Tibetan Royal Year of 2151 | Year of the Wood Dragon

- Advertisement -spot_img

TAG

བཀའ་ཤག་ནས་བོད་རྒྱ་འབྲེལ་མོལ་ཡོང་རྒྱུར་སྒུག་ནས་བལྟ་མ་བསྡད་པར་འཆར་གཞི་དང་གོ་རིམ་ལྡན་པའི་ཕྱག་ལས་གནང་དགོས་གལ་ཡིན་པ་གསུངས་པ།

བཀའ་ཤག་ནས་བོད་རྒྱ་འབྲེལ་མོལ་ཡོང་རྒྱུར་སྒུག་ནས་བལྟ་མ་བསྡད་པར་འཆར་གཞི་དང་གོ་རིམ་ལྡན་པའི་ཕྱག་ལས་གནང་དགོས་གལ་ཡིན་པ་གསུངས་པ།

༸གོང་ས་མཆོག་གི་ཡུ་རོབ་སྐུ་ཚབ་ཟུར་པ་སྐལ་བཟང་རྒྱལ་མཚན་ལགས་ཀྱིས་བོད་རྒྱ་འབྲེལ་མོལ་མཚམས་ཆད་པ་དེ་གཙོ་བོ་རྒྱ་ནག་ཕྱོགས་ནས་ཆབ་སྲིད་ཀྱི་འདུན་པ་འདངས་ངེས་ཞིག་མ་བྱུང་བའི་རྐྱེན་གྱིས་ཡིན་པ་དེ་ལྟར་ཡང། བོད་མིའི་དབུ་ཁྲིད་ངོས་ནས་ཀྱང་བོད་རྒྱ་འབྲེལ་མོལ་ཡོང་རྒྱུར་སྒུག་ནས་བལྟ་མ་བསྡད་པར། དེའི་ཐད་མིའི་ནུས་ཤུགས་དང་དཔལ་འབྱོར་གྱི་འགྲོ་གྲོན། དེ་བཞིན་དུས་ཚོད་བཅས་ག་ཚོད་བཏང་ཡོད་མེད་སྟོན་རྒྱུ་ཡོད་པ་ཞིག་དགོས་ཀྱི་རེད་ཅེས་གསུངས་འདུག དེའང་ཉེ་ཆར་སྐལ་བཟང་རྒྱལ་མཚན་ལགས་ཡུ་རོབ་སྦེལ་འཇམ་གྱི་རྒྱལ་ས་བར་སིལ་ Brussels ནང་ཚོགས་པའི་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐོག་ཕེབས་པའི་གོ་སྐབས་དང་བསྟུན། Tibetsun དྲ་རྒྱས་ཁོང་ལ་བོད་རྒྱ་འབྲེལ་མོལ་དང་འབྲེལ་བའི་གནད་དོན་ཁག་ཅིག་གི་ཐོག་དམིགས་བསལ་བཅར་འདྲི་ཞུས་པར་ཁོང་གིས་རྒྱ་ནག་གཞུང་གི་ལངས་ཕྱོགས་ཇི་ཡིན་ལ་ལྟོས་མེད། ད་ལྟའི་བཀའ་ཤག་ལ་ཐབས་ཤེས་ཡོད་དགུ་རྩལ་སྤྲུག་གནང་ནན་ཕྱོགས་གཉིས་དབར་གྱི་འབྲེལ་ལམ་བསྐྱར་གསོ་གནང་རྒྱུའི་ཆབ་སྲིད་ཀྱི་འགན་ཞིག་ཡོད་པ་དང། སྐབས་རེ་ཁོང་གི་དགོངས་པར་དེའི་ཐོག་དྭོགས་གཞི་ཞིག་ཡོང་གི་ཡོད་སྐོར་ཡང་གསུངས་འདུག ཁོང་གིས་ཕྱི་ལོ་ ༢༠༡༠ འམ་བོད་རྒྱ་གཉིས་དབར་གྱི་འབྲེལ་ལམ་ཆད་པ་ནས་བཟུང། ད་ལྟའི་བཀའ་ཤག་གིས་རྒྱ་ནག་གི་འགོ་ཁྲིད་གསར་པའི་བསམ་བློ་དང་སྲིད་བྱུས་ལ་བལྟ་ཞིབ་ཁོ་ནའི་འོག་སྒུག་ནས་བསྡོད་རྒྱུའི་སྲིད་བྱུས་ཤིག་འཛིན་བཞིན་པ་དང། བཀའ་ཤག་གི་ངོས་ནས་དུས་ཚོད་དང་ས་ཚིགས་ཅི་འདྲ་ཞིག་ལའང་གྲོས་མོལ་བྱ་རྒྱུའི་གྲ་སྒྲིག་ཡོད་ཅེས་སྤྱི་བསྒྲགས་སྤེལ་རྒྱུ་ཁོ་ནས་ཕྱོགས་གཉིས་དབར་གྱི་འབྲེལ་མོལ་སླར་གསོ་ཐུབ་ཐབས་མེད་སྐོར་འགྲེལ་བརྗོད་གནང་པ་དང་ཆབས་ཅིག  