Tibetan Royal Year of 2151 | Year of the Wood Dragon

- Advertisement -spot_img

TAG

འཇར་མན་སྦྲག་ཁང་ནས་༸གོང་ས་མཆོག་གི་༸སྐུ་དཔར་འཁོད་པའི་སྦྲག་རྟགས་བཀག་སྡོམ་བྱས་འདུག

འཇར་མན་སྦྲག་ཁང་ནས་༸གོང་ས་མཆོག་གི་༸སྐུ་དཔར་འཁོད་པའི་སྦྲག་རྟགས་བཀག་སྡོམ་བྱས་འདུག

འཇར་མན་སྦྲག་ཁང་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུ་པར་འཁོད་པའི་སྦྲག་རྟགས་གསར་བསྐྲུན་བྱ་རྒྱུ་བཀག་སྡོམ་བྱས་འདུག   དེ་ཡང་འདི་ལོ་ནང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ དགུང་གྲངས་ ༨༠ ཕེབས་པ་དང་བསྟུན། འཇར་མ་ནི་རྒྱལ་ཡོངས་ནང་༸སྐུའི་གྱ་སྟོན་གྱི་འཁྲུངས་སྐར་སྲུང་བརྩི་ཞུ་སླད་༸གང་ཉིད་ཀྱི་༸སྐུ་པར་འཁོད་པའི་སྦྲག་རྟགས་ཤིག་གསར་བཟོ་ཞུས་ནས་འཚམས་འདྲི་དང་སྦྲགས། ༸གོང་ས་མཆོག་གི་༸སྐུ་པར་འཁོད་པའི་སྦྲགས་རྟགས་ཤིག་བཟོ་བསྐྲུན་གནང་ཡོད་ཀྱང།  ཁ་སང་ Die Welt ཞེས་ཁུལ་དེའི་ཉིན་རེའི་གསར་སྤེལ་ཁང་གི་དྲ་ཚིག་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། འཇར་མ་ནི་སྦྲག་ཁང་ནས་བཟོ་བསྐྲུན་ཞུས་བཞིན་པའི་ཕྱི་ཚོང་དང་འབྲེལ་བའི་སྦྲག་རྟགས་ཁག་གི་ཐོག་ལ། ཆབ་སྲིད་དང་འབྲེལ་བའི་པར་རིས་དང་ཡི་གེ་རིགས་བཀོད་མི་ཆོག་པའི་སྒྲིག་གཞི་གསར་བཟོ་བྱས་སྟབས།  དེ་སྔ་ཟླ་བ་བདུན་པའི་ནང་བཟོ་བསྐུན་ཞུས་པའི་༸གོང་ས་མཆོག་གི་༸སྐུ་པར་འཁོད་པའི་སྦྲག་རྟགས་དེ་ཟླ་བ་སྔོན་མའི་ཕྱི་ཚེས་ ༢༤ ཉིན་ནས་བཟུང་བཀག་སྡོམ་བྱས་པ་བཀོད་འདུག འོན་ཀྱང་ཁུལ་དེའི་ནང་རྟེན་གཞི་བྱས་པའི་བོད་དོན་རྒྱབ་སྐྱོར་བ་དང་། ཚོགས་པ་ཁག་ཅིག་ནས་གནད་དོན་དེ་ནི་སྒྲིག་གཞི་འགྱུར་བ་ཐེབས་གཞི་མིན་པར་རྒྱ་ནག་དང་ཚོང་ལས་སོགས་ཀྱི་འབྲེལ་ལམ་ལ་དོ་ཕོག་མི་ཡོང་བ་དང་། དེའི་རྒྱབ་ཏུ་རྒྱ་གཞུང་གི་ལག་འབྲེལ་ཡོད་སྐོར་འགྲེལ་བརྗོད་བྱས་འདུག་པ་མ་ཟད། ཁུལ་དེའི་ནང་རྟེན་གཞི་བྱས་པའི་ས་གནས་ཀྱི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་སྐུ་ཞབས་ Kia Muller ལགས་ཀྱིས་འཇར་མན་སྦྲག་ཁང་ནས་འགྲེལ་བརྗོད་བྱས་བཞིན་པ་དེའི་རྒྱབ་ཏུ་རྒྱ་གཞུང་གིས་གནོན་ཤུགས་ཡོད་པ་མངོན་གསལ་རེད་གསུངས་པ་དང་ཆབས་ཅིག སྦྲག་ཐོག་ལས་ཁང་དེ་ནས་༸གོང་ས་མཆོག་ཙམ་མ་ཡིན་པར། ཡི་ཤུའི་བླ་ཆེན་...

Latest news

- Advertisement -spot_img