Tibetan Royal Year of 2151 | Year of the Wood Dragon

- Advertisement -spot_img

TAG

རྒྱལ་སྤྱིའི་བོད་རང་བཙན་ཚོགས་ཆེན་ཐོག་བོད་མིའི་བཅའ་ཁྲིམས་ནང་ཆབ་སྲིད་ཚོགས་པའི་ལམ་ལུགས་གཏན་འབེབས་དགོས་པའི་སྤྱི་མོས་ཀྱིས་གྲོས་ཆོད་བཞག་འདུག

པེ་རིས་ནང་དུ་རྒྱལ་སྤྱིའི་བོད་རང་བཙན་ཚོགས་ཆེན་ཐེངས་བཞི་པ་འཚོགས་བཞིན་འདུག

བོད་རིགས་རང་བཙན་འཐབ་རྩོད་པ་ཁག་ཅིག་གིས་གོ་སྒྲིག་འོག་ཡོ་རོབ་ཧྥ་རན་སི་རྒྱལ་ས་པེ་རིས་ནང་དུ་ཁ་སང་ཕྱི་ཚེས་ ༢༡ ནས་ཉིན་གསུམ་རིང་ལ་རྒྱལ་སྤྱིའི་བོད་རང་བཙན་ཚོགས་ཆེན་ཐེངས་བཞི་པ་དེ་བཞིན་འཚོགས་བཞིན་འདུག ཚོགས་ཆེན་ཐོག་ལ་ཁྱོན་མི་གྲངས་ ༡༤༠ ཙམ་ཚོགས་བཅར་ཞུས་འདུག་པ་ལས་བོད་མིའི་གནད་ཡོད་མི་སྣའི་ཁོངས་སྤྱི་འཐུས་འཇུ་ཆེན་དཀོན་མཆོག་ལགས་དང་སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་ལགས། སྤྱི་འཐུས་བསྟན་པ་ཡར་འཕེལ་ལགས་སོགས་ཕེབས་འདུག་པ་དང། ཚོགས་ཆེན་གྱི་སྐུ་མགྲོན་གཙོ་བོར་སྤྱི་འཐུས་ལྷ་རྒྱ་རི་རྣམ་རྒྱལ་སྒྲོལ་དཀར་ལགས་ཕེབས་འདུག དེ་དེ་བཞིན་ཚོགས་ཆེན་གོ་སྒྲིག་གནང་མཁན་ནས་ཤར་ཏུར་ཀིས་ཐན་རང་བཙན་འཐབ་རྩོད་པ་ Dolkun Isa ལགས་དང་རྒྱ་རིགས་མང་གཙོ་དོན་གཉེར་བ་ Dr Xu Pei ལགས། གཞན་ཡང་སོག་པོ་དང་ཐེ་ཝན་སོགས་ནས་མང་གཙོ་དོན་གཉེར་བ་དང་བོད་རང་བཙན་ཐོག་རྒྱབ་སྐྱོར་གནང་མཁན་མི་སྣ་ཁ་ཤས་ཀྱང་གདན་འདྲེན་ཞུས་འདུག སྐུ་མགྲོན་གཙོ་བོ་སྤྱི་འཐུས་ལྷ་རྒྱ་རི་རྣམ་རྒྱལ་སྒྲོལ་ལགས་ནས་ཁ་སང་ཚོགས་ཆེན་དབུ་འབྱེད་མཛད་སྒོའི་སྟེང་གཞིས་ལུས་བོད་མི་ཚོས་ཉེན་ཁ་ལ་མ་འཛེམས་པར་སྙིང་སྟོབས་ཆེན་པོས་བློས་གཏོང་གནང་ནས་འཐབ་རྩོད་གནང་བཞིན་པ་ལ་རྗེས་དྲན་ཞུས་པ་དང་ཆབས་ཅིག རང་བཙན་རྩོད་རྒྱུ་ནི་འཐབ་རྩོད་ཀྱི་སྙིང་པོ་ཡིན་པ་སོགས་གསུངས་འདུག གཞན་ཡང་ཤར་ཏུར་སི་ཐན་གྱི་རང་བཙན་འཐབ་རྩོད་པ་གྲགས་ཅན་སྐུ་ཞབས་ Dolkun Isa ལགས་ནས་ཚོགས་ཆེན་གྱི་ཉིན་དང་པོའི་ཐོག་མ་འོངས་པའི་ཤར་ཏུར་ཀིས་ཐན་རང་བཙན་སྐོར་དང་། རྒྱ་ནག་དམར་ཤོག་ལ་ཁ་གཏད་དང་གདོང་ལེན་གནང་ཆེད་མཐུན་ཕྱོགས་འཐབ་རྩོད་པ་ཚོའི་མཉམ་རུབ་ཀྱི་ནུས་པ་ཇེ་མཐོར་སྤེལ་གལ་སྐོར་ལ་གསུང་བཤད་གནང་འདུག ཉིན་གསུམ་གྱི་ཚོགས་ཆེན་ལས་ཚོགས་ཆེན་དངོས་གཞི་སྐབས་སུ་ཚོགས་བཅར་བ་རྣམས་ནས་ད་ལྟའི་རྒྱལ་སྤྱི་དང་རྒྱ་ནག་གི་སྲིད་བྱུས་གནས་བབས་ལ་གཞིགས་པའི་བོད་རང་བཙན་རྩོད་ལེན་གནང་ཕྱོགས། བོད་རང་བཙན་གྱི་འཐབ་རྩོད་དེ་གོང་འཕེལ་གཏོང་ཐབས། རང་བཙན་འཐབ་རྩོད་པ་མཉམ་གནས་ཡོང་ཐབས། རང་སྲེག་གི་གནད་དོན།...

