Tibetan Royal Year of 2151 | Year of the Wood Dragon

- Advertisement -spot_img

TAG

ཕྱི་དྲིལ་བཀའ་བློན་མཆོག་ནས་ཕི་རན་སིའི་གྲོས་ཚོགས་ཀྱི་འཐུས་མི་ཁག་དང་མཇལ་འཕྲད་གནང་འདུག

ཕྱི་དྲིལ་བཀའ་བློན་མཆོག་གིས་ཡོ་རོབ་རྒྱལ་ཁབ་ཁག་ཏུ་གཞུང་འབྲེལ་འཚམས་གཟིགས་གནང་བཞིན་པ།

དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག་ཁ་སང་ཕྱི་ཚེས་ ༢༩ ཉིན་ཡོ་རོབ་རྒྱལ་ཁབ་ཨི་ཊ་ལིའི་རྒྱལ་ས་རོམ་དུ་ཕེབས་འབྱོར་དང་འབྲེལ་ཏེ་འཁྱུར་ལ་ཉེ་བའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མིས་གཙོས་པའི་ས་གནས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་ཁག་དང་མཇལ་མོལ་གནང་བ་བརྒྱུད་ད་བར་བོད་དོན་ལ་རྒྱབ་སྐྱོར་རྒྱ་ཆེར་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་། ལྷག་པར་དེ་རིང་ཕྱི་ཚེས་ ༣༠ ཉིན་བཀའ་བློན་མཆོག་ལ་ཇི་ལྟར་མགྲོན་འབོད་ཞུས་པ་ལྟར་ཁུལ་དེའི་ Perugia གྲོང་ཁྱེར་ནང་ཨི་ཊ་ལི་བོད་དོན་རྒྱབ་སྐྱོར་ཚོགས་པ་དང་ས་གནས་གྲོང་སྡེ་ལྷན་ཁང་གཉིས་ཟུང་འབྲེལ་གྱིས་གོ་སྒྲིག་ཞུས་པའི་བོད་ཀྱི་ཆོས་རིག་དང་རྒྱལ་རབས་ལོ་རྒྱུས་སོགས་དང་འབྲེལ་བའི་འགྲེམས་སྟོན་དབུ་འབྱེད་ཀྱི་མཛད་སྒོར་ལྷན་ཞུགས་གནང་ཡོད་པ་རེད།བཀའ་བློན་མཆོག་ཨི་ཊ་ལི་དང་སུད་སི། འཇར་མི་ནི། སྦལ་སིལ་བཅས་ཡོ་རོབ་རྒྱལ་ཁབ་བཞིའི་ནང་གཞུང་འབྲེལ་འཚམས་གཟིགས་གནང་གི་ཡོད་པ་རེད།སུད་སི་བོད་ཀྱི་སྐུ་ཚབ་དོན་གཅོད་འཕྲིན་ལས་ཆོས་སྐྱིད་ལགས་ཀྱིས་བཀའ་བློན་མཆོག་ཡོ་རོབ་རྒྱལ་ཁབ་ནང་གཞུང་འབྲེལ་འཚམས་གཟིགས་ཕེབས་པའི་མཛད་འཆར་གཙོ་བོ་ནི་ཨི་ཊ་ལིའི་ Milan གྲོང་ཁྱེར་དུ་འཚོགས་རྒྱུའི་ཡོ་རོབ་ཁུལ་གྱི་བོད་རིགས་ཚོགས་པའི་ལོ་འཁོར་ཚོགས་ཆེན་གྱི་དབུ་འབྱེད་མཛད་སྒོར་དབུ་ཞུགས་གནང་རྒྱུ་དང་། ཉེ་འཁོར་གྱི་ལྷོ་ཊི་རོལ་རང་སྐྱོང་མངའ་ཁུལ་གྱི་གཙོ་འཛིན་མཆོག་གིས་གཙོས་པའི་གཞུང་འབྲེལ་གནད་ཡོད་མི་སྣ་སོགས་དང་མཇལ་མོལ་གནང་ཕྱིར་ཡིན་པ་གསུངས་སོང་། དེ་བཞིན་ཕྱི་ཟླ་ ༡༠ ཚེས་ ༤ ཉིན་བཀའ་བློན་མཆོག་གིས་སུད་སི་གྲོང་ཁྱེར་ཇི་ནི་ཝ་ནང་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐེངས་ ༥༡ དང་བསྟུན་ཨ་རིའི་གཞུང་ཚབ་ཁང་གིས་གོ་སྒྲིག་ཞུས་པའི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མ་འོངས་པའི་༸སྐུའི་ཡང་སྲིད་དང་འབྱུང་འགྱུར་འཛམ་གླིང་ནང་ཤུགས་རྐྱེན་ཇི་ལྟར་ཐེབས་མིན་ཞེས་པའི་ཟུར་ཚོགས་ཐོག་དབུ་བཞུགས་ཀྱིས་གསུང་བཤད་གནང་རྒྱུ་སོགས་ཀྱི་མཛད་འཆར་ཡོད་པ་གསུངས་ཡོད།

