Tibetan Royal Year of 2151 | Year of the Wood Dragon

- Advertisement -spot_img

TAG

རྩོམ་པ་པོ་སྒྲོལ་མ་སྐྱབས་ལགས་རྒྱ་གཞུང་གི་བཙོན་ལས་གློད་བཀྲོལ་བཏང་འདུག

རྩོམ་པ་པོ་སྒྲོལ་མ་སྐྱབས་ལགས་རྒྱ་གཞུང་གི་བཙོན་ལས་གློད་བཀྲོལ་བཏང་འདུག

ལྷིང་འཇགས་མེད་པའི་ཧི་མ་ལ་ཡ་ཞེས་པའི་ཕྱག་དེབ་ལྗག་རྩོམ་གནང་མཁན་བོད་མི་ཆབ་སྲིད་བཙོན་པ་སྒྲོལ་མ་སྐྱབས་ལགས་རྒྱ་གཞུང་གིས་ལོ་ ༡༠ ལྷག་བཙོན་འཇུག་བྱས་རྗེས། ད་ཆ་ལུས་པོའི་གནས་སྟངས་ཆེས་ཞན་པའི་འོག་བཙོན་གྲོལ་བཏང་ཡོད་པ་རེད། སྒྲོལ་མ་སྐྱབས་ལགས་ནི་མདོ་སྨད་ཨ་རིག་སྟེ། ད་ལྟ་རྒྱ་གཞུང་གིས་དབྱེ་བའི་མཚོ་སྔོན་ཞིང་ཆེན་མཚོ་བྱང་ཁུལ་མདོ་ལ་རྫོང་འབྲོང་ལུང་སྡེ་བ་ནས་ཡིན་པ་དང། སློབ་གྲྭ་མཐོན་རྗེས་མདོ་ལ་རྫོང་སློབ་འབྲིང་དུ་དགེ་རྒན་གྱི་ཕྱག་ལས་གནང་མྱོང་ཡོད་པ་མ་ཟད། རྗེས་སུ་པེ་ཅིང་སློབ་ཆེན་དུ་ཞིབ་འཇུག་སློབ་མའི་སྡེ་ཁག་ཏུ་སློབ་གཉེར་གནང་ཡོད་འདུག ༢༠༠༣ ལོར་རྒྱ་གར་ནང་ཕེབས་ནས་ཤེས་རབ་དགའ་འཚལ་སློབ་གླིང་དུ་དབྱིན་ཡིག་སྦྱོང་ཞོར་དུ་ལྷིང་འཇགས་མེད་པའི་ཧི་མ་ལ་ཡ་ ཞེས་པའི་ཕྱག་དེབ་དེ་རྒྱ་ཡིག་ཐོག་ལྗག་རྩོམ་གནང་འདུག དེ་རྗེས་ཕྱི་ལོ་ ༢༠༠༤ ལོར་བོད་དུ་ཕྱིར་ལོག་སྟེ་ལྷ་ས་གྲོང་ཁྱེར་གྱི་སློབ་འབྲིང་ཞིག་ནང་དགེ་རྒན་གྱི་ཕྱག་ལས་དང་ལས་ཞོར་དུ་བོད་ཀྱི་ས་ཁམས་ལོ་རྒྱུས་ཀྱི་ཕྱག་དེབ་རྩོམ་བྲིས་གནང་མགོ་བཙུགས་པའི་ཁྲོད། ༢༠༠༥ ལོའི་ཕྱི་ཟླ་ ༣ ཚེས་ ༩ ཉིན་ཁོང་ལ་ཆབ་སྲིད་ཀྱི་ཉེས་མིང་འོག་འཛིན་བཟུང་བྱས་རྗེས་ལོ་ ༡༠ ལྷག་རིང་བཙོན་འཇུག་གི་ཁྲིམས་ཐག་བཅད་པ་ཞིག་ཡིན་པ་རེད། ཁོང་གིས་འཛམ་གླིང་རྒྱལ་ཚོགས་ལ་ཕྱག་བྲིས་ཤིག་ཕུལ་ཡོད་པའི་ནང་ཁོང་གིས་ཁྲིམས་འགལ་གྱི་ཕྱག་ལས་གང་ཡང་གནང་མྱོང་མེད་མ་ཟད། དེ་བས་ཀྱང་ནག་ཉེས་གང་ཡང་བསགས་མེད་ཀྱང། རྒྱ་གཞུང་གིས་ཁོང་ལ་མ་ཉེས་ཁག་གཡོགས་བྱས་ཡོད་སྐོར་གསུངས་ཡོད་འདུག...

Latest news

- Advertisement -spot_img