རྒྱལ་སྤྱིའི་བོད་རང་བཙན་ཚོགས་ཆེན་ཐོག་བོད་མིའི་བཅའ་ཁྲིམས་ནང་ཆབ་སྲིད་ཚོགས་པའི་ལམ་ལུགས་གཏན་འབེབས་དགོས་པའི་སྤྱི་མོས་ཀྱིས་གྲོས་ཆོད་བཞག་འདུག

ནིའུ་ཡོག་གྲོང་ཁྱེར་དུ་ཚོགས་པའི་རྒྱལ་སྤྱིའི་བོད་རང་བཙན་ཚོགས་ཆེན་ཐེངས་གསུམ་པའི་ཐོག་རང་བཙན་འཐབ་རྩོད་རྒྱུན་གནས་ཡོང་ཆེད་ཀྱི་གྲོས་ཆོད་དོན་ཚན་དྲུག་གཏན་འབེབས་དང་སྦྲགས། མ་འོངས་པར་བཅའ་ཁྲིམས་ནང་ཆབ་སྲིད་ཚོགས་པའི་ལམ་ལུགས་གཏན་འབེབས་དགོས་པའི་དགོས་འདུན་བཏོན་གནང་འདུག དེ་ཡང་ཟླ་བ་འདིའི་ཚེས་ ༡ ནས་ ༣ བར་ཨ་རིའི་ནིའུ་ཡོག་གྲོང་ཁྱེར་དུ་རྒྱ་གར་དང་ཡོ་རོབ། ཁེ་ན་ཊ་བཅས་ནས་རང་བཙན་དོན་གཉེར་བ་ ༡༠༠ ལྷག་ལྷན་འཛོམས་ཀྱིས་ཚོགས་པའི་རྒྱལ་སྤྱིའི་བོད་རང་བཙན་ཚོགས་ཆེན་དེ་ཁ་སང་མཇུག་སྒྲིལ་གནང་ཡོད་པ་རེད། ཐེངས་འདིའི་ཚོགས་ཆེན་ཐོག་སྲིད་དོན་ཚོགས་པའི་ལམ་ལུགས་མེད་ན་ཆོལ་ཁའི་དཀའ་རྙོག་དེ་འཕྲད་ངེས་ཡིན་པ་དང་། དེ་ཡང་གཞུང་འཛིན་དང་ཕྱོགས་འགལ་ཚོགས་པ་གཉིས་ཅན་གྱི་ལམ་ལུགས་ཤིག་མེད་རྐྱེས་འོས་བསྡུའི་གོ་སྐབས་འདྲ་མཉམ་དང་གཞུང་འཛིན་ནུས་པ་ཅན་ཞིག་ཡོང་དཀའ་བའི་གནས་ཡིན་པ་དང་། ༢༠༡༦ ལོའི་འོས་བསྡུའི་ལས་རིམ་ནང་གསལ་པོ་བྱུང་ཡོད་སྟབས། མ་འོངས་པར་ངེས་པར་དུ་བོད་མིའི་བཅའ་ཁྲིམས་ནང་ཆབ་སྲིད་ཚོགས་པའི་ལམ་ལུགས་གཏན་འབེབས་དགོས་པའི་སྤྱི་མོས་ཀྱིས་གྲོས་ཆོད་བཞག་འདུག་པ་དེའང་འོས་བསྡུའི་སྒྲིག་གཞི་བསྐྱར་བཅོས་ཚོགས་ཆུང་ལ་འབུལ་རྒྱུ་རེད་འདུག ཚོགས་ཆེན་དེའི་ཐོག་གཞན་ཡང་བོད་དང་ཤར་ཏུར་ཀི་སི་ཐན། དེ་བཞིན་ལྷོ་སོག་གསུམ་མཉམ་སྦྲེལ་གནའ་མཐུན་གྱིས་སོ་སོའི་བདག་དབང་སླར་གསོ་གནང་ཆེད་གོམ་པ་མདུན་བསྐྱོད་བྱ་རྒྱུ་དང་། བོད་རིགས་ན་གཞོན་རྣམས་ལ་བོད་ཀྱི་སྐད་ཡིག་དང་རྒྱལ་རབས་སོགས་སློབ་འཁྲིད་ཀྱིས་རྒྱལ་ཞེན་རིང་ལུགས་ཀྱི་བསམ་སྤྱོད་གོང་སྤེལ་བྱ་རྒྱུ་དང་། ལྷག་དོན་རྒྱལ་ཁབ་གཞན་གྱི་གྲོས་ཚོགས་འཐུས་མི་དང་དཔོན་རིགས་མི་མང་བཅས་ལ་བོོད་རང་བཙན་ཁུངས་སྐྱེལ་གྱི་དཔེ་དེབ་འགྲེམས་སྤེལ་གང་མང་ཞུ་རྒྱུ་མ་ཟད། མ་འོངས་པར་རྒྱ་ནག་ལ་འགྱུར་བ་བྱུང་སྐབས་གོ་སྐབས་དམ་འཛིན་ཐུབ་པའི་ལས་འཆར་ཁག་བཀོད་སྒྲིག་གནང་རྒྱུ་སོགས་ལས་དོན་སྣ་མང་གཉེར་རྒྱུ་རེད་འདུག གཞི་རྩའི་རྒྱལ་སྤྱིའི་བོད་རང་བཙན་ཚོགས་ཆེན་ཐེངས་དང་པོ་དེ་རྡ་རམ་ས་ལར་སྐོང་ཚོགས་གནང་པ་དང་། ཐེངས་གཉིས་པ་དེ་སྔ་ལོ་ ༢༠༡༦ ཕྱི་ཟླ་ ༥ ཚེས་ ༢༣...

Latest news

- Advertisement -spot_img