ཕྱི་དྲིལ་བཀའ་བློན་མཆོག་ཐུགས་ཕམ་དང་བཅས་ལས་སྣེ་ནས་དགོངས་ཞུའི་གསར་འགོད་བསྒྲགས་གཏམ་སྤེལ་བ།

དེ་རིང་ཟླ་ ༢ ཚེས་ ༢༨ ཉིན་གྱི་སྔ་དྲོ་བཞུགས་སྒར་རྡ་སར་དབུས་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་བཀའ་བློན་བདེ་སྐྱིད་ཆོས་དབྱངས་མཆོག་ཐུགས་ཕམ་དང་བཅས་བཀའ་བློན་ལས་སྣེ་ནས་རང་འགུལ་གྱིས་དགོངས་ཞུ་གནང་རྒྱུའི་གསར་འགོད་བསྒྲགས་གཏམ་ཞིག་སྤེལ་གནང་སོང། སྐབས་དེར་དབུས་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་བཀའ་བློན་བདེ་སྐྱིད་ཆོས་དབྱངས་མཆོག་གིས་དེ་རིང་སྔ་དྲོ་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ལ་རང་ཉིད་ལས་སྣེ་ནས་དགོངས་ཞུ་བྱ་རྒྱུའི་གནས་འཁོད་ཀྱི་སྙན་ཞུ་ཞིག་ཕུལ་ཡོད་ཅེས་གསུངས་པ་དང་འབྲེལ། སྙན་ཞུ་དེའི་ངོ་བཤུས་བཀའ་དྲུང་མཆོག་གཙོས་པའི་ཕྱི་དྲིལ་དྲུང་ཆེ་རྣམ་གཉིས་དང་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་བཅས་སུ་ཕུལ་ཡོད་སྐོར་གསུངས་སོང། ད་དུང་ཁོང་གིས་ཐུགས་ཕམ་ཆེན་པོས་ད་ལན་བཀའ་བློན་གྱི་ལས་སྣེ་ནས་རང་འགུལ་གྱིས་དགོངས་ཞུ་བྱ་དོན་གཙོ་ཁག་ནི། སྒེར་དོན་ལས་སྤྱི་དོན་གཙོ་བ་དང་། མ་འོངས་པར་ང་ཚོའི་མདུན་དུ་ལྷག་པའི་གནད་དོན་གལ་འགངས་ཆེ་ཁག་ལ་གདོང་ལེན་བྱ་ཕྱོགས་བཅས་ལ་ཡུན་རིང་ནས་བསམ་ཞིབ་གཏིང་ཟབ་གནང་ནས་ད་ལན་དངོས་སུ་དགོངས་ཞུ་གནང་པ་ཡིན་ཞེས་གསུངས་པ་མ་ཟད། ད་བར་ལོ་ངོ་བཞི་ཙམ་རིང་བཀའ་བློན་གྱི་མཚན་ཐོག་ནས་རྒྱལ་ཁབ་འདྲ་མིན་ནང་དངོས་སུ་བཅར་ཏེ་བོད་དོན་ཆེད་ཞབས་ཕྱི་ཞུ་རྒྱུའི་གོ་སྐབས་བྱུང་བ་ནི་ཧ་ཅང་སྐལ་པ་བཟང་པོར་བསམ་བཞིན་ཡོད་ཅེས་གསུངས་ཡོད། ལྷག་དོན་ཁོང་གིས་ད་ལྟ་དགོངས་ཞུ་བྱ་དོན་གྱི་གནད་དོན་གང་ཡིན་རྗེས་སུ་གོ་སྐབས་གཞན་ཞིག་གི་ཐོག་ནས་གསལ་བཤད་གནང་རྒྱུ་ཡིན་སྐོར་ཡང་གསུངས་སོང། སྐབས་དེར་གསར་འགོད་པ་ཚོར་བཅར་འདྲི་ཞུ་རྒྱུའི་དུས་ཚོད་མེད་ཅེས་གསུངས་ཡོད་པ་རེད།

