Tibetan Royal Year of 2151 | Year of the Wood Dragon

- Advertisement -spot_img

TAG

ཕྲུ་གུ་གཉིས་ཀྱི་ཨ་མས་རྒྱ་གཞུང་ལ་ཞི་རྒོལ་གནང་པ།

ཕྲུ་གུ་གཉིས་ཀྱི་ཨ་མས་རྒྱ་གཞུང་ལ་ཞི་རྒོལ་གནང་པ།

དེའང་ཟླ་འདིའི་ཚེས་ ༡༤ ཉིན་བོད་མདོ་སྨད་རྔ་བ་རྫོང་ཐོག་ཏུ་ཕྲུ་གུ་གཉིས་ཀྱི་ཨ་མ་ཡིན་པ་དཀོན་མཆོག་སྒྲོལ་མ་ལགས་ཀྱིས་ཕྱག་ཏུ་༸གོང་ས་མཆོག་གི་༸སྐུ་པར་བཟུང་སྟེ། རྒྱ་གཞུང་ལ་མི་འདོད་པའི་རྣམ་པ་མངོན་གསལ་གྱིས་ཞི་རྒོལ་གནང་སྟབས།  དེ་མ་ཐག་རྒྱ་གཞུང་ཉེན་རྟོག་པས་ཁོང་འཛིན་བཟུང་བཙན་འཁྲིད་བྱས་རྗེས་གནས་སྟངས་ཇི་ཆགས་ཤེས་རྟོགས་མེད་པར་གྱུར་འདུག དེ་ཡང་ཉེ་ཆར་རྔ་བ་རྫོང་ཐོག་གི་དཔའ་བོའི་སྲང་ལམ་ནས་གྱོན་ཆས་དཀར་པོ་སྤྲས་པའི་བོད་པའི་བེུད་གཅིག་གིས་ཕྱག་ཏུ་༸གོང་ས་མཆོག་གི་༸སྐུ་པར་བཟུང་སྟེ། རྒྱ་གཞུང་ལ་མི་འདོད་པའི་ཞི་རྒོལ་གནང་པས་དེ་མ་ཐག་འཛིན་བཟུང་བྱས་པའི་གནས་ཚུལ་ཐོན་ཡོད་ཀྱང། བེུད་དེའི་མཚན་སོགས་ཞིབ་ཕྲའི་གནས་ཚུལ་གང་ཡང་ཤེས་རྟོགས་ཐུབ་མེད། འདི་ག་རླུང་འཕྲིན་ཁང་ལ་སུད་སིར་བཞུགས་པའི་བསོད་ནམས་ལགས་ཀྱིས་འགྲེལ་བརྗོད་གནང་པར་ཁོང་གིས་ཟླ་འདིའི་ཚེས་ ༡༤ ཉིན་ཞི་རྒོལ་གནང་མཁན་གྱི་མཚན་ལ་དཀོན་མཆོག་སྒྲོལ་མ་ཡིན་པ་དང། ཁོང་གི་སྐྱེས་ཡུལ་རྔ་བ་ཕྱུགས་ལས་གོང་མ་ནས་ཡིན་པ། དེ་བཞིན་ཁོང་ལ་ཕྲུ་གུ་གཉིས་ཡོད་པ་ལས་བུ་ལོ་ན་ ༧ སོན་པ་གཅིག་དང་བུ་མོ་ལོ་ ༤ ཅན་གཅིག་ཡོད་པ་རེད་འདུག ཁོང་གི་ཨ་མའི་མིང་ལ་རྟ་མགྲིན་སྐྱིད་དང། ཁོ་མོའི་ཨ་མར་བུ་གཉིས་དང་བུ་མོ་གཉིས་ཡོད་པ་རེད་འདུག རྩ་བའི་ཕྱི་ལོ་ ༢༠༠༨ ས་བྱི་ཞི་རྒོལ་ཆེན་མོ་བྱུང་བའི་རྗེས་སུ་བོད་ནང་རྒྱ་གཞུང་གིས་དམ་དྲག་ཚད་མེད་བྱེད་བཞིན་པའི་ཁར། ད་བར་བོད་མི་ ༡༤༠ ལྷག་ནས་བོད་ནང་རྒྱ་གཞུང་གིས་དྲག་པོའི་སྲིད་བྱུས་ལག་བསྟར་བྱེད་པར་ངོ་རྒོལ་གྱི་རང་ལུས་མེར་བསྲེགས་བཏང་ཡོད་པ་རེད། རྒྱ་གཞུང་གིས་རང་ལུས་མེར་སྲེག་གནང་མཁན་རྣམས་ལ་འཇིགས་སྐུལ་བར་ངོས་འཛིན་གྱིས་ཁྲིམས་ཆད་ནན་པོ་བཏང་པ་མ་ཟད། རང་ལུས་མེར་སྲེག་གནང་མཁན་རྣམས་ཀྱི་ནང་མི་ཉེ་འབྲེལ་དང་མཐའ་ན་དགོན་པ་དང་གྲོང་སྡེ་སོགས་ལ་ཉེས་ཆད་ཤུགས་ཆེ་གཏོང་རྒྱུའི་སྲིད་བྱུས་ལག་བསྟར་འགོ་བཙུགས་ཟིན་སྟབས།...

Latest news

- Advertisement -spot_img