕྱི་ལོ་ ༡༩༩༥ ལོར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་༸པཎ་ཆེན་སྐུ་ཕྲེང་བཅུ་པའི་ཡང་སྲིད་དུ་བསྟན་འཛིན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་སྐུ་ཕྲེང་ ༡༡ པར་ངོས་འཛིན་གནང་ཡོད་པ་དང་། དེ་ལོའི་ཚེས་ ༡༧ ཉིན་༸པཎ་ཆེན་རིན་པོ་ཆེ་མཆོག་དང་ནང་མི་ལྷན་རྒྱས་རྒྱ་ནག་གིས་བཙན་འཁྲིད་བྱས་པ་ནས་བཟུང་དུས་ད་ལྟ་བར་ལོ་ངོ་ ༢༢ རིང་གར་སོང་ཆ་མེད་དུ་གྱུར་ནས་༸སྐུ་འཚོ་བཞུགས་ཡོད་མེད་ཙམ་ཀྱིི་གནས་ཚུལ་ཙམ་གང་ཡང་ཤེས་མེད་སྟབས།...

བོད་ནང་གང་བྱུང་འཇུ་བཟུང་དང་བཀག་ཉར་ཐད་ཀྱི་དམིགས་བསལ་སྙན་ཐོ་ཞིག་འདོན་སྤེལ་གནང་པ།

ཁ་སང་ཟླ་ ༥ ཚེས་ ༡༧ སྟེ་༸ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅིུག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་རྒྱ་གཞུང་གིས་འཛིན་བཟུང་བཙན་འཁྲིད་བྱས་ཏེ་མི་ལོ་ ༢༢ འཁོར་བ་དང་བསྟུན། བཞུགས་སྒར་དུ་རྟེན་གཞི་བྱས་པའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་འཕེལ་བསྟི་གནས་ཁང་གིས་བོད་མི་གང་བྱུང་འཛིན་བཟུང་དང་བཀག་ཉར་ཐད་ཀྱི་དམིགས་བསལ་སྙན་ཐོ་ཞིག་འདོན་སྤེལ་གནང་པའི་བརྒྱུད། རྒྱ་གཞུང་གིས་ད་བར་ཁྱོན་བོད་མི་ ༡༣༠༠ བརྒལ་བ་ཁྲིམས་མཐུན་མིན་པའི་ཐོག་ནས་གང་བྱུང་འཛིན་བཟུང་བཙན་འཁྲིད་བྱས་འདུག་པ་དང་། དེ་དག་ཁྲོད་མི་སྤྱོད་ལས་འདས་པའི་རྡུང་རྡེག་དང་བཙན་ཤེད་ཀྱིས་ནག་ཉེས་ཁས་ལེན་བྱེད་དུ་བཅུག་གི་ཡོད་པ་སོགས་མངོན་གསལ་གནང་འདུག ལྷག་དོན་ད་ཆ་རྒྱ་གཞུང་གིས་དོ་དམ་བཀག་ཉར་འོག་ཡོད་པའི་༸པཎ་ཆེན་ཆུང་སྲིད་རིན་པོ་ཆེ་མཆོག་འཛམ་གླིང་སྟེང་གི་ཆབ་སྲིད་བཙོན་པ་ལོ་ན་ཆེས་ཆུང་ཤོས་དང་གར་སོང་ཆ་མེད་དུ་སོང་བའི་ལོ་ཚད་རིང་ཤོས་སུ་གྱུར་ཡོད་སྐོར་གསལ་བཏོན་གནང་སྟེ། རྒྱ་གཞུང་གིས་མི་སྤྱོད་ལས་འདས་པའི་བྱ་སྤྱོད་སྤེལ་བཞིན་པ་དེ་ནི་བོད་ཀྱི་ཆོས་དང་རིག་གཞུང་། ཡུལ་སྲོལ་གོམས་གཤིས་སོགས་བོད་མིའི་ངོ་བོ་རྩ་གཏོར་དང་བོད་ཀྱི་སྣོད་བཅུད་གཉིས་ཀ་རྩ་བརླག་ཏུ་གཏོང་ཐབས་ཀྱི་ཆེས་ངན་པའི་སྲིད་བྱུས་ཤིག་ཡིན་པ་གསུངས་འདུག

Latest news

- Advertisement -spot_img