ཕྱི་དྲིལ་བཀའ་བློན་མཆོག་གིས་རྒྱ་གར་གཞོན་སྐྱེས་ཚོས་བོད་དོན་ཐོག་ཐུགས་སྣང་གནང་དགོས་གལ་ཡིན་པ་གསུངས་པ།

བཞུགས་སྒར་དུ་རྟེན་གཞི་བྱས་པའི་བོད་མིའི་གཞུང་འབྲེལ་མིན་པའི་ཚོགས་པ་ལྔའི་ཟུང་སྦྲེལ་གྱིས་ཁོར་ཡུག་དང་རྩོད་རྙོག་འདུམ་སྒྲིག་གླེང་མོལ་ལས་རིམ་ཐོག དབུས་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་བཀའ་བློན་བདེ་སྐྱིད་ཆོས་དབྱངས་མཆོག་གིས་རྒྱ་གར་གཞོན་སྐྱེས་ཚོས་བོད་དོན་ཐོག་ཐུགས་སྣང་གནང་དགོས་གལ་ཡིན་པ་གསུངས་འདུག དེ་ཡང་ཉིན་རྒྱབ་ཚོུད་ ༡།༣༠ སྟེང་བཞུགས་སྒར་མེག་གྷན་དུ་རྟེན་གཞི་བྱས་པའི་ Club House ཚོགས་ཁང་དུ་རྒྱ་གར་མེས་པོ་དམ་པ་གྷན་དི་མཆོག་སྐུ་གཤེགས་པའི་ཉིན་མོ་དང་བསྟུན། བོད་མིའི་གཞུང་འབྲེལ་མིན་པའི་ཚོགས་ཁག་ལྔས་གསར་འགོད་ལྷན་ཚོགས་ཤིག་སྐོང་ཚོགས་གནང་པ་ཡོད་པ་རེད། ལྷན་ཚོགས་དེའི་ཐོག་སྐུ་མགྲོན་གཙོ་བོ་དབུས་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་བཀའ་བློན་བདེ་སྐྱིད་ཆོས་དབྱངས་མཆོག་དབུས། གཞུང་འབྲེལ་མིན་པའི་ཚོགས་སྐྱིད་ཁག་གི་སྐུ་ཚབ་རྣམ་པ། རྡ་སའི་ཁུལ་གྱི་བོད་མི་དང་ཡུལ་མི། དེ་བཞིན་རྒྱ་གར་དང་བོད་རིགས་གཞོན་སྐྱེས་བཅས་ཚང་འཛོམས་གནང་ཡོད། སྐབས་དེར་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་བཀའ་བློན་བདེ་སྐྱིད་ཆོས་དབྱངས་མཆོག་གིས། འཕགས་བོད་གཉིས་ད་བར་འདས་པའི་ལོ་རྒྱུས་ཁྲོད་ལེགས་བྱང་གཙོས་པའི་སྐད་ཡིག