ཐབས་ཤེས་ཡོད་དགུ་རྩལ་སྤྲུག་གནང་པ་ཡིན་ཅེས་བཤད་པ་ཙམ་མ་ཡིན་པར། ཉེ་བའི་ལོ་ཤས་ནང་དེའི་ཐད་མིའི་ནུས་ཤུགས་དང་དཔལ་འབྱོར་གྱི་འགྲོ་སོང། དུས་ཚོད་བཅས་ཇི་ཙམ་བཏང་ཡོད་མེད་སྟོན་རྒྱུ་ཡོད་པ་ཞིག་གནང་དགོས་ཀྱི་རེད་ཅེས་གསུངས་འདུག སྐལ་བཟང་རྒྱལ་མཚན་ལགས་སུ་ད་ལྟའི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་དུས་ནས་དུས་སུ་རྒྱ་ནག་གི་སྲིད་འཛིན་ཞི་ཅིང་ཕིང་གི་ལས་ཡུན་གཉིས་པའི་སྐབས་གཞི་ནས་བོད་རྒྱ་འབྲེལ་མོལ་ཐོག་འགྱུར་བ་ཞིག་ཡོང་སྲིད་སྐོར་འགྲེལ་བརྗོད་གནང་པར་དགོངས་ཚུལ་གང་ཡོད་བཅར་འདྲི་ཞུས་པར་ཁོང་གིས་རེ་བ་གཅིག་པོས་ད་ལྟའི་གནས་སྟངས་ལ་འགྱུར་བ་ཡོང་ཐུབ་ཐབས་མེད་པ་དང། བོད་ཀྱི་གནད་དོན་སེལ་རྒྱུའི་འགན་འཁྲི་གཙོ་བོ་དེ་བོད་མིར་མ་གཏོགས་རྒྱ་ནག་དང་རྒྱལ་སྤྱིའི་ཚོགས་སྡེ་ཁག་ལ་མེད་སྟབས། བོད་མིའི་དབུ་ཁྲིད་ནས་དེའི་ཐད་འཆར་གཞི་དང་གོ་རིམ་ལྡན་པའི་ཕྱག་ལས་གནང་སྟེ་རྒྱལ་སྤྱིའི་ཁྲོད་བོད་རྒྱ་འབྲེལ་མོལ་ཆེད་ཉེར་མཁོའི་ཆབ་སྲིད་ཀྱི་ཁོར་ཡུག་ཞིག་བསྐྲུན་དགོས་པར་འགྲེལ་བརྗོད་གནང་འདུག བཀའ་ཤག་གིས་འབྲེལ་མོལ་གྱི་སྐུ་ཚབ་ཚོགས་ཆུང་ཞིག་བཙུགས་ཏེ་ད་ལྟའི་གནས་སྟངས་ལ་ཞིབ་འཇུག་དང། འབྲེལ་ཡོད་མི་སྣ་ཆེད་འཛུགས་བརྒྱུད་ཕྱོགས་གཉིས་ཀྱི་འབྲེལ་མོལ་བསྐྱར་གསོ་ཡོང་ཐབས་ཀྱི་འཆར་གཞི་དང་ཐབས་བྱུས་སྤུངས་དགོས་གལ་དང། དེ་ལྟ་བུའི་ཚོགས་ཆུང་ནང་བཀའ་ཟུར་བཀྲ་ཤིས་དབང་འདུས་ལགས་དང་། བཀའ་ཟུར་བསྟན་པ་ཚེ་རིང་ལགས་ལྟ་བུའི་ཤེས་ཡོན་དང་ཕྱི་འབྲེལ་གྱི་ཉམས་མྱོང་ལྡན་པའི་མི་སྣ་དང་གཞོན་སྐྱེས་སྲི་ཞུ་བ་དང་། ལས་བྱེད་གཞན་མང་པོ་ཡོང་དགོས་ཀྱི་རེད་ཅེས་གསུངས་ཡོད་པ་རེད། དེ་བཞིན་ཁོང་དེ་སྔ་རྒྱ་རི་བློ་གྲོས་རྒྱལ་མཚན་མཆོག་དང་ལྷན་རྒྱས་༸གོང་ས་མཆོག་གི་༸སྐུ་ཚབ་ཀྱི་ངོ་བོའི་ཐོག་ནས་རྒྱ་ནག་དང་བོད་དུ་ཆེད་ཕེབས་སྐབས་རྒྱ་ནག་གི་འགོ་ཁྲིད་ཚོའི་རྣམ་འགྱུར་དང་བསམ་བློའི་འཁྱེར་གསོ་བཅས་ཀྱི་མྱོང་ཚོར་དང་འབྲེལ་ཡོད་ཐད་བཅར་འདྲི་ཞུས་པར་ཁོང་གིས་རྒྱ་ནག་གི་འགོ་ཁྲིད་ཚོས་བོད་ནང་གི་བོད་མི་ཚོའི་བདེ་སྡུག་ངོ་མ་ཇི་ཡིན་དང།...

Latest news

- Advertisement -spot_img