རིག་གནས་དང་ཟློས་གར། དེ་བཞིན་ཆོས་ཕྱོགས་དང་ཡུལ་གོམས་གཤིས་ལུགས་སོགས་ཀྱི་ཐོག་ནས་འབྲེལ་ལམ་ཟབ་མོ་ཡོད་པ་གསུངས་པ་དང་ཆབས་ཅིག རྒྱལ་ཁབ་གཉིས་ཀྱི་ལེགས་བྱང་ཐོག་ལ་གནད་ཆེ་བའི་མཐུན་པའི་ཁྱད་ཆོས་མང་དག་ཞིག་ཡོད་པ་ལུང་འདྲེན་གནང་པ་དང་སྦྲགས། འཕགས་བོད་གཉིས་ཀྱི་ལོ་རྒྱུས་ནང་ཆེས་དམ་ཟབ་ཀྱི་འབྲེལ་བ་ཡོད་པ་མཁྱེན་རྟོགས་ཡོད་པའི་མི་རབས་རྒན་པ་རྣམས་ཉིན་རེ་བཞིན་དགོངས་པ་རྫོགས་ཀྱི་ཡོད་སྟབས། རྒྱ་གར་དང་བོད་པའི་གཞོན་སྐྱེས་ཚོས་འཕགས་བོད་གཉིས་ཀྱི་དེ་སྔོན་ཆེས་ཟབ་པའི་འབྲེལ་ལམ་དེ་དག་བསྐྱར་གསོ་ཐུབ་པ་གནང་རྒྱུའི་འོས་འགན་ཡོད་པ་གསུངས་སོང་། དེ་བཞིན་བཀའ་བློན་མཆོག་གིས་རྒྱ་གར་གྱི་གཞོན་སྐྱེས་ཚོས་ངེས་པར་དུ་བོད་ཀྱི་ཆབ་སྲིད་དང་ཁོར་ཡུག དེ་མཚུངས་ལེགས་བྱང་སོགས་ཀྱི་གནས་བབ་ཐོག་ཐུགས་སྣང་རྒྱ་གང་ཆེ་གནང་དགོས་གལ་ཡིན་སྐོར་སོགས་གསུངས་ཡོད། རྩ་བའི་ལས་རིམ་དེའི་དགོས་དམིགས་གཙོ་བོ་ནི། རྒྱ་གར་གྱི་གཞོན་སྐྱེས་ཁྲོད་ལ་བོད་ཀྱི་ཆབ་སྲིད་དང་ཁོར་ཡུག་གི་གལ་གནད་སྐོར་གོ་རྟོགས་སྤེལ་ཐབས་དང་། དེ་བཞིན་མ་འོངས་པར་བོད་མིའི་གཞུང་འབྲེལ་མིན་པའི་ཚོགས་སྐྱིད་ཁག་ནས་རྒྱ་གར་གྱི་གཞུང་འབྲེལ་མིན་པ་ཚོ་དང་ལྷན་ཟུང་སྦྲེལ་ཐོག་ལས་འགུལ་སྤེབས་ཐབས་བཅས་ཡིན་འདུག

ཕྱི་དྲིལ་བཀའ་བློན་མཆོག་ནས་ཕི་རན་སིའི་གྲོས་ཚོགས་ཀྱི་འཐུས་མི་ཁག་དང་མཇལ་འཕྲད་གནང་འདུག

བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་བཀའ་བློན་བདེ་སྐྱིད་ཆོས་དབྱངས་མཆོག་ནས་ཕ་རན་སིའི་གྲོས་ཚོགས་གོང་མའི་འཐུས་མི་ཁག་ཅིག་དང་མཇལ་འཕྲད་ཀྱིས་བོད་ཀྱི་ཁོར་ཡུག་དང་གནམ་ཤིས་འགྱུར་ལྡོག་དང་འབྲེལ་བའི་གནད་དོན་ཁག་ཅིག་སྙན་སེང་ཞུས་ཡོད་པ་རེད།    ད་ལྟ་ France ཡི་རྒྱལ་ས་ Paris ནང་དུ་རྒྱལ་ཚོགས་ཀྱི་གོ་ལའི་གནམ་ཤིས་འགྱུར་ལྡོག་དང་འབྲེལ་བའི་ཚོགས་ཆེན་ COP21 ཚོགས་བཞིན་པ་དང་བསྟུན། ཕྱི་དྲིལ་བཀའ་བློན་མཆོག་ཁུལ་དེར་ཁ་སང་ཆེད་ཕེབས་ཀྱིས་བོད་མཐོ་སྒང་གི་གནམ་ཤིས་འགྱུར་ལྡོག་ཐོག་གོ་རྟོགས་སྤེལ་བའི་བགྲོ་གླེང་གི་ཚོགས་འདུའི་ཐོག་ལྷན་ཞུགས་གནང་པ་མ་ཟད། དེ་རིང་སྔ་དྲོ་ France གྲོས་ཚོགས་གོང་མའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ Michel Raison ལགས་ཀྱིས་གོ་སྒྲིག་འོག བཀའ་བློན་མཆོག་གཙོས་པའི་བོད་མིའི་སྒྲིག་འཛུགས་ཀྱི་ཁོར་ཡུག་ཚན་པའི་འབྲེལ་ཡོད་ལས་བྱེད་པ་ཁག་ཅིག་གིས་གྲོས་ཚོགས་འཐུས་མི་རྣམས་ལ་བོད་ཀྱི་ཁོར་ཡུག་གནས་སྟངས་སྐོར་སྙན་སེང་ཞིབ་ཁྲ་ཞུས་གནང་འདུག བཀའ་བློན་མཆོག་ནས་ཐེངས་འདིའི་རྒྱལ་ཚོགས་ཀྱི་གོ་ལའི་གནམ་གཤིས་འགྱུར་ལྡོག་དང་འབྲེལ་བའི་ལྷན་ཚོགས་དེའི་ཐོག་ཁོར་ཡུག་གི་གནད་དོན་ཐད་གྲོས་ཆོད་བཞག་གི་ཡོད་སྟབས།   ད་ལན་གྱི་ལྷན་ཚོགས་དེ་དམིགས་བསལ་གྱི་གལ་ཆེ་ཞིག་ཆགས་ཀྱི་ཡོད་སྐོར་གསུངས་པ་དང་འབྲེལ།  རྒྱ་ནག་གཞུང་གི་ངོས་ནས་ཁོར་ཡུག་སྲུང་སྐྱོབ་ཀྱི་ཁྲིམས་གཏན་འབེབས་ཡོད་པ་ལྟར་དེ་དག་དོན་ཁྱོན་གནང་དགོས་གལ་ཡིན་པར་འགྲེལ་བརྗོད་གནང་པ་མ་ཟད།  བོད་མི་མང་ཚོགས་ཀྱི་ངོས་ནས་ཀྱང་གནད་དོན་དེ་དག་ཐོག་དོ་སྣང་གནང་དགོས་གལ་ཡིན་སྐོར་གསུངས་ཀྱི་འདུག ཡང་དེའི་བར་ན་ཁ་སང་ཉིན་རྒྱབ་ཕྱག་ཚོད་ ༣ ནས་ ༥ པའི་བར་ Paris ནང་བོད་མིའི་སྒྲིག་འཛུགས་ཀྱི་གོ་སྒྲིག་འོག...

Latest news

- Advertisement